type
status
date
slug
summary
tags
category
icon
password
notion image
འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་པོའིཞལ་ནས། བཤེས་གཉེན་ལ་མ་གུས་པ་ནསབདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པ་དང་། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བླ་ོསྣ་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང་། ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསུངས།
妙音怙主东宗喀巴大师说:"惟愿加持,从不恭敬善知识起,乃至执着二种我相所有一切颠倒分别,速当灭除。从恭敬善知识起,乃至通达无我真实,所有一切无颠倒心,速当发起,及其内外一切障缘,悉当寂灭。"
མཆན་འགྲེལ་མདོར་བསྡུས། རྗེ་བླ་མས་གསུངས་པའི་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་འདི་ཚིག་ཉུང་དོན་འདུས་ཞིག་སྟེ། འདིའི་ནང་དུ་ལམ་གྱི་རིམ་པ་ཆ་ཚང་ཞིག་འདུ་བའི་ཕྱིར་རོ།།
注解:至尊上师所写的这种以三大事祈请之理,真乃言简意赅,因这几句已总摄完整的修道次第之故。
དོན་ཆེན་པོ་གསུམ་ནི། ༼༡༽བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་འགག་པ།༼༢༽བཤེས་གཉེན་ལ་གུས་པ་སོགས་ཕྱིན་ཅི་མ་ལོག་པའི་བླ་ོསྣ་སྐྱེ་བ།༼༣༽ཕྱི་ནང་གསང་བའི་བར་ཆད་མཐའ་དག་ཞི་བ་གསུམ་མོ།།
三大事,即三件大事:(1)断除不恭敬善知识等颠倒心。(2)生起恭敬善知识等不颠倒心。(3)息灭内、外、秘密障碍。
དང་བོ། ཕྱིན་ཅི་ལོག་གི་བློ་སྣ་ཞེས་པ་ནི་གང་དག་ཡིན་ཞེ་ན། ༼༡༽བཤེས་གཉེན་ལ་མི་གུས་པ།༼༢༽དལ་འབྱོར་ཆུད་གཟོན་པ།༼༣༽འཆི་བ་མི་དྲན་པ།༼༤༽ཚེ་འདིའི་བདེ་ཐབས་ཙམ་བསྒྲུབ་པ།༼༥༽ངན་འགྲོར་མི་འཇིགས་པ།༼༦༽ཡང་དག་པའི་སྐྱབས་མི་འཚོལ་བ།༼༧༽ལས་འབྲས་མི་སེམས་པ།༼༨༽བླང་དོར་ལོག་པར་བསྒྲུབ་པ།༼༩༽འཁོར་བ་བདེ་བར་འཛིན་པ།༼༡༠༽འཁོར་བའི་རྒྱུ་ལས་ཉོན་སྤེལ་བ།༼༡༡༽ཐར་བར་མི་སྤྲོ་བ།༼༡༢༽བསླབ་པ་གསུམ་མི་བསྟེན་པ།༼༡༣༽མར་གྱུར་འགྲོ་བ་རྣམས་ཡལ་བར་འདོར་བ།༼༡༤༽རང་ཉིད་ཁོ་ན་གཅེས་པར་འཛིན་པ།༼༡༥༽ཆོས་ཐམས་ཅདབདག་གཉིས་སུ་མངོན་པར་ཞེན་པ།༼༡༦༽གསང་སྔགས་ལ་མི་མོས་པ་རྣམས་སོ།།
དེ་དག་ངོས་ཟིན་པ་ན། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་མི་ལྡོག་པའི་དད་གུས་དང་བཅས། ཕྱིན་ཅི་ལོག་གི་བློ་སྣ་འདི་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་འདེབས་པའོ།།
一、颠倒心:即(1)不恭敬善知识。(2)不珍惜暇满人身。(3)不思维死亡无常。(4)仅求现实利乐。(4)不畏惧恶趣之苦。(6)不寻求不欺诳的依处。(7)不思索因果之理。(8)颠倒取舍。(9)妄执轮回为安乐。(10)轮回之因业惑使其任意增长。(11)无心追求解脱。(12)不习修三学。(13)舍弃一切如母众生。(14)过度自惜。(15)一切所知妄执为二种我相。(16)不信密法。认清这些是颠倒之心后,以极为虔诚之心极力祈祷上师本尊三宝 ,祈求加持,所有这些颠倒之心,在我相续中速当断除。
གཉིས་པ། ཕྱིན་ཅི་མ་ལོག་པའི་བློ་སྣ་ཞེས་པ་གང་དག་ལ་བྱེད་ཅེ་ན། ༼༡༽བཤེས་གཉེན་ལ་དད་གུས།༼༢༽དལ་འབྱོར་ལ་སྙིང་བོ་ལེན་འདོད་པ།༼༣༽འཆི་བ་རྗེས་སུ་དྲན་པ།༼༤༽ཚེ་འདིའི་འདུན་མ་བསྐྱུངས་པ།༼༥༽ངན་སོང་གི་འཇིགས་པ་དྲན་པ།༼༦༽དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ།༼༧༽ལས་འབྲས་བསམས་པ།༼༨༽བླང་དོར་ཚུལ་བཞིན་བསྒྲུབ་པ།༼༩༽འཁོར་བའི་སྐྱོན་མཐོང་བ།༼༡༠༽ལས་ཉོན་སྤོང་བར་འདོད་པ།༼༡༡༽ཐར་བ་དོན་དུ་གཉེར་བ།༼༡༢༽རྣམ་དག་བསླབ་གསུམ་བསྟེན་པ།༼༡༣༽མ་རྣམས་གཅེས་པར་འཛིན་པ།༼༡༤༽རང་ཉིད་ཡལ་བར་འདོར་བ།༼༡༥༽བདག་མེད་པའི་དོན་མཐོང་བ།༼༡༦༽སྔགས་ལ་བློ་མོས་པརྣམས་སོ།།
འདི་དག་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླ་བ་ཏུ་གསོལ་ཞེས་བླ་མ་ཡི་དམ་དཀོན་མཆོག་གས་ལ་གསོལ་བ་དྲག་ཏུ་འདེབས་དགོས།
二、不颠倒心,即:(1)恭敬善知识。(2)勤取暇满人身之心要。(3)思维死亡无常。(4)减少追求现实的利益而忙碌。(5)思维恶趣之苦。(6)真心皈依三宝。(7)坚信因果。(8)如理取舍。(9)正视轮回之过。(10)立志断除业惑。(11)真心寻求解脱。(12)修学清净三学。(13)惜爱一切如母众生。(14)舍弃过分自私。(15)证求无我真实。(16)敬信清净密乘。
向上师本尊三宝极力祈求加持,这些无颠倒之心,于我相续中速当生起。
གསུམ་པ། ཕྱི་ནང་གསང་བའི་བར་ཆད་ཅེས་པ་གང་ལ་ངོས་འཛིན་ཞེ་ན། ༼༡༽ཕྱིའི་བར་ཆད་ནི། དཔེར་ན་རང་ཉིད་ཡོད་སའི་རྒྱལ་བོ་སོགས་ཀྱིས་རྒྱལ་ཁབ་ཚུལ་བཞིན་མི་སྐྱོང་བ་དང་། འཐབ་རྩོད་འཁྲུགས་ལོང་རྒོད་པ་སོགས་ཕྱིའི་ཁོར་ཡུག་གི་ཆ་ནས་ཆོས་བསྒྲུབ་པའི་བར་ཆད་དུ་འགྱུར་བ་རྣམས་ལ་བའོ།།༼༢༽ནང་གི་བར་ཆད་ནི། ནད་གདོན་སྡིག་སྒྲིབ་སོགས་ལ་གོ་དགོས། ༼༣༽གསང་བའི་བར་ཆད་ནི། རང་བཞིན་གྱིས་དམ་པའི་ཆོས་ལ་མི་དད་པ་དང་རྒྱུད་འདུལ་དཀའ་བ་སོགས་ལ་བྱེད་དོ།།
བར་ཆད་འདི་དག་རང་གི་དད་སྟོབས་དང་བླ་མ་ཡི་དམ་དཀོན་མཆོག་གསུམ་གྱིས་བྱིན་རླབས་ལ་བརྟེན་ནས་ཉེ་བར་ཞི་བར་མཛད་དུ་གསོལ་བ་འདེབས་དགོས་སོ།།
三、内、外、秘密障碍:(1)譬如自己所在的国王不如法治国,或者多发生战乱等障碍修法的外在环境因缘,称之为"外障碍。"(2)所谓内障碍,是指如因四大失调、或者鬼魅作祟而患病失去身体的健康、由于贪嗔痴等烦恼扰乱情绪等障碍修法的内在法。(3)秘密障碍,是指为不信受正法、或者顽固不化等。
祈愿这些所有一切修法的障碍,依靠自心的信受之力,以及上师本尊三宝的力量,悉当寂灭。
བཛྲ་ཚུལ་ཁྲིམས་རྒྱ་མཚོས།
~~班之迩•慈智加措
2013年8月16日于圣地拉卜楞寺。
notion image
རྡོ་རྗེ་འཆང་ཐུང་མ། སྒྲ། 达波噶举传承祈请文菩提道次第摄修求加持颂 | 章嘉大师
Loading...