六曼荼罗仪轨(Toh 2906)

出处与说明

德格《丹珠尔》nu 函,Toh 2906,278a.1–297b.3。

原文 ↗

藏文据固定版本 Esukhia 德格数字转录。AI 辅助中译及分段对读。

译文依供稿刊录。仪轨所述效验为文献记载,涉及有毒材料、烟熏或接触人体的做法不宜尝试。

291a.1、291a.3 关于焚烧有害物的混合供料,仅译仪类及代像处置;别处提到的猛业、忿怒相、咒字、色料和作业所缘像均依其仪文分别翻译。

咒文的拉丁转写据本段藏字校读,中文为音译。

༄༅༅། །རྒྱ་གར་སྐད་དུ། ཥ་ཊ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་དྲུག་གི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཆུ་ཀླུང་ངམ་ནགས་ཚལ་ལམ་ཆུ་བོའི་འགྲམ་མམ་རི་སུལ་ལམ་ཕུག་གམ་ཡིད་དང་མཐུན་པ་ཡུལ་དབེན་པ་བས་མཐའི་དགོན་པར་སློབ་དཔོན་གཙུག་ལག་ལ་མཁས་པ་ཆོས་ལ་དགའ་བ་བསླབ་པ་བསྲུང་བ་འགྲོགས་ན་བདེ་བ་སྙིང་རྗེ་ཅན། དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ། དཀྱིལ་འཁོར་ལ་སོགས་པའི་ལས་ལ་དགའ་བ་བྱ་བ་ཉུང་ཞིང་འདོད་ཞེན་ཆུང་བ། རིག་སྔགས་ཀྱི་འབྲས་བུ་རྨི་ལམ་གྱི་རྟགས་དང་དངོས་གྲུབ་ཐོབ་པ་དང་། སྒྲུབ་པའི་གྲོགས་པོ་རིགས་བཙུན་པ། ཆོས་སྤྱོད་པ་དད་པ་ཅན། སེམས་སྟོབས་ཆེ་ཞིང་བརྩོན་འགྲུས་ཅན། བདེན་པར་སྨྲ་ཞིང་རིམ་གྲོ་ཅན། གཟུགས་ཧ་ཅང་མི་རིང་མི་ཐུང་བ། མི་སྦོམ་ཞིང་མི་སྐམ་པ། སྔོ་བསངས་སྡུག་བསྔལ་བཟོད་ཅིང་བརྟན་པ། གསང་སྔགས་ཟློས་ཤིང་དམ་ཚིག་ཤེས་པ། བསམ་པ་བཟང་ཞིང་མི་སྐྱོ་བ་གཞན་གྱིས་བྲིད་ཀྱང་འཕགས་པའི་ཚུལ་མི་གཏོང་བའི་གྲོགས་དང་ལྷན་ཅིག་ཏུ་མཎྜལ་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། རབ་ཏུ་དྲི་ཞིམ་པོའི་མེ་ཏོག་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་སྦྱར་བའི་སྤོས་དང་། གུར་གུམ་ལ་སོགས་པའི་དྲི་དང་། སྨན་གྱི་རྡོག་གུ་ཐམས་ཅད་དང་། ཁ་བ་དང་ཚ་བ་དང་། བྲོ་བ་དག་ཐམས་ཅད་ཀྱང་འབྲས་ཆན་དང་ལྡན་པ་རྡོ་རྗེའི་རིགས་ལ་དབུལ་བར་གསུངས་སོ། །དེ་ལྟར་སྒྲུབ་པའི་ཡན་ལག་གི་རྫས་བསྟན་ནས། སྒྲུབ་པའི་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་བསྟན་པ་ནི། སངས་རྒྱས་ཀྱི་གཟུགས་བརྙན་དང་ཕྱག་རྒྱ་དང་དམན་མ་ལ་མི་བགོམ། འབྲུ་མར་གྱིས་ལུས་མི་བསྐུ། ལ་ཕུག་དང་སྒོག་པ་དང་། ཚྭ་དང་སྐྱུར་པོ་དྲི་མི་ཞིམ་པ་རྣམས་མི་བཟའ། རྫུན་དང་ཕྲ་མ་དང་། ངག་འཁྱལ་པ་རྣམས་མི་སྨྲ། གླུ་དང་གད་མོ་དང་རྩེད་མོ་དང་རྟ་གད་རྣམས་མི་བྱ། དོན་མེད་པའི་གཏམ་དང་མུ་སྟེགས་ཅན་དང་རྩོད་པ་མི་བྱ། གདོལ་པ་དང་མ་རབས་དང་ཁ་ཤགས་མི་བྱ། ལྷ་དང་དྲང་སྲོང་རྣམས་ལ་ཞེ་སྡང་གི་སེམས་མི་བསྐྱེད། སྔགས་རང་བཟོར་མི་བྱ། ངན་པ་རྣམས་ལ་མི་བརྙས་བླ་མ་དང་རྡོ་རྗེ་སྤུན་ལ་ཞེ་སྡང་གིས་མི་སྨད། མཐུ་རྒྱས་མི་བྱའོ། །དེ་ལྟར་སྒྲུབ་པའི་ཡན་ལག་བསྟེན་ནས། ལུས་ཀྱི་ཀུན་དུ་སྤྱོད་པ་ནི་ཐུན་གསུམ་དུ་ཁྲུས་བྱས་ཏེ། ཨོཾ་ཧཱུཾ་ཧ་ན་བཛྲ་ཎི་ཧ་ས་ལན་འགའ་བཟླས་ནས་རོ་སྟོད་དང་རོ་སྨད་ལ་བསྐུ་བ་དང་། ཨོཾ་བཛྲ་ཧ་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཆུའི་བགེགས་བསལ་ལ། ན་མོ་བཛྲཱ་ཡ་ཨོཾ་ཧཱུཾ་དྷཱུ་ན་དྷཱུ་ན་མ་ཐ་མ་ཐ་བི་དྷྭཱན་སྭཱ་ཧཱ། ཞེས་པས་འཁྲུད་ཅིང་བདུད་རྩི་འཁྱིལ་པའི་སྔགས་{རིངས་ཀྱིས་,རིང་གིས་}བགེགས་བསྐྲད་ལ་ཁྲུས་བྱས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པས་ཁྲུས་ཟིན་པའི་རྟིང་ལ་ཆུ་སྙིམ་པ་གསུམ་སྤྱི་བོར་བླུགས་སོ། །ཨོཾ་སུ་སི་ཏི་ཀ་རི་སྭཱ་ཧཱ། ཞེས་ཟློས་ཤིང་། ཁྱིམ་པ་ཡིན་ན་སྤྱི་གཙུག་བཅིང་། རབ་བྱུང་ཡིན་ན་ཞྭ་དང་གོས་གྱོན། དེ་ནས་ཉེ་བའི་དབང་པོ་ལྔ་ཁ་དང་ལག་པ་དང་རྐང་པ་དང་བཤང་བ་དང་གཅི་བའི་ལམ་དང་ཉེ་བའི་དབང་པོ་ལྔ་ཆུས་གཏོར་ལ། ཨོཾ་ཀི་ལི་ཀི་ལི་རཀྵ་རཀྵ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ཟློས་ཤིང་བསྙེན་པའི་ཁང་པར་འགྲོ་བར་བྱའོ། །རྡོ་རྗེའི་རིགས་ལ་སྟོད་

印度语题为《Ṣaṇ-maṇḍala-vidhi-nāma》,藏语题为《六曼荼罗仪轨》。顶礼世尊摧破金刚。阿阇梨在溪谷、园林、河岸、山谷、洞穴或悦意的偏僻静处修行。他须精通经论,喜爱正法,守护学处,和悦可亲,有悲心,曾受坛中灌顶,喜爱作坛等事,少务寡欲,已得明咒之果、梦兆与成就。同行修伴须出身端正,奉法有信,心力强而精进,言语真实,肯承事,身材不极矮高,不极肥瘦,气色清明,能忍苦,意坚,持咒知誓,心善不厌,虽为人引诱亦不弃圣行。共同陈设曼荼罗,在舒适座上安坐。极芳香的花,根、茎等配成的香,郁金等涂香,诸药果,苦味、辛味等诸味食物及米饭,论说都应献给金刚部。 说修持资具后,说身语意三事。不跨过佛像、手印及仪座,不以植物油涂身,不食萝卜、蒜、盐、酸臭物,不妄语、两舌、绮语,不歌唱、嬉笑、游戏、狂笑,不说无益话,不与外道争辩,不与旃陀罗、粗鄙者争吵,不向神仙起嗔,不自造咒语,不轻蔑卑微者,不因嗔心诋毁上师和金刚同门,不恃力施威。每日三时沐浴,诵〔梵文 oṃ hūṃ hana vajra ṇi ha sa · 藏文 ཨོཾ་ཧཱུཾ་ཧ་ན་བཛྲ་ཎི་ཧ་ས · 中文 嗡 吽 哈那 瓦吉拉 尼 哈 萨〕数遍,涂上下身;以〔梵文 oṃ vajra hara hūṃ · 藏文 ཨོཾ་བཛྲ་ཧ་ར་ཧཱུཾ · 中文 嗡 瓦吉拉 哈拉 吽〕除水障,继诵〔梵文 namo vajrā ya oṃ hūṃ dhū na dhū nama tha matha vi dhvāna svāhā · 藏文 ན་མོ་བཛྲཱ་ཡ་ཨོཾ་ཧཱུཾ་དྷཱུ་ན་དྷཱུ་ན་མ་ཐ་མ་ཐ་བི་དྷྭཱན་སྭཱ་ཧཱ · 中文 纳莫 瓦吉拉 雅 嗡 吽 杜 纳 杜 纳玛 塔 玛塔 维 德瓦纳 斯瓦哈〕,以甘露军荼利长咒驱障。洗后诵〔梵文 oṃ amṛte hūṃ phaṭ · 藏文 ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ · 中文 嗡 阿弥利德 吽 帕特〕,捧水三次灌顶。诵〔梵文 oṃ su si ti ka ri svāhā · 藏文 ཨོཾ་སུ་སི་ཏི་ཀ་རི་སྭཱ་ཧཱ · 中文 嗡 苏 西 迪 卡 里 斯瓦哈〕,居士束顶髻,出家人戴帽着衣。以水洒口、手、脚及大小便处五处,诵〔梵文 oṃ kili kili rakṣa rakṣa vajra hūṃ phaṭ · 藏文 ཨོཾ་ཀི་ལི་ཀི་ལི་རཀྵ་རཀྵ་བཛྲ་ཧཱུཾ་ཕཊ · 中文 嗡 基利 基利 拉克沙 拉克沙 瓦吉拉 吽 帕特〕,到近修室去。

གཡོགས་སྨད་གཡོགས་སྔོན་པོའམ། དཀར་པོ་ལ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་བཟླས་ཏེ་བགོ་བ་དང་། སངས་རྒྱས་སྤྱན་བཟླས་ཏེ་ཟེ་ཁ་བཅིང་བ་དང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷྭན་ས་ཡ་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པས་རབ་བྱུང་ཡིན་ན་ཤམ་ཐབས་བགོའོ། །ཁྱིམ་པ་ཡིན་ན་རྐང་སྣམ་བགོའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུཾ་དྲུཾ་ཞེས་པས་ཅོད་པན་བཅིང་ངོ་། །ན་མཿས་མནྟ་བུདྡྷཱ་ནཱཾ་དྷིཾ་དྷིཾ་རིཾ་རིཾ་བཛྲི་ཛ་སྭཱ་ཧཱ། ཞེས་པས་རྡོ་རྗེ་དྲིལ་བུ་བཟུང་ངོ་། །དེ་སྐད་དུ་ཡང་། གོས་དང་ཁྲུས་དང་རྒྱན་དག་གིས། །བདག་ཉིད་བརྒྱན་པར་མཐོང་ནས་ནི། །དེ་ཚེ་བསྙེན་པའི་སྒྲུབ་པོ་ཡིས། །ལས་རྣམས་རབ་ཏུ་བརྩམ་པར་བྱ། །ཞེས་གསུངས་སོ། །དེ་ནས་བདག་ཉིད་ལས་ཐམས་ཅད་པ་བདུད་རྩི་ཐབ་སྦྱོར་དུ་བསམ་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ་ཏདྱ་ཐཱ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བ་དང་མཐེ་བོང་གཉིས་ཀྱིས་མཐེའུ་ཆུང་མནན་ཏེ། བསྣོལ་བ་དཔུང་བར་གཞག་སྟེ། སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་བསྒོམས་ཏེ་སྥ་ར་ཎ་ཧཱུཾ་ཞེས་པས་རང་དང་འདྲ་བའི་ཁྲོ་བོ་དུ་མ་སྤྲོས་ཏེ་སེམས་ཅན་གྱི་དོན་བྱས་ནས། སཾ་ཧ་ར་ཎ་ཧཱུཾ་ཞེས་པས་བསྡུས་ནས་སྤྱན་གསུམ་པ་སྟག་གི་པགས་པའི་ཤམ་ཐབས་ཅན་ཀླུ་བརྒྱད་ཀྱིས་བརྒྱན་པ། གཡོན་བརྐྱང་བའི་གནས་པས་བཞུགས་པར་བསམས་ལ་གནས་ལྔར་བསྲུང་བར་བྱ་སྟེ། རྡོ་རྗེ་ཐལ་མོ་ལས་མཐེ་ཆུང་གཉིས་བསྣོལ་སྲིན་ལག་གཉིས་འཁྱུད་གུང་མོ་གཉིས་ཀྱི་རྩེ་མོ་སྦྱར་མཛུབ་མོ་གཉིས་རྒྱབ་ཏུ་སྦྱར་མཐེ་བོང་གཉིས་སྦྱར་ལ་སྙིང་གར་བཞག་པས་དཔལ་བེའུ་དང་། དཔྲལ་བར་བཞག་པས་མཛོད་སྤུ་དང་། ལྐོག་མར་པདྨ་དང་། མགོར་དབུའི་གཙུག་ཏོར་དང་། རྐང་ལག་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྐྱེད་པར་བྱའོ། །དེ་ནས་མིག་གཡས་པ་མ་ལས་ཉི་མ་དང་གཡོན་པ་ཊ་ལས་ཟླ་བ། དབུས་མ་དུས་མཚམས་ཀྱི་མེ་འདྲ་བར་བསྐྱེད་ལ། མཛུབ་མོ་གཉིས་མཐེ་བོའི་རྩ་བར་བཀུག་མཐེ་བོང་དང་གུང་མོ་སྦྱར་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ་ཞེས་པས་མིག་བྱིན་གྱིས་བརླབ་པར་བྱའོ། །དེ་སྐད་དུ་ཡང་། ཨི་ལས་གྱུར་པའི་མིག་ཏུ་བྱ། །མིག་འབྲས་ཧཱུཾ་ལས་བསྐལ་པའི་མེ། །དེ་ལས་ཁྲོ་བོའི་མེ་བྱུང་བས། །སྔགས་པས་སྤྲིན་དང་རླུང་རྣམས་བསྲེག །ཅེས་གསུངས་སོ། །

金刚部上下衣用蓝或白色,诵忿怒甘露方便合咒穿衣。诵佛眼咒系衣领,诵〔梵文 oṃ vajra kro dha mahā ba la hana daha paca bidhvana sa ya ucchuṣma kro dha hūṃ phaṭ · 藏文 ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷྭན་ས་ཡ་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ · 中文 嗡 瓦吉拉 克罗 达 玛哈 巴 拉 哈那 达哈 巴加 比德瓦纳 萨 雅 乌加楚什玛 克罗 达 吽 帕特〕,出家人穿下裙,居士穿裤。以金刚界自在母印及〔梵文 namaḥ sa manta buddhā nāṃ hūṃ druṃ · 藏文 ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུཾ་དྲུཾ · 中文 纳玛赫 萨 玛恩达 布德达 纳姆 吽 德鲁姆〕系头冠,以〔梵文 namaḥ sa manta buddhā nāṃ dhiṃ dhiṃ riṃ riṃ bajri ja svāhā · 藏文 ན་མཿས་མནྟ་བུདྡྷཱ་ནཱཾ་དྷིཾ་དྷིཾ་རིཾ་རིཾ་བཛྲི་ཛ་སྭཱ་ཧཱ · 中文 纳玛赫 萨 玛恩达 布德达 纳姆 迪姆 迪姆 里姆 里姆 巴吉里 扎 斯瓦哈〕持铃杵。颂说:「见自身以衣、浴、饰庄严时,作近修者便应开始诸事业。」观自己为一切事业甘露方便合尊,诵梵文 namo ratnatrayāya | mahā yakṣa senāpataye | namo vajra kro dha ya tadyathā hulu hulu tiṣṭha tiṣṭha bandha bandha hana hana amṛte hūṃ phaṭ藏文 ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ་ཏདྱ་ཐཱ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ中文 纳莫 拉特纳特拉雅雅 玛哈 雅克沙 塞纳巴达耶 纳莫 瓦吉拉 克罗 达 雅 达德雅塔 胡卢 胡卢 迪什塔 迪什塔 巴恩达 巴恩达 哈那 哈那 阿姆里德 吽 帕特,两拇指压小指,两臂交叉置肩,观心间月轮有〔梵文 hūṃ · 藏文 ཧཱུཾ · 中文 吽〕字。诵〔梵文 spha ra ṇa hūṃ · 藏文 སྥ་ར་ཎ་ཧཱུཾ · 中文 斯帕 拉 纳 吽〕,放出许多与自己相似的忿怒尊利益众生,诵〔梵文 saṃ hara ṇa hūṃ · 藏文 སཾ་ཧ་ར་ཎ་ཧཱུཾ · 中文 萨姆 哈拉 纳 吽〕摄回。观自身三眼,着虎皮裙,八龙庄严,伸左腿而立,守护五处。两手作金刚掌,小指交叉,无名指相抱,中指尖相合,食指背相贴,拇指合;置心间生吉祥结,置额生白毫,置喉生莲花,置头生顶髻,置手足生千辐轮。右眼由〔梵文 ma · 藏文 མ · 中文 玛〕字生日,左眼由〔梵文 ṭa · 藏文 ཊ · 中文 吒〕字生月,中眼如劫末火。二食指屈至拇指根,拇指中指相合,以〔梵文 oṃ ru ru sphu ru jva la tiṣṭha siddha artha sā dha ne svāhā · 藏文 ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ · 中文 嗡 鲁 鲁 斯普 鲁 吉瓦 拉 迪什塔 西德达 阿尔塔 萨 达 内 斯瓦哈〕加持眼。颂说:「由〔梵文 i · 藏文 ཨི · 中文 伊〕字化作眼,眼珠〔梵文 hūṃ · 藏文 ཧཱུཾ · 中文 吽〕字生劫火,由中生忿怒火,咒师以之焚云风。」

གཡོན་པའི་སྲིན་ལག་ལ་ཀུ་ཤའི་དག་བྱེད་བཏགས། བཛྲ་དྷྲྀཀ་ཅེས་བརྗོད་པར་བྱའོ། །དཔྲལ་བར་ཙནྡན་གྱི་ཐིག་ལེ་བྱས་ཛི་ན་ཛིཀ་ཅེས་བརྗོད་པར་བྱའོ། །བུ་མོ་གཙང་མས་བཀལ་བའི་སྐུད་པ་ལ་མདུད་པ་གསུམ་རྒྱབ་ལ་རུ་དྲཱཀྵ་རྡོག་གཅིག་པ་དང་བཅས་པས་ཨ་རོ་ལྀཀ་ཅེས་པའི་སྔགས་བཟླས་ཤིང་དགེ་བསྙེན་གྱི་མགུལ་བ་དང་བཙུན་པའི་དཔུང་པར་བཅིང་བར་བྱའོ། །སྐུད་པ་དམར་པོ་གུར་གུམ་ལས་བཙོས་པ་ལ་མདུད་པ་བོར་ལ་བསྔགས་ཏེ། ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷ་ར་ནི་སིདྡྷ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་སྟོང་བཟླས་པ་རྐེད་པར་བཅིངས་ན་རྟག་ཏུ་ཁུ་བ་འགག་པར་འགྱུར་རོ། །དེ་ལྟར་ལུས་བསྲུངས་ནས་གནས་བསྲུང་བ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་{རིངས་,རིང་}དང་སྤོས་ཆུས་བསང་གཏོར་བྱས་པ་དང་། ཨོཾ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་བྷུ་ར་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བ་ཁྲོ་བོ་ཕུར་བུས་ཕྱོགས་བཅུར་བཏབ་ནས་ཐལ་བ་དང་ཡུངས་ཀར་གྱིས་ཀྱང་བསྲུང་བར་བྱའོ། །དེ་ནས་སྟེང་བཅིང་བར་བྱ་སྟེ། ཨོཾ་སུ་སིདྡྷ་ཀི་ར་ཛ་ལ་ན་ཨ་ནནྡ་མུརྟ་ཡེ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་བྱ་བས་རྡོ་རྗེ་བསྡམས་པ་ལས་མཐེ་བོ་དང་མཛུབ་མོ་དང་མཐེ་ཆུང་གསུམ་བསྒྲེངས་ཏེ། རྡོ་རྗེའི་བླ་རེ་བསམ་པར་བྱའོ། །དེ་ལྟར་བླ་རེ་བྱས་ནས་ར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ར་བ་བྱའོ། །དེ་སྐད་དུ་ཡང་། སྣ་ཚོགས་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ལས། བདག་ཉིད་སྔགས་དང་ཕྱག་རྒྱས་བསྲུང་། ། གཙུག་ཕུད་གོས་དང་གཙང་བྱེད་དང་། །མདུད་པ་བོར་ཏེ་བདུན་གསུམ་བཟླས། །བདག་ཉིད་བསྲུང་བའི་ཕྱིར་བཟླའོ། །ཁང་པ་ཁོ་ར་ཁོར་ཡུག་དང་། །ཕུར་བུ་ར་བ་བླ་རེ་དང་། །ཕུར་བུ་བདུད་རྩི་ཐབ་སྦྱོར་དང་། །ཁྲོ་བོ་གཉིས་ཀྱིས་རྟག་ཏུ་སྦྱར། །ཡང་ན་དཔའ་བོ་གཅིག་སྔགས་ཀྱིས། །ཐམས་ཅད་སྔགས་ཀྱིས་བསྲུང་བར་བྱ། །ཡང་ན་ཐལ་བ་ཉུང་ཀར་ཆུས། །བདག་དང་གཞན་དག་བསྲུང་བར་བྱ། །གསང་སྔགས་གསུམ་པོ་ཞི་བ་ལའང་། །སྒྲུབ་པ་པོ་ཡིས་ནན་ཏན་བྱ། །ཕྱི་རོལ་ས་ཕྱོགས་མི་གཙང་ན། །རྡོ་རྗེ་འཆོལ་བའི་སྔགས་ཀྱིས་བསྲུང་། །བདུད་རྩི་ཐབ་སྦྱོར་ཁྲུས་ཀྱི་ཚེ། །ཟན་ཟའི་ཚེ་ན་བཛྲ་དྷྲྀཀ །ཁྲོ་བོ་འཆོལ་བའི་སྔགས་ནི། ན་མོ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭན་ས་ཡ། ཨུཙྪུསྨ་ཀྲོ་དྷ་ཧཱུཾ་ཕཊ། བདུད་རྩི་ཐབ་སྦྱོར་གྱི་ནི་བཤད་ཟིན་ཏོ། །ཉལ་བའི་ཚེ། ཨོཾ་ཨེ་ཀ་ཏ་ཛ་ལ་བཛྲ། ཨོཾ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ་ཅེས་གསུངས་སོ། །རང་གི་ལས་ལ་བྱེ་བྲག་ཏུ། །བསྲུང་དང་སྤྱན་དྲང་སྦྱང་བ་དང་། །ཕྱག་རྒྱ་བཅིང་དང་བཟློག་གནོན་དང་། །བསྐང་དང་ཚིམ་པར་བྱ་བ་དང་། །ཚར་བཅད་པ་དང་བསྐུལ་བ་དང་། །འཁྲུལ་འཁོར་སྦྱིན་སྲེག་ཁྲུས་བྱ་བ། །དངོས་གྲུབ་ཀུན་ལ་ཐམས་ཅད་དུ། །སྒྲུབ་པ་པོ་ཡིས་དེ་དག་བྱ། །ཞེས་གསུངས་པ་ལས་བསྲུང་བའི་ཆོ་ག་རིམ་པར་ཕྱེ་བ་སྟེ་དང་

左无名指系吉祥草净环,诵〔梵文 vajra dhṛk · 藏文 བཛྲ་དྷྲྀཀ · 中文 瓦吉拉 德里克〕。额点檀香,诵〔梵文 ji na jik · 藏文 ཛི་ན་ཛིཀ · 中文 吉 纳 吉克〕。以洁净女孩纺的线结三结,加一颗金刚子,诵〔梵文 a ro ḷk · 藏文 ཨ་རོ་ལྀཀ · 中文 阿 罗 里克〕,居士系颈,僧人系臂。红线用郁金染,打结,诵〔梵文 oṃ hara hara bandha ni śu kra dhara ni siddha artha sā dha ni svāhā · 藏文 ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷ་ར་ནི་སིདྡྷ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། · 中文 嗡 哈拉 哈拉 巴恩达 尼 舒 克拉 达拉 尼 西德达 阿尔塔 萨 达 尼 斯瓦哈〕千遍系腰,文称能常制精漏。护身后护处,以忿怒甘露旋尊长咒、香水作净洒,以〔梵文 oṃ kīli kīlāya vajra bhu ra bandha hūṃ phaṭ · 藏文 ཨོཾ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་བྷུ་ར་བནྡྷ་ཧཱུཾ་ཕཊ · 中文 嗡 基利 基拉雅 瓦吉拉 布 拉 巴恩达 吽 帕特〕于十方安橛,再以灰、白芥守护。结上方界,以〔梵文 oṃ su siddha ki ra ja la na a nanda murta ye jvala jvala bandha bandha hana hana hūṃ phaṭ · 藏文 ཨོཾ་སུ་སིདྡྷ་ཀི་ར་ཛ་ལ་ན་ཨ་ནནྡ་མུརྟ་ཡེ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ · 中文 嗡 苏 西德达 基 拉 扎 拉 纳 阿 纳恩达 穆尔达 耶 吉瓦拉 吉瓦拉 巴恩达 巴恩达 哈那 哈那 吽 帕特〕,作金刚缚,伸拇、食、小三指,观金刚天幕。继以礼三宝、礼暴怒金刚手等所起长咒作墙。《成办种种续》说:「自身用咒印护,髻、衣、净具皆结结,各诵七或三遍,以诵守护自身。房舍、院落和四周,橛、墙、天幕,常配金刚橛和甘露方便合二忿怒;或以独勇咒尽护一切,或以灰、白芥、水守护自他。三种密咒,即作息灾亦须勤修。外地不净,以忿怒金刚咒护;沐浴时用甘露方便合,进食时用持金刚咒。」又列忿怒咒,甘露方便合咒已说,睡时另有〔梵文 oṃ e ka ta ja la vajra | oṃ sa ma ya ma nu sma ra hūṃ phaṭ · 藏文 ཨོཾ་ཨེ་ཀ་ཏ་ཛ་ལ་བཛྲ། ཨོཾ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ · 中文 嗡 诶 卡 达 扎 拉 瓦吉拉 嗡 萨 玛 雅 玛 努 斯玛 拉 吽 帕特〕。又说:「各自事业有守护、迎请、净化、结印、回遮镇伏、酬补使满足、调伏、劝请、机轮、火供、沐浴。一切成就处,修者皆应作。」以上依次分别第一守护仪轨。

པོའོ།། །།གཉིས་པ་སྤྱན་དྲང་བའི་ཆོ་ག་ནི་རིག་པ་མཆོག་ལས་གསུངས་པ་བཞིན་རི་རབ་ཀྱི་རྩེ་མོར་བསམས་ལ་དཀྱིལ་འཁོར་དྲུག་གང་ལ་མོས་པའི་ལྷའི་ཚོགས་རི་རབ་ཀྱི་སྟེང་དུ་བསམས་ལ་མཆོད་པ་རྣམས་དང་མཆོད་ཡོན་མདུན་དུ་བཞག་ལ་མེ་ཏོག་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང་། ཨོཾ་མ་ཧཱ་མཻ་ཏྲི་བྷྱུངྒ་ཏེ་སྭཱ་ཧཱ། མེ་ཏོག་མ་སེར་མོ་བསྐྱེད་པ་དང་། རྡོ་རྗེ་ཐལ་མོ་བརྐྱང་ལ་མཛུབ་མོ་གཉིས་སྦྱར་ཏེ། ཨོཾ་ཀ་ལི་ཏ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ། ཞེས་པས་བདུག་པ་མ་དཀར་མོ་བསྐྱེད་དོ། །རྡོ་རྗེ་ཐལ་མོ་བརྐྱང་བ་དང་། ཨོཾ་བི་ཤུདྡྷ་གན་དྷོདྦྷ་བ་ཡེ་སྭཱ་ཧཱ། ཞེས་པས་དྲི་ཆབ་མ་ལྗང་གུ་བསྐྱེད་དོ། །རྡོ་རྗེ་ཐལ་མོ་ལས་གཡོན་པའི་མཐེ་བོ་དང་མཛུབ་མོ་སྦྱར་ལ་ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། ཞེས་པས་ལྷ་བཤོས་མ་མཐིང་ག་བསྐྱེད་དོ། །རྡོ་རྗེ་ཐལ་མོ་ལས་མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་ལ། ཨོཾ་དཱིཔྟ་ཏ་ཐཱ་ག་ཏ་ཨ་པ་ར་ཙ་ཡ་ར་ན་ཨ་བྷ་བ་ས་གྷ་ནོད་ཨ་ར་ཛེ་སྭཱ་ཧཱ། ཞེས་པས་མར་མེ་མ་དམར་མོ་བསྐྱེད་དོ། །རྡོ་རྗེ་ཐལ་མོ་ཉིད་དང་ཨོཾ་ཙ་ལེ་ཙུ་ལེ་ཙུཾ་དེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཞེས་བྱ་བས་ཡོན་ཆབ་མ་དཀར་མོ་བསྐྱེད་དོ། །དེ་ནས་བདག་ཉིད་བྱིན་གྱིས་བརླབ་པར་བྱ་སྟེ་བདག་ཉིད་རིགས་དྲུག་གི་སྐུར་བསྐྱེད་པ་ལ་མཚོག་མར་ནི། ཨོཾ་ལས་གསེར་མདོག་བསྒྱིངས་པའི་སངས་རྒྱས་བསྒོམ་མོ། ། མིག་གཉིས་ལ་ཙ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་བསྒོམ་མོ། །ལྐོག་མར་ལེ་ལས་མི་གཡོ་བ་ནག་པོ་རལ་གྲི་དང་ཞགས་པ་ཐོགས་པ་བསྒོམ་མོ། །ལྟེ་བར་ཙུ་ལས་གཙུག་གི་ནོར་བུ་མདོག་དམར་པོ་ལ་ཕྱག་གཉིས་པ་དང་པོའི་སངས་རྒྱས་བསྒོམ་མོ། །དཔུང་པ་གཉིས་སུ་ལེ་ལས་དོན་ཡོད་ཞགས་པ་སེར་པོ་བསྒོམ་མོ། །སྙིང་གར་ཙུ་ལས་ལྷ་མོ་ཙུནྡ་ཕྱག་བཅོ་བརྒྱད་པ་དམར་མོ་བསྒོམ་མོ། །བརླ་གཉིས་ལ་སྭཱ་ལས་ཕྱག་ན་རྡོ་རྗེ་ནག་པོ་བསྒོམ་མོ། །རྐང་པ་གཉིས་ཀྱི་ཧཱ་ལས་རལ་གཅིག་མ་མཆེ་བ་གཙིགས་པ་ནག་མོ་བསྒོམ་པར་བྱའོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས་མཆོད་པ་འབུལ་

第二迎请仪轨,依《最胜明》观须弥顶,观六坛中随所信乐的诸尊在山顶。面前置供物、阏伽水。对花作金刚合掌,张开,诵〔梵文 oṃ mahā mai tri bhyuṅga te svāhā · 藏文 ཨོཾ་མ་ཧཱ་མཻ་ཏྲི་བྷྱུངྒ་ཏེ་སྭཱ་ཧཱ · 中文 嗡 玛哈 迈 特里 布尤恩嘎 德 斯瓦哈〕,生黄色花女;伸金刚掌合两食指,〔梵文 oṃ ka li ta dharma dhā tu a nu ga te svāhā · 藏文 ཨོཾ་ཀ་ལི་ཏ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ · 中文 嗡 卡 利 达 达尔玛 达 都 阿 努 嘎 德 斯瓦哈〕以咒生白色熏香女;伸金刚掌,〔梵文 oṃ vi śuddha gana dhodbha ba ye svāhā · 藏文 ཨོཾ་བི་ཤུདྡྷ་གན་དྷོདྦྷ་བ་ཡེ་སྭཱ་ཧཱ · 中文 嗡 维 舒德达 嘎纳 多德巴 巴 耶 斯瓦哈〕以咒生绿色涂香水女;金刚掌合左拇、食指,〔梵文 oṃ ca le cu le cunde svāhā · 藏文 ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ · 中文 嗡 加 勒 居 勒 居恩德 斯瓦哈〕以咒生深蓝天食女;金刚掌二拇指与二食指尖相触,〔梵文 oṃ dīpta ta thā ga ta a pa ra ca ya ra na a bha ba sa gha nod a ra je svāhā · 藏文 ཨོཾ་དཱིཔྟ་ཏ་ཐཱ་ག་ཏ་ཨ་པ་ར་ཙ་ཡ་ར་ན་ཨ་བྷ་བ་ས་གྷ་ནོད་ཨ་ར་ཛེ་སྭཱ་ཧཱ · 中文 嗡 迪普达 达 塔 嘎 达 阿 巴 拉 加 雅 拉 纳 阿 巴 巴 萨 嘎 诺德 阿 拉 杰 斯瓦哈〕生红色灯女;以金刚掌〔梵文 oṃ ca le cu le cuṃ de ga ga na sa ma ye svāhā · 藏文 ཨོཾ་ཙ་ལེ་ཙུ་ལེ་ཙུཾ་དེ་ག་ག་ན་ས་མ་ཡེ་སྭཱ་ཧཱ · 中文 嗡 加 勒 居 勒 居姆 德 嘎 嘎 纳 萨 玛 耶 斯瓦哈〕配咒,生白色阏伽女。继加持自身,自生六部身。顶由〔梵文 oṃ · 藏文 ཨོཾ · 中文 嗡〕观金色威仪佛,两眼由〔梵文 ca · 藏文 ཙ · 中文 查〕观黄色转轮佛顶,喉由〔梵文 le · 藏文 ལེ · 中文 勒〕观黑不动尊持剑索,脐由〔梵文 cu · 藏文 ཙུ · 中文 居〕观红色顶宝二臂本初佛,两肩由〔梵文 le · 藏文 ལེ · 中文 勒〕观黄色不空索,心由〔梵文 cu · 藏文 ཙུ · 中文 居〕观红色十八臂准提,双股由〔梵文 svā · 藏文 སྭཱ · 中文 斯瓦〕观黑金刚手,两足由〔梵文 hā · 藏文 ཧཱ · 中文 哈〕观黑色咬牙独髻母。加持自身,供养礼拜。

བ་དང་ཕྱག་འཚལ་བའོ། །ལག་པ་བྱིན་གྱིས་བརླབ་པར་བྱ་སྟེ། ལག་པ་གཡས་པ་ནི་འཁོར་བ། གཡོན་པ་ནི་མྱ་ངན་ལས་འདས་པ། མཐེའུ་ཆུང་སའི་དཀྱིལ་འཁོར། སྲིན་ལག་ཆུའི་དཀྱིལ་འཁོར། གུང་མོ་མེའི་དཀྱིལ་འཁོར། མཛུབ་མོ་རླུང་གི་དཀྱིལ་འཁོར། མཐེ་བོང་ནམ་མཁའི་དཀྱིལ་འཁོར། དྲི་མེད་ནམ་མཁའ་ལྟ་བུའི་ལྷ་མོ་ལྔ་བསམས་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ། དང་པོ་རིགས་དྲུག་གི་འཁོར་ལོ་གང་རུང་སྤྱན་དྲང་བའི་ཕྱིར། གཡོན་བརྐྱང་བ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ལས་གུང་མོ་གཡབ་ཅིང་སྤྱན་དྲང་བའི་སྔགས་ནི། ན་མོ་ཙུ་རུ་ཀུནྡྷ་ཙུ་རུ་ཀུནྡྷ། བཛྲ་པཱ་ཎི་ན་མོ་བྷཱུ་ཏ་སྱེ་སྭཱ་ཧཱ། ཞེས་པས་སྤྱན་དྲངས་ལ་དབྱངས་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་པ་བཞེས་ནས་ཀྱང་། །ཐུགས་རྗེས་དགོངས་ཤིང་གནང་བར་མཛོད། ཐལ་མོ་སྦྱར་བ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་ནས་དཔྲལ་བར་གཞག་སྟེ། ཨོཾ་ཏ་ཐཱ་ག་ཏོདྦྷ་བ་ཡེ་སྭཱ་ཧཱ་ཐལ་མོ་ལེགས་པར་སྦྱར་བ་ལ་སོར་མོ་དབུས་མ་གསུམ་བསྐྱེད་ལ་པདྨ་ཁ་ཕྱེ་བ་འདྲ་བ་ལྐོག་མར་བཞག་ལ། ཨོཾ་པདྨོད་བྷ་བ་ཡེ་སྭཱ་ཧཱ། ལག་པ་གཉིས་ནི་རྒྱབ་བསྣོལ་ཏེ། མཐེའུ་ཆུང་དང་མཐེ་བོ་གཉིས་དཀྲིས་ཏེ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ལྟེ་བར་བཞག་སྟེ། བཛྲོད་བྷ་བ་ཡ་སྭཱ་ཧཱ། ཞེས་བྱ་བས་ཕྱག་བྱའོ། །མེ་ཏོག་དབུལ་བའི་དབྱངས་ནི། །ཡེ་ཤེས་རྒྱ་མཚོ་རླབས་ཆེན་གྱི། །སེམས་ཅན་ཀུན་ལ་བྱམས་པ་ཡི། །སྟོབས་ཆེན་ཡེ་ཤེས་མེ་ཏོག་གིས། །སངས་རྒྱས་བཞིན་དུ་མཆོད་པར་ཤོག །སྦྱར་བའི་དྲི་ཡི་བསྒོས་པ་ཡིས། །ལུས་ལ་ལྷག་པར་ཁྱབ་གྱུར་པ། ། ཡེ་ཤེས་སྤོས་ཀྱི་བྱུག་པ་ནི། །དྲི་{བཟངས་,བཟང་}རྟག་ཏུ་འབྱུང་བར་ཤོག །མཁས་པ་གང་གིས་དངོས་པོ་རྣམས། །ཆོས་ཀྱི་དབྱིངས་དང་མཚུངས་མཐོང་ཞིང་། །དེ་ཡི་རྗེས་སུ་ཞུགས་པ་ཡི། །བདུག་སྤོས་ཀྱིས་ནི་ཚིམ་པར་ཤོག །དངོས་པོ་ཐམས་ཅད་སྣང་བྱེད་པ། །མི་ཤེས་མུན་ནག་ལ་སོགས་པ། །བཅོམ་ནས་མར་མེ་རབ་ཏུ་གསལ། །ཆོས་ཀྱི་འོད་ཟེར་ཀུན་འབྱུང་ཤོག །ལུས་ཅན་ཀུན་གྱི་ཇི་ཙམ་དུ། །ཡིད་ལ་རེ་བ་ཡོངས་རྫོགས་པ། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །བདུད་བཅོམ་སངས་རྒྱས་རོལ་གྱུར་ཅིག །ཅེས་བྱ་བས་མཆོད་པ་དབུལ་ལོ། །དེ་སྐད་དུ་ཡང་། ཐོག་མར་བྱུག་པ་མེ་ཏོག་དང་། །བདུག་

加持双手。右手是轮回,左手是涅槃,小指地轮,无名指水轮,中指火轮,食指风轮,拇指虚空轮。观五天女如无垢虚空,合掌礼拜。先迎六部中随一坛轮,伸左腿,作甘露方便合印,以中指招引,诵〔梵文 namo curu kundha curu kundha | vajra pāṇi namo bhūta sye svāhā · 藏文 ན་མོ་ཙུ་རུ་ཀུནྡྷ་ཙུ་རུ་ཀུནྡྷ། བཛྲ་པཱ་ཎི་ན་མོ་བྷཱུ་ཏ་སྱེ་སྭཱ་ཧཱ · 中文 纳莫 居鲁 库恩达 居鲁 库恩达 瓦吉拉 巴尼 纳莫 布达 斯耶 斯瓦哈〕。「善来,世尊!请来安住于此,受我供养,慈愍垂允。」两掌合而朝上,略屈两食指,置额,诵〔梵文 oṃ ta thā ga todbha ba ye svāhā · 藏文 ཨོཾ་ཏ་ཐཱ་ག་ཏོདྦྷ་བ་ཡེ་སྭཱ་ཧཱ · 中文 嗡 达 塔 嘎 多德巴 巴 耶 斯瓦哈〕。两掌合拢,中三指展开如开莲,置喉,诵〔梵文 oṃ padmod bha ba ye svāhā · 藏文 ཨོཾ་པདྨོད་བྷ་བ་ཡེ་སྭཱ་ཧཱ · 中文 嗡 巴德莫德 巴 巴 耶 斯瓦哈〕。两手背交叉,小指拇指交缠,作持金刚印置脐,诵〔梵文 bajrod bha ba ya svāhā · 藏文 བཛྲོད་བྷ་བ་ཡ་སྭཱ་ཧཱ · 中文 巴吉罗德 巴 巴 雅 斯瓦哈〕礼拜。献花等时唱:「以智海大波涛,向一切众生发慈意,愿以强力智慧花供养如佛。调和诸香涂熏,周遍身体,愿智慧涂香常发妙香。智者见诸事物等同法界,愿以随顺此智之熏香使尊欢喜。显明一切事物,摧无知黑暗,灯明照耀,愿正法光遍起。愿一切有身者心中希求尽得圆满,坐菩提道场,摧魔,作佛游戏。」如此献供。

སྤོས་ལྷ་བཤོས་རྗེས་མཐུན་པ། །ཐ་མར་མར་མེ་རབ་སྦྱར་ནས། །ཁྲོ་བོའི་རྒྱལ་པོས་བསངས་ནས་དབུལ། །ཞེས་གསུངས་པས་ནའོ། །དེ་ལྟར་ཕྱག་འཚལ་ཞིང་མཆོད་ནས་སྡིག་པ་བཤགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །བདག་གིས་སྡིག་པ་མ་ལུས་བཤགས། །ཨོཾ་སརྦྦ་པཱ་པ་དི་ཤ་ན་ཡེ་སྭཱ་ཧཱ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རྗེས་སུ་ཡི་རང་ངོ་། །ཨོཾ་ཨ་ནུ་མོ་ཏ་ཡེ་སྭཱ་ཧཱ། བདེ་གཤེགས་པདྨོ་རྡོ་རྗེ་རིགས། །རྡོ་རྗེ་ཁྲོ་བོ་ཕོ་ཉ་དང་། །བཀའ་ཉན་ལ་སོགས་ཕོ་ཉ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཨོཾ་དྷརྨ་ཙཀྲ་པྲ་བརྟ་ནཱ་ཡ་སྭཱ་ཧཱ། བདེ་གཤེགས་རྡོ་རྗེ་པདྨའི་རིགས། །རྡོ་རྗེ་ཁྲོ་བོ་ཕོ་ཉ་དང་། །བཀའ་ཉན་ལ་སོགས་ཕོ་ཉ་ལ། །མྱ་ངན་མི་འདའ་གསོལ་བ་འདེབས། །ཨོཾ་ཨ་པ་ར་ནི་ར་བ་ནི་ཡེ་སྭཱ་ཧཱ། སེམས་ཅན་ཕོངས་པ་བསྐྱབ་པ་དང་། །ངན་སོང་གསུམ་གྱི་མགོན་བྱས་དང་། །དཀོན་མཆོག་གསུམ་གྱི་རྟེན་བྱིན་དང་། །འཁོར་བའི་སྐྱབས་བགྱི་བྱང་ཆུབ་བསྔོ། །ཨོཾ་ཀུ་ཤ་ལ་བ་རི་ན་ཡེ་སྭཱ་ཧཱ། སེམས་ཅན་ཕོངས་པ་བསྐྱབ་པ་དང་། །ངན་སོང་གསུམ་གྱི་མགོན་བྱས་དང་། །དཀོན་མཆོག་གསུམ་གྱི་རྟེན་བྱིན་དང་། །འཁོར་བའི་སྐྱབས་བགྱིས་བདག་ལུས་དབུལ། །ཨོཾ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི་སྭཱ་ཧཱ། ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བ་དང་། །སྲིད་པའི་མི་བདེ་དབུགས་འབྱིན་དང་། །མྱ་ངན་འདས་པའི་སེམས་བསྐྱེད་དོ། །ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་སྭཱ་ཧཱ། ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བ་དང་། །སྲིད་པའི་མི་བདེ་དབུགས་འབྱིན་དང་། །མྱ་ངན་འདས་པར་སྐྱབས་སུ་མཆི། །ཨོཾ་ཏྲི་ཤ་ར་ཎཾ་གཙྪ་ཡཱ་མི་སྭཱ་ཧཱ། སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་བདག་བསྐྱེད་ཤོག །ཨོཾ་པྲ་ནེ་ཏ་ན་ཡེ་སྭཱ་ཧཱ། དེ་ལྟར་འཁོར་ལོ་དྲུག་སྤྱན་དྲང་ཞིང་ཚོགས་བསགས་ནས་སྦྱང་བ་བཤད་པ་ནི། དང་པོ་མཆོད་པའི་ཡན་ལག་རྫས་སྦྱང་བ་བཤད་པ་ནི་སྔར་བསྟན་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་

又说:「先涂香、花、熏香、相宜的天食,最后善置灯,以忿怒王净除再献。」礼供后忏罪:「于佛法僧、诸菩萨、明咒密咒众前,我忏悔自己一切罪。」 〔梵文 oṃ sarva pā pa di śa na ye svāhā · 藏文 ཨོཾ་སརྦྦ་པཱ་པ་དི་ཤ་ན་ཡེ་སྭཱ་ཧཱ། · 中文 嗡 萨尔瓦 巴 巴 迪 夏 纳 耶 斯瓦哈〕随喜:「于佛法僧、诸菩萨、明咒密咒众,以信随喜。」 〔梵文 oṃ a nu mo ta ye svāhā · 藏文 ཨོཾ་ཨ་ནུ་མོ་ཏ་ཡེ་སྭཱ་ཧཱ། · 中文 嗡 阿 努 莫 达 耶 斯瓦哈〕劝请:「向善逝、莲花、金刚部,金刚忿怒尊、使者、听命等诸使者,劝转法轮。」 〔梵文 oṃ dharma cakra pra barta nā ya svāhā · 藏文 ཨོཾ་དྷརྨ་ཙཀྲ་པྲ་བརྟ་ནཱ་ཡ་སྭཱ་ཧཱ། · 中文 嗡 达尔玛 加克拉 普拉 巴尔达 纳 雅 斯瓦哈〕又向善逝、金刚、莲花部、忿怒使者及听命诸使者,祈请不入涅槃。 〔梵文 oṃ a pa ra ni ra ba ni ye svāhā · 藏文 ཨོཾ་ཨ་པ་ར་ནི་ར་བ་ནི་ཡེ་སྭཱ་ཧཱ། · 中文 嗡 阿 巴 拉 尼 拉 巴 尼 耶 斯瓦哈〕「救护困乏众生,作三恶趣怙主,施三宝所依,作轮回中的归依,为此回向菩提。 〔梵文 oṃ ku śa la ba ri na ye svāhā · 藏文 ཨོཾ་ཀུ་ཤ་ལ་བ་རི་ན་ཡེ་སྭཱ་ཧཱ། · 中文 嗡 库 夏 拉 巴 里 纳 耶 斯瓦哈〕为此救困乏、作恶趣怙、施三宝依、作轮回归依,我献自身。 〔梵文 oṃ ātma naṃ nirya ta yā mi svāhā · 藏文 ཨོཾ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི་སྭཱ་ཧཱ། · 中文 嗡 阿特玛 纳姆 尼尔雅 达 雅 米 斯瓦哈〕为度诸恶趣、解脱烦恼、令诸有中的不安者得喘息,我发趣涅槃之心。 〔梵文 oṃ bodhi citta utpā da yā mi svāhā · 藏文 ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་སྭཱ་ཧཱ། · 中文 嗡 波迪 吉特达 乌特巴 达 雅 米 斯瓦哈〕为度恶趣、解烦恼、息诸有不安,我归依涅槃。 〔梵文 oṃ tri śa ra ṇaṃ gaccha yā mi svāhā · 藏文 ཨོཾ་ཏྲི་ཤ་ར་ཎཾ་གཙྪ་ཡཱ་མི་སྭཱ་ཧཱ། · 中文 嗡 特里 夏 拉 纳姆 嘎加查 雅 米 斯瓦哈〕如昔日诸佛子所发大愿,愿我生起施、戒、忍、进、定、慧。」 〔梵文 oṃ pra ne ta na ye svāhā · 藏文 ཨོཾ་པྲ་ནེ་ཏ་ན་ཡེ་སྭཱ་ཧཱ། · 中文 嗡 普拉 内 达 纳 耶 斯瓦哈〕如是迎六坛、积资粮后说净化。

མཆོད་པའི་བགེགས་བསྐྲད་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་སྤོས་ཆུ་ལག་མཐིལ་དུ་བླུགས་ལ་རྫས་རྣམས་ལ་བལྟ་ཞིང་ཀུ་ཤའི་པིར་ཐོགས་ལ་ཨོཾ་ཛྭ་ལ་ཛྭ་ལ་བན་དུ་རི་ཧཱུཾ་ཕཊ་ཅེས་བྱ་བའི་ཆུས་བསང་བ་དང་། ཡུངས་ཀར་གྱིས་བྲབ་པར་བྱའོ། །དེའི་རྗེས་ལ་གནས་སྦྱང་བ་ནི། །ས་གཞིའི་དབུས་སུ་ཡི་གེ་རཾ་བསམས་ལ་འོད་ཟེར་གྱི་སྤྲོ་བསྡུ་བྱས་པས་ལས་དང་ཉོན་མོངས་པའི་ས་གཞི་སྦྱངས་ལ། དེ་ནས་སྟོང་པ་སྒྱུ་མ་ལྟ་བུ་ལས། ཡི་གེ་ཨ་གསེར་གྱི་མདོག་ཅན་བསམས་ལ་དེའི་འོད་ཟེར་འཕྲོ་འདུ་ལས་གསེར་གྱི་ས་གཞི་རྡོ་རྗེ་རྩེ་གསུམ་པས་མཚན་པ་དཔངས་སུ་དཔག་ཚད་འབུམ་ཕྲག་བརྒྱད་ཡོད་པ། རྒྱར་སྟོང་གསུམ་གྱི་ཚད་ཡོད་པ་བསམས་ལ། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ས་ལ་བཞག་ནས་ཨོཾ་ཨ་ཙ་ལེ་བི་ར་སྭཱ་ཧཱ། ཞེས་བྱ་བས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབ་བོ། །དེ་ནས་སའི་ལྷ་མོའི་སྔགས་དང་ཕྱག་རྒྱས་ཕྱིས་འཆད་པར་འགྱུར་བས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་དུ་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་ཡི་གེ་བ་ཤེལ་དང་བ་ལྟ་བུ་ལས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསམ་པར་བྱའོ། །ཕྱིས་འཆད་པར་འགྱུར་བའི་སངས་རྒྱས་སྤྱན་གྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་བི་མ་ལ་ཨུ་ད་ག་དྷ་དི་ཧཱུཾ་ཞེས་བྱ་བས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་ལཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། གསེར་གྱི་རི་བདུན་དང་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བ། དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་སྒོ་བཞི་སྒོ་ཁྱུད་དང་བཅས་པའི་དཀྱིལ་འཁོར་དྲུག་གང་ཡང་རུང་བ་རྣལ་འབྱོར་པས་གང་མོས་པ་བསྒོམས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཐཱ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཞེས་བྱ་བ་དང་། ཐལ་མོ་ཁོང་སྟོང་དུ་སྦྱར་བས་གཞལ་ཡས་ཁང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་ལས་སེང་གེའི་ཁྲི་གདན་བསྐྱེད་ལ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་བསྐྱེད་དེ། ཨོཾ་ཀི་ལི་ཀི་ལི་སརྦ་བཛྲི་བྷཱུ་ར་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བས་གཞལ་ཡས་ཁང་གདན་དང་བཅས་པ་ལ། སྤོས་ཆུས་ལན་གསུམ་གྱི་བར་དུ་བསང་གཏོར་བྱས་པས་གནས་དང་སྟན་སྦྱངས་པར་འགྱུར་རོ། །དེ་ནས་ལྷ་སྦྱང་བ་ནི། དཀྱིལ་འཁོར་དྲུག་གང་ལ་མོས་པའི་ལྷ་དཀྱིལ་འཁོར་དང་གདན་ལ་བཞུགས་སུ་གསོལ་ལོ། །དེ་ནས་གུ་གུལ་གྱི་དུད་པས་བདུག་ཅིང་། ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ་ཨ་ནནྡ་མུརྟ་ཡེ། ཛྭ་ལ་ཛྭ་ལ་བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་བྱ་བས་ལྷ་རྣམས་བསང་བ་དང་། སྟེང་དུ་རྡོ་རྗེ་ཕུར་བུ་བཅུས་བགེགས་བཅིང་བ་དང་། ལྷ་རྣམས་སྦྱངས་པར་ཡང་འགྱུར་རོ། །སྔར་བཤད་པའི་སུ་སིདྡྷི་ཀ་རའི་སྔགས་དང་། གནོད་མཛེས་ཀྱི་སྔགས་ཀྱིས་རྡོ་རྗེ་བླ་རེ་དང་རྡོ་རྗེ་ར་བ་བྱས་པས་ཀྱང་གནས་དང་ལྷ་རྣམས་སྦྱངས་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བརྐྱང་པ་ས་ལ་བཙུགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ས་སི་མི། ས་སི་མི་སཾ་བནྡྷ། ཀུ་རུ་ཀུ་རུ་ཏ་ར་ཏ་ར། ས་མནྟ་བཛྲེ་ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀུ་རུ་མ་ཡེ་ཏུ་ཏ་ཡེ་ཏུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་སི་ས་མནྟ་བི་དྷྭ་ན་ས་ཡ་ཛྭ་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ལན་བདུན་བཟླས་ལ་སའི་རི་མོ་བདུན་དང་། ཐལ་བའི་རི་མོ་བདུན་བྱས་ལ་མེ་འོད་ཀྱི་ཕྲེང་བ་བསམས་ལ་མཚམས་གཅད་པར་བྱའོ། །དེ་ལྟར་སྦྱང་བའི་ཆོ་ག་གསུམ་པ་བསྟན་ནས། བཞི་པ་བཅིང་བའི་ཆོ་ག་བསྟན་པ་ནི་དང་པོར་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ། སེམས་དཔའི་སྐྱིལ་ཀྲུང་བཅས་ལ།

先净供物,以前述甘露方便合咒印驱供障,掌中置持咒香水,目视诸物,持吉祥草刷,〔梵文 oṃ jvala jvala van du ri hūṃ phaṭ · 藏文 ཨོཾ་ཛྭ་ལ་ཛྭ་ལ་བན་དུ་རི་ཧཱུཾ་ཕཊ · 中文 嗡 吉瓦拉 吉瓦拉 瓦恩 杜 里 吽 帕特〕诵咒洒净,白芥轻拂。净处:于地中观〔梵文 raṃ · 藏文 རཾ · 中文 让〕字放收光,净业、烦恼之地;于空而如幻中观金色〔梵文 a · 藏文 ཨ · 中文 阿〕字,光明放收,成金地,标三股金刚,高八十万由旬,广等三千大千世界。以甘露旋印触地、〔梵文 oṃ acale vi ra svāhā · 藏文 ཨོཾ་ཨ་ཙ་ལེ་བི་ར་སྭཱ་ཧཱ · 中文 嗡 阿加勒 维 拉 斯瓦哈〕诵咒,加持地成金刚,亦以后说地天女咒印加持。其上〔梵文 paṃ · 藏文 པཾ · 中文 帕姆〕字生八瓣白莲,莲脐水晶般清亮的〔梵文 ba · 藏文 བ · 中文 巴〕字出生八功德水乳海。用后说佛眼印咒及〔梵文 oṃ vi ma la u da ga dha di hūṃ · 藏文 ཨོཾ་བི་མ་ལ་ཨུ་ད་ག་དྷ་དི་ཧཱུཾ་ · 中文 嗡 维 玛 拉 乌 达 嘎 达 迪 吽〕加持。由〔梵文 laṃ · 藏文 ལཾ · 中文 拉姆〕字生四宝须弥,七金山、四大洲、八小洲围绕。山上〔梵文 bhrūṃ · 藏文 བྷྲཱུཾ · 中文 布鲁姆〕字生有四门及门廊的宫殿,行者依六坛之一随喜而观,〔梵文 oṃ namaḥ sarva ta thā ga tā nāṃ sarva thā uṅga te spha ra ṇa hi maṃ ga ga na khaṃ · 藏文 ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཐཱ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ · 中文 嗡 纳玛赫 萨尔瓦 达 塔 嘎 达 纳姆 萨尔瓦 塔 乌恩嘎 德 斯帕 拉 纳 希 玛姆 嘎 嘎 纳 卡姆〕以咒和虚心合掌加持宫。〔梵文 oṃ · 藏文 ཨོཾ · 中文 嗡〕字生狮子座,〔梵文 paṃ · 藏文 པཾ · 中文 帕姆〕字生八瓣莲。〔梵文 oṃ kili kili sarva bajri bhū ra bandha hūṃ phaṭ · 藏文 ཨོཾ་ཀི་ལི་ཀི་ལི་སརྦ་བཛྲི་བྷཱུ་ར་བནྡྷ་ཧཱུཾ་ཕཊ · 中文 嗡 基利 基利 萨尔瓦 巴吉里 布 拉 巴恩达 吽 帕特〕诵咒,以香水于宫及座洒三次,净处、净座。净尊则请所乐六坛之一众尊入坛就座,以安息香熏、〔梵文 oṃ su siddhi ka ra jva li ta a nanda murta ye | jvala jvala bandha bandha | hana hana hūṃ phaṭ · 藏文 ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ་ཨ་ནནྡ་མུརྟ་ཡེ། ཛྭ་ལ་ཛྭ་ལ་བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ · 中文 嗡 苏 西德迪 卡 拉 吉瓦 利 达 阿 纳恩达 穆尔达 耶 吉瓦拉 吉瓦拉 巴恩达 巴恩达 哈那 哈那 吽 帕特〕诵咒净诸尊,上方十金刚橛缚诸障。又以上述善成就咒及妙害咒成金刚幕墙,净化处与尊。双金刚拳伸食指插地,诵梵文 namaḥ sa manta buddhā nāṃ | oṃ ta ra ta ra | tu ru tu ru | maṭa maṭa | bandha bandha | sarva tra a pra ti ha te | sa si mi | sa si mi saṃ bandha | kuru kuru ta ra ta ra | sa manta vajre sa manta vajre | kuru a ma le | kuru ma ye tu ta ye tu ta ye | ba ra ba ra | ka ra ka ra | su si sa manta vi dhva na sa ya jva lā ya svāhā藏文 ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ས་སི་མི། ས་སི་མི་སཾ་བནྡྷ། ཀུ་རུ་ཀུ་རུ་ཏ་ར་ཏ་ར། ས་མནྟ་བཛྲེ་ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀུ་རུ་མ་ཡེ་ཏུ་ཏ་ཡེ་ཏུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་སི་ས་མནྟ་བི་དྷྭ་ན་ས་ཡ་ཛྭ་ལཱ་ཡ་སྭཱ་ཧཱ中文 纳玛赫 萨 玛恩达 布德达 纳姆 嗡 达 拉 达 拉 都 鲁 都 鲁 玛达 玛达 巴恩达 巴恩达 萨尔瓦 特拉 阿 普拉 迪 哈 德 萨 西 米 萨 西 米 萨姆 巴恩达 库鲁 库鲁 达 拉 达 拉 萨 玛恩达 瓦吉雷 萨 玛恩达 瓦吉雷 库鲁 阿 玛 勒 库鲁 玛 耶 都 达 耶 都 达 耶 巴 拉 巴 拉 卡 拉 卡 拉 苏 西 萨 玛恩达 维 德瓦 纳 萨 雅 吉瓦 拉 雅 斯瓦哈长咒七遍,作七道土纹和七道灰纹,观火光鬘结界。以上第三净化仪轨。

དཀྱིལ་འཁོར་དྲུག་ལས་གང་ཡང་རུང་བའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ལ་བསྟོད་པ་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་རྒྱ་མཚོ་ཡོན་ཏན་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། ། དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་གནས། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། ། རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་ནས་ཁྲོ་བོ་ཉི་ཤུ་རྩ་གཅིག་པའམ། བཅུ་གསུམ་པའམ། ལྷ་ལྔ་པའམ། འཁྲུལ་འཁོར་གྱི་ལྷའམ། ཕོ་ཉ་མོ་བཅུས་བསྐོར་བའམ། ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་བསྐོར་བར་བསམས་ལ། རྡོ་རྗེའི་རིགས་ཀྱི་རུ་དྲཱ་ཀྵའམ། རུས་པའི་ཕྲེང་བ་ལ། ཨོཾ་བཛྲི་ཨ་ཛི་ཏ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་ཤིང་ཕྲེང་བ་བཟུང་ནས་དཀྱིལ་འཁོར་གྱི་ལྷའམ། བུམ་པའི་ལྷའམ། སྦྱིན་སྲེག་གི་ལྷ་གང་ཡང་རུང་བའི་ཕྱག་རྒྱ་བཅིངས་ནས་བསྙེན་པའི་བཟླས་པ་བྱའོ། །དེ་ལ་དང་པོར་ཁྲོ་བོ་ཉི་ཤུ་རྩ་གཅིག་པའི་ལྷའི་ཕྱག་རྒྱ་བཅིངས་པ་བསྟན་པ་ནི་དབུས་སུ་རིག་པ་མཆོག་ནས་འབྱུང་བ་བཞིན་དུ་དབང་ཕྱུག་ཆེན་པོ་དང་། ཨུ་མའི་སྟེང་དུ་གཡས་བརྐྱང་བའི་གནས་པས་བཞུགས་པ། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སྟེ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་སྟག་གི་པགས་པའི་ཤམ་ཐབས་མནབས་པ། དེའི་གཡས་སུ་ལྷ་མོ་མཱ་མ་ཀཱི་ལག་ཏུ་རྡོ་རྗེ་དང་སྡིགས་མཛུབ་འཆང་བ། སྐུ་མདོག་སྔོན་པོར་བསམ་པའོ། །གཡོན་དུ་བདུད་རྩི་ཐབ་སྦྱོར་སྐུ་མདོག་དམར་པོ་གཡས་ན་རལ་གྲི་དང་དགྲ་སྟ། གཡོན་ན་ཞགས་པ་དང་སྡིགས་མཛུབ་བསམ་པར་བྱའོ། །གཙོ་བོའི་སྙིང་པོ་དང་ཕྱག་རྒྱ་ནི་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། ཕྱག་རྒྱ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་སོ། །མཱ་མ་ཀཱིའི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་ལས་མཐེ་བོ་དང་སྲིན་ལག་གཉིས་དང་མཐེའུ་ཆུང་ནང་དུ་གཞུག་གོ། །སྔགས་ནི་ན་མཿས་མནྟ་བཛྲཱ་ནཱཾ། ཏྲི་ཏ་ཏྲི་ཏ་ཛ་ཡནྟི་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་བརྐྱང་ལ་མཛུབ་མོ་གཉིས་རྒྱབ་ཏུ་ལྕགས་ཀྱུར་བྱས་པའོ། །སྔགས་ནི་ཨོཾ་ཨ་མྲྀ་ཏེ་ཧ་ན་ཧ་ན། བི་དུ་ན་བི་དུ་ན། གོ་པ་ཡ་གོ་པ་ཡ། ཁཱ་དྷ་ཁཱ་དྷ། ཨ་མྲྀ་ཏི་ཨཱཏྨ་ཀ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛ་ཡེ་ཛ་ཡེ་བ་ཧེ་སྭཱ་ཧཱ། རྒྱལ་བའི་གསང་སྔགས་སོ། །ཨོཾ་བཛྲ་པཱ་ཎི་སྱ། ཨོཾ་བི་ཛ་ཡེ་བི་ཀྲ་མེ་ཏྲཻ་ལོཀྱ་བི་ཀྲ་མེ་སྭཱ་ཧཱ། རྣམ་པར་རྒྱལ་བའི་གསང་སྔགས་སོ། །

第四结印仪轨。先作金刚跏趺或菩萨跏趺坐,于六坛之一前合掌赞:「具大悲的怙主,一切智导师,福海功德田,顶礼如来!清净离贪之因,以善解脱恶趣,专一成为最胜胜义,顶礼寂静法!得解脱、得解脱道,善住诸学处,最胜福田功德所依,顶礼僧伽!强力大威猛,善妙明咒王,调伏难调者,顶礼持金刚!」作礼后,观二十一忿怒尊、十三尊、五尊、机轮尊、十使女或六十四使女围绕等,金刚部用金刚子或骨念珠,持珠诵〔梵文 oṃ bajri a ji ta ye svāhā · 藏文 ཨོཾ་བཛྲི་ཨ་ཛི་ཏ་ཡེ་སྭཱ་ཧཱ། · 中文 嗡 巴吉里 阿 吉 达 耶 斯瓦哈〕,结坛尊、瓶尊或火供尊随一之印,念诵近修。先说二十一尊印。中央如《最胜明》所出,主尊立于大自在与乌摩上,伸右腿,作降三世印持金刚铃杵,饰蛇,着虎皮裙。右侧蓝色玛玛基女持金刚、作期克指。左侧红色甘露方便合,右手持剑、斧,左手持索、作期克指。主尊以降三世印,诵心咒梵文 namo ratnatrayāya | namaḥ caṇḍa vajrapāṇaye | mahā yakṣa senāpataye | oṃ sumbha ni sumbha hūṃ | oṃ gṛ hṇa gṛ hṇa hūṃ | oṃ gṛ hṇā pa ya gṛ hṇā pa ya hūṃ oṃ ā na ya hoḥ bha ga vāna vidyā rā jā ya hūṃ phaṭ藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ།中文 纳莫 拉特纳特拉雅雅 纳玛赫 加恩达 瓦吉拉巴纳耶 玛哈 雅克沙 塞纳巴达耶 嗡 苏姆巴 尼 苏姆巴 吽 嗡 格里 赫纳 格里 赫纳 吽 嗡 格里 赫纳 巴 雅 格里 赫纳 巴 雅 吽 嗡 阿 纳 雅 霍 巴 嘎 瓦纳 维德雅 拉 扎 雅 吽 帕特。玛玛基印,从金刚掌收拇指、两无名指和小指向内,诵〔梵文 namaḥ sa manta vajrā nāṃ | tri ta tri ta jayanti svāhā · 藏文 ན་མཿས་མནྟ་བཛྲཱ་ནཱཾ། ཏྲི་ཏ་ཏྲི་ཏ་ཛ་ཡནྟི་སྭཱ་ཧཱ། · 中文 纳玛赫 萨 玛恩达 瓦吉拉 纳姆 特里 达 特里 达 扎雅恩迪 斯瓦哈〕;甘露方便合印,金刚掌伸两中指,食指在后作钩。诵〔梵文 khā dha khā dha | a mṛ ti ātma ka svāhā · 藏文 ཁཱ་དྷ་ཁཱ་དྷ། ཨ་མྲྀ་ཏི་ཨཱཏྨ་ཀ་སྭཱ་ཧཱ། · 中文 卡 达 卡 达 阿 姆里 迪 阿特玛 卡 斯瓦哈〕。胜尊咒〔梵文 namo vajra pāṇi sya | oṃ ja ye ja ye ba he svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛ་ཡེ་ཛ་ཡེ་བ་ཧེ་སྭཱ་ཧཱ། · 中文 纳莫 瓦吉拉 巴尼 斯雅 嗡 扎 耶 扎 耶 巴 黑 斯瓦哈〕。殊胜尊咒〔梵文 oṃ vajra pāṇi sya | oṃ vi ja ye vi kra me trai lokya vi kra me svāhā · 藏文 ཨོཾ་བཛྲ་པཱ་ཎི་སྱ། ཨོཾ་བི་ཛ་ཡེ་བི་ཀྲ་མེ་ཏྲཻ་ལོཀྱ་བི་ཀྲ་མེ་སྭཱ་ཧཱ། · 中文 嗡 瓦吉拉 巴尼 斯雅 嗡 维 扎 耶 维 克拉 梅 特赖 洛克雅 维 克拉 梅 斯瓦哈〕。

ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲོད་ཀེ་སྭཱ་ཧཱ། རྡོ་རྗེ་མཆོག་གི་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཙྪིནྡ་སྭཱ་ཧཱ། རྡོ་རྗེ་རྟགས་ཀྱི་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སྭ་ར་བི་ཀ་བི་ཤུདྡྷེ་རཏྣ་སྭཱ་ཧཱ། བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཏྲི་ཏང་ཀུ་སྭཱ་ཧཱ། ཤིན་ཏུ་བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྲཱི་བ་ཡེ་སྭཱ་ཧཱ། པདྨ་མཚན་གྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ཤུདྡྷེ་སྭཱ་ཧཱ། པདྨའི་ཕྲེང་བའི་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་པྲ་མརྡ་ནི་སྭཱ་ཧཱ། གཡུང་དྲུང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་བིདྷྭ་ས་ན་པྲ་མརྡ་ནི་ཙྪིནྡ་ཙྪིནྡ་སྭཱ་ཧཱ་མདུང་རྩེ་གསུམ་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་བི་ནཱ་ཡ་ཀ་ནཱ་ཤ་ནི་སྭཱ་ཧཱ། རྡོ་རྗེ་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་སརྦ་ཤ་ཏྲཱུཾ་པྲ་མརྡ་ནི་སྭཱ་ཧཱ། མཆེ་བའི་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཨ་དི་ཤ་ཡ་བི་ཀྲ་མེ་སྭཱ་ཧཱ། མདུང་ཐུང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཀླུ་ལག་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་པཱ་ཤ་ཡེ་སྭཱ་ཧཱ། ཞགས་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཁངྒ་སྭཱ་ཧཱ་རལ་གྲིའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་མ་ཧཱ་དཎྜི་སྭཱ་ཧཱ། དབྱུག་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཙཀྲཱ་ཡུ་དྷ་ཀེ་སྭཱ་ཧཱ། འཁོར་ལོའི་གསང་སྔགས་སོ། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ལས་གཡས་པའི་ཁུ་ཚུར་བཅངས་པ་ནི་རྒྱལ་བའི་འོ། །གུང་མོ་གཉིས་གཞིབས་ནས་བརྐྱང་པ་ནི་རྣམ་པར་རྒྱལ་བའི་འོ། །སྲིན་ལག་དང་གུང་མོ་གཉིས་ཀ་བརྐྱང་བ་ནི་རྡོ་རྗེ་མཚན་གྱིའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་ཕྲལ་ནས་བྲང་དཀྱིལ་དུ་བཞག་པ་ནི་རྡོ་རྗེ་རྟགས་ཀྱིའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་ཉིད་བྲང་དཀྱིལ་དུ་བཞག་པ་ནི་བཀྲ་ཤིས་ཀྱིའོ། །ལྟེ་བར་གཞག་པ་ནི་ཤིན་ཏུ་བཀྲ་ཤིས་ཀྱིའོ། །ཐལ་མོ་ཁ་ཕྱེ་བ་འདྲ་བ་ནི་པདྨའི་ཕྱག་རྒྱའོ། །ཐལ་མོ་ཁ་ཕྱེ་བ་པདྨའི་ཕྲེང་གི་ཕྱག་རྒྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཐེ་བོ་དང་སྲིན་ལག་གཉིས་བསྣོལ་བ་ནི་གཡུང་དྲུང་གིའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་ནས་མཛུབ་མོ་གཉིས་རྒྱབ་ཏུ་གཞག་པ་ནི་མདུང་རྩེ་གསུམ་པའི་འོ། །རྡོ་རྗེ་ཐལ་མོ་ལས་སྲིན་ལག་ནང་དུ་མཐེ་བོས་མནན་པ་ནི་རྡོ་རྗེའི་འོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་བ་ནི་མཆེ་བའིའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལྟར་ལག་ངར་གཉིས་རྒྱབ་ཏུ་སྤྲད་ལ་གུང་མོ་གཉིས་གཤིབས་པ་ནི་མདུང་ཐུང་གིའོ། །ལག་ངར་གཉིས་རྒྱབ་སྤྲད་ལ། མཐེ་བོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ལ་སོར་མོ་དྲུག་སྦྲུལ་མགོའི་གདེངས་ཀ་ལྟར་བརྐྱང་བ་ནི་ཀླུ་ལག་གིའོ། །ལག་པ་གཉིས་རྒྱབ་སྤྲད་ལ་མཐེའུ་ཆུང་མནན་པ་ནི་ཞགས་པའི་ཕྱག་རྒྱའོ། །ལག་ངར་གཉིས་གཤིབས་ནས་མཐེ་བོས་མཛུབ་མོ་མནན་ལ་སོར་མོ་གསུམ་བརྐྱང་བ་ནི་རལ་གྲིའི་ཕྱག་རྒྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱེན་དུ་བསྒྲེང་བའི་གུང་མོ་གཉིས་བརྐྱང་པ་ནི་དབྱུག་པའི་ཕྱག་རྒྱའོ། །གཡོན་པ་ཁ་བུབ་པའི་སྟེང་དུ་གཡས་བརྐྱང་ལ་ཁ་བུབ་ནས་གཞག་པ་ནི་འཁོར་ལོའི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་བཅོ་བརྒྱད་བཅིངས་ནས་བཟླས་པར་བྱ་སྟེ། དཀྱིལ་འཁོར་ལ་དགོད་པའི་ཐབས་བཤད་པ་ནི་རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། རྡོ་རྗེ་མཚན་ནི་ཤར་དུའོ། ། རྡོ་རྗེ་རྟགས་དང་། བཀྲ་ཤིས་དང་ཤིན་ཏུ་བཀྲ་ཤིས་ནི་བྱང་དུའོ། །པདྨའི་མཚན་དང་པད་ཕྲེང་དང་། གཡུང་དྲུང་རིས་ནི་ལྷོ་ཕྱོགས་སུའོ། །མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་མཆེ་བ་ནི་ནུབ་ཕྱོགས་སུའོ། །དཀྱིལ་འཁོར་གྱི་ནང་གི་ཤར་དུ་མདུང་ཐུང་། ལྷོར་ཀླུ་ལག །ནུབ་ཏུ་རལ་གྲི། བྱང་དུ་ཞགས་པ། དབྱིག་པ་དང་འཁོར་ལོ་གཉིས་ནི་གཙོ་བོའི་མདུན་དང་རྒྱབ་ཏུའོ། །གཡས་དང་གཡོན་དུ་ནི་མཱ་མ་ཀཱིའི་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་དང་བདུད་རྩི་ཐབ་སྦྱོར་རོ། །རིག་པ་མཆོག་ལས་མཱ་མ་ཀཱི་དེར་བཞག་ན་རིག་སྔགས་འགྲུབ་པར་ཐེ་ཚོམ་མི་བྱའོ་ཞེས་གསུངས་སོ། །སྔགས་ཟློས་པའི་ཚེ་

其后依次列最胜金刚〔梵文 namo vajra pāṇi sya | oṃ bajrod ke svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲོད་ཀེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 巴吉罗德 克 斯瓦哈〕、金刚标〔梵文 namo vajra pāṇi sya | oṃ vajra cchinda svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཙྪིནྡ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 瓦吉拉 加奇恩达 斯瓦哈〕吉祥〔梵文 namo vajra pāṇi sya | oṃ sva ra vi ka vi śuddhe ratna svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སྭ་ར་བི་ཀ་བི་ཤུདྡྷེ་རཏྣ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 斯瓦 拉 维 卡 维 舒德德 拉特纳 斯瓦哈〕祥、极吉祥〔梵文 namo vajra pāṇi sya | oṃ tri taṅa ku svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཏྲི་ཏང་ཀུ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 特里 达昂 库 斯瓦哈〕、莲花相〔梵文 namo vajra pāṇi sya | oṃ śrī ba ye svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྲཱི་བ་ཡེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 希里 巴 耶 斯瓦哈〕、莲花鬘〔梵文 namo vajra pāṇi sya | oṃ vi śuddhe svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ཤུདྡྷེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 维 舒德德 斯瓦哈〕、卐字〔梵文 namo vajra pāṇi sya oṃ pra marda ni svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་པྲ་མརྡ་ནི་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 普拉 玛尔达 尼 斯瓦哈〕、三叉矛〔梵文 namo vajra pāṇi sya oṃ bidhva sa na pra marda ni cchinda cchinda svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་བིདྷྭ་ས་ན་པྲ་མརྡ་ནི་ཙྪིནྡ་ཙྪིནྡ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 比德瓦 萨 纳 普拉 玛尔达 尼 加奇恩达 加奇恩达 斯瓦哈〕、金刚〔梵文 namo vajra pāṇi sya oṃ vi nā ya ka nā śa ni svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་བི་ནཱ་ཡ་ཀ་ནཱ་ཤ་ནི་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 维 纳 雅 卡 纳 夏 尼 斯瓦哈〕、獠牙〔梵文 namo vajra pāṇi sya sarva śatrūṃ pra marda ni svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་སརྦ་ཤ་ཏྲཱུཾ་པྲ་མརྡ་ནི་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 萨尔瓦 夏特鲁姆 普拉 玛尔达 尼 斯瓦哈〕、短矛〔梵文 namo vajra pāṇi sya oṃ a di śa ya vi kra me svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཨ་དི་ཤ་ཡ་བི་ཀྲ་མེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 阿 迪 夏 雅 维 克拉 梅 斯瓦哈〕、龙手〔梵文 namo vajra pāṇi sya oṃ hūṃ phaṭ svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 吽 帕特 斯瓦哈〕、索〔梵文 namo vajra pāṇi sya oṃ pā śa ye svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་པཱ་ཤ་ཡེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 巴 夏 耶 斯瓦哈〕、剑〔梵文 namo vajra pāṇi sya oṃ khaṅga svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཁངྒ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 卡恩嘎 斯瓦哈〕、棒〔梵文 namo vajra pāṇi sya oṃ mahā daṇḍi svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ་ཨོཾ་མ་ཧཱ་དཎྜི་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 玛哈 达恩迪 斯瓦哈〕、轮〔梵文 namo vajra pāṇi sya | oṃ cakrā yu dha ke svāhā · 藏文 ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཙཀྲཱ་ཡུ་དྷ་ཀེ་སྭཱ་ཧཱ · 中文 纳莫 瓦吉拉 巴尼 斯雅 嗡 加克拉 尤 达 克 斯瓦哈〕诸咒。十八印从持金刚印开始:右手握拳是胜印;中指并伸为殊胜;无名指、中指齐伸为金刚相;持金刚母印两手分开置胸为金刚标,不分而置胸为吉祥,置脐为极吉祥。双掌似开莲为莲花印,掌全开为莲鬘。降三世印两拇与无名指交为卐印。金刚缚伸中指,食指置其后为三叉。金刚掌屈无名指向内,以拇指压为金刚。左拳上高竖右拳食指为獠牙。如降三世印,两前臂背相对,中指并为短矛。两前臂背相对,拇指与小指锁连,六指伸出如蛇冠为龙手。两手背相对压小指为索。两前臂并合,拇压食指,三指伸为剑。双金刚拳向上,中指伸为棒。左手覆,右手平伸覆其上为轮。结十八印念诵。坛中东方列胜、殊胜、金刚相,北方金刚标、吉祥、极吉祥,南方莲花相、莲花鬘、卐字,西方三叉、金刚、獠牙。内坛东短矛、南龙手、西剑、北索;主尊前后为棒、轮,右左为持金刚钩玛玛基及甘露方便合。《最胜明》说:「若在那里安玛玛基,明咒必定成就,不应怀疑。」

རིག་སྔགས་འདི་རྣམས་གདོན་གང་ལ་བྱ་ཞེ་ན། རྒྱལ་བས་ལྷའི་གདོན་རྣམས་སོ། །རྣམ་པར་རྒྱལ་བས་སྙིང་ནད་སྐྱེ་བའི་དྲི་ཟའོ། །རྡོ་རྗེ་མཚན་གྱིས་འབྱུང་པོ་ལའོ། །རྡོ་རྗེ་རྟགས་ནི་ལྷ་མ་ཡིན་ལའོ། །བཀྲ་ཤིས་ཀྱིས་ཚངས་པའི་སྲིན་པོ་ལའོ། །ཤིན་ཏུ་བཀྲ་ཤིས་ཀྱིས་གནོད་སྦྱིན་ལའོ། །པདྨའི་མཚན་གྱིས་སྲིན་པོ་ལའོ། །པདྨ་ཕྲེང་གིས་གཟུ་ལུམས་ཅན་ཡུགས་ས་མའི་གདོན་ལའོ། །གཡུང་དྲུང་རིས་ཀྱིས་བི་ས་ར་ལ་བོང་བུའི་གདོང་ཅན་ལའོ། །རྩེ་གསུམ་པས་ནི་སྨྱོ་བྱེད་ལའོ། །རྡོ་རྗེས་ནི་ལོག་འདྲེན་ལའོ། །མཆེ་བས་ཤ་ཟ་ལའོ། །མདུང་ཐུང་གིས་བརྗེད་བྱེད་ལའོ། །ཀླུ་ལག་ནི་དུག་སྐྱེད་པའི་ཀླུ་ལའོ། །ཞགས་པ་ནི་ནམ་གྲུ་ལའོ། །རལ་གྲི་ནི་བྱ་ལ་བསྟན་པར་བྱའོ། །དབྱུག་པ་ནི་སྐེམ་བྱེད་ལའོ། །འཁོར་ལོ་ནི་གཞོན་ནུ་ལའོ། །མཱ་མ་ཀཱིའི་ཕྱག་རྒྱ་ནི་ཐམས་ཅད་ལའོ། །རྡོ་རྗེ་ལྕགས་ཀྱུ་བསྟན་བྱ་ཞིང་། །རྡོ་རྗེ་འཛིན་བཀའ་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་སྔགས་བསྟན་པས། །གདོན་རྣམས་ཐམས་ཅད་འཇིག་པར་བྱེད། །ཅེས་གསུངས་པས་རང་ཕྱག་ན་རྡོ་རྗེར་བསྒོམ་པར་ངེས་སོ། །རྒྱལ་བ་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་ཆང་ཟུངས་ཅན་བྲིའོ། །དེ་བསམས་ལ་བཟླས་པས་སའི་གདོན་གྱི་ཕོ་ཉ་ཐམས་ཅད་ཀྱིས་མི་ཚུགས་སོ། །རྣམ་པར་རྒྱལ་བ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པ་མེ་འོད་འབར་བ་བསམས་ལ་སྔགས་དང་ཕྱག་རྒྱ་བཟླས་པས་ཚངས་པའི་ཆུའི་གདོན་གྱིས་མི་ཚུགས་སོ། །རྡོ་རྗེ་མཚན་གྱི་རྡོ་རྗེ་རྩེ་གསུམ་པ་བསམས་ནས་ཕྱག་རྒྱ་བཅིངས་ཤིང་བཟླས་པས་ལྷ་ཆེན་པོ་མེའི་གདོན་གྱིས་མི་ཚུགས་པར་བདེན་པའོ། །རྡོ་རྗེ་རྟགས་ཀྱི་སྔགས་དང་ཕྱག་རྒྱ་བཅིངས་པ་ལོག་འདྲེན་རྣམས་ཀྱིས་མི་ཚུགས་པས་སྲ་བའོ། །བཀྲ་ཤིས་ཀྱི་སྔགས་དང་ཕྱག་རྒྱ་བཅིངས་པས་རྡོ་རྗེ་སྡེའི་རིགས་ཀྱི་དམྱལ་བས་མི་ཚུགས་པས་བརྟན་པའོ། །ཤིན་ཏུ་བཀྲ་ཤིས་ཀྱི་སྔགས་དང་ཕྱག་རྒྱ་བཅིངས་པས་ཕུར་བུ་གསུམ་པ་སྟེ་{ཡི་དགས་,ཡི་དྭགས་}ཀྱིས་མི་ཚུགས་པས་ཐོགས་པ་མེད་པའོ། །པདྨའི་མཚན་ནི་སྤྱན་རས་གཟིགས་དབང་ཕྱུག་སྟེ། བྱོལ་སོང་གི་སེམས་ཀྱིས་མི་ཚུགས་པས་མ་ཕམ་པའོ། །པདྨ་ཕྲེང་ནི་དཔལ་ཆེན་མོ་སྟེ་མིའི་སེམས་སྐྲག་པར་བྱེད་པའོ། །གཡུང་དྲུང་ནི་ཚོགས་ཀྱི་ལྷ་རྣམས་ཏེ། ལྷ་དང་ལྷ་མ་ཡིན་གྱི་སེམས་འཇིལ་བར་བྱེད་པའོ། །མདུང་རྩེ་གསུམ་པས་ནི་རྫིང་གི་ལྷ་མོ་སྟེ། གནོད་སྦྱིན་གྱི་རིགས་རྣམས་གཅོད་པར་བྱེད་པའོ། །རྡོ་རྗེ་ནི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་ཏེ། སྲིན་པོ་རྣམས་གནོན་པར་བྱེད་པའོ། །མཆེ་བ་ནི་མ་མོ་རྣམས་ཀྱི་སྟེ་རང་གི་ལས་དང་ཉོན་མོངས་པ་འཇིག་པར་བྱེད་པའོ། །མདུང་ཐུང་ནི་སྨིན་དྲུག་གི་བུ་ཀརྟི་ཀ་སྟེ་གཞན་གྱི་ལས་འཇིག་པར་བྱེད་པའོ། །ཀླུ་ལག་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་སྟེ། བདག་གི་གདོན་གཟའ་ཆེན་པོ་རྣམས་རླག་པར་བྱེད་པའོ། །ཞགས་པ་ནི་འཇིག་རྟེན་སྐྱོང་བའི་སྟེ། གཞན་ནི་གདོན་མ་རུངས་པའི་འཁོར་ལོ་ལས་ཐར་བར་བྱེད་པའོ། །རལ་གྲི་ནི་མིའི་སྟེ། འབྱུང་པོ་རྣམས་འགུགས་པར་བྱེད་པའོ། །དབྱུག་པ་ནི་སའི་ལྷ་མོ་སྟེ། ཕྲིན་ལས་རྣམ་བཞི་བྱེད་དུ་འཇུག་པའོ། །འཁོར་ལོ་ནི་ནོར་ལྷ་སྟེ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའོ། །བདུད་རྩི་ཐབ་སྦྱོར་གྱིས་ནི་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའོ། །རྡོ་རྗེ་མཱ་མ་ཀཱིས་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པའོ། །དེ་ལྟར་ན་ལྷ་ཉི་ཤུ་རྩ་གཅིག་གི་ཕྱག་རྒྱ་བཅིང་བ་བཤད་པ་ཡིན་ནོ། །དཀྱིལ་འཁོར་དང་པོའི་སྔགས་དང་ཕྱག་རྒྱ་བཅིང་བ་རྫོགས་སོ།། །།དཀྱིལ་འཁོར་གཉིས་པ་ལ་མོས་པའི་སྔགས་དང་ཕྱག་རྒྱ་བཅིང་བ་བཤད་པ་ནི་བདག་ཉིད་ཆོ་ག་དྲུག་གིས་ལྷར་བསྐྱེད་ནས། མདུན་དུ་སྔ་མ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་རིགས་ཀྱི་ཁྲོ་བོ་བཞག་པས། ཤར་

念咒时这些明咒分别用于何祟?胜对天祟,殊胜对令人生心病的乾闼婆,金刚相对部多,金刚标对阿修罗,吉祥对梵罗刹,极吉祥对夜叉,莲花相对罗刹,莲鬘对孕妇与寡妇的祟,卐字对驴面毗萨罗,三叉对狂鬼,金刚对邪引,獠牙对食肉鬼,短矛对失忆鬼,龙手对生毒的龙,索对舟宿,剑向鸟示,棒对枯槁鬼,轮对童子。玛玛基印通一切。经说:「应示金刚钩,诵持金刚命;金刚手说咒,能坏一切祟。」可知自身定观为金刚手。 在胜尊台上绘有柄三股金刚,观想念诵,说地祟使者不能侵。殊胜尊以杖头三股金刚火光炽盛,结印诵咒,说梵天水祟不能侵。金刚相以三股金刚为观,结印念诵,不为大天火祟所侵,故「真实」。金刚标咒印,不为邪引所侵,故「坚硬」。吉祥咒印不为金刚军部地狱所侵,故「稳固」。极吉祥咒印是三橛,不为饿鬼所侵,故「无碍」。莲花相即观自在,不为畜生心所侵,故「不败」。莲鬘是大吉祥女,使人心怖畏。卐字是诸众主天,使天和非天心慑服。三叉是池天女,截断夜叉部。金刚是忿怒甘露方便合,镇罗刹。獠牙属鬼母,摧自身业与烦恼。短矛是昴宿子迦尔底迦,摧他业。龙手是海龙王,灭自身所受大曜祟。索属护世者,解他人于恶祟之轮。剑属人,召部多。棒是地天女,发动四事业。轮是财神,使未成者成。甘露方便合使已成者不空过,金刚玛玛基充分施一切所欲。以上说二十一尊印。第一坛咒印毕。

ཕྱོགས་སུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ནས། སྔགས་ནི་ཏྲ་ཊ་ཏྲ་ཊ་ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཨཥྚ་ཧ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། ལྷོ་ཕྱོགས་སུ་རིན་ཆེན་རིགས་ཀྱི་རྣམ་པར་རྒྱལ་བའི་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་སྥུ་ཊ་སྥུ་ཊ་སྥོ་ཊ་ཡ་སྥོ་ཊ་ཡ་ཧེ་ཕུལླུ་ནི་རུ་ཕུལླུ་གྲྀཧྞ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ནུབ་ཕྱོགས་སུ་པདྨའི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་བུ་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། གྷུརྞ་གྷུརྞ་གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྱང་ཕྱོགས་སུ་ལས་ཀྱི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་སྨྱོས་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། སརྦ་སཏྭ་ནི་བོ་དྷ་ཡ་བོ་དྷ་ཡ་སཾ་བོ་དྷ་ཡ་སཾ་བོ་དྷ་ཡ་ཀ་ཊ་ཀ་ཊ་མ་ཊ་མ་ཊ་ར་ཊ་ར་ཊ་མོ་ཊ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཤར་ལྷོ་མཚམས་ཀྱི་ཕུར་བུ་ཆེན་པོ་ནི་བྷྲ་མ་བྷྲ་མ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཙྪིནྡ་ཙྪིནྡ་བྷིནྡ་བྷིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ལྷོ་ནུབ་མཚམས་ཀྱི་ཁྲོ་བོ་ཕུར་བུའི་སྔགས་ནི། ཨོཾ་སརྦ་བྷཱུ་ཏ་ནི་ཀུཊྚ་ཀུཊྚ་སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་བནྡྷ་བནྡྷ་ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ནུབ་བྱང་མཚམས་ཀྱི་ཕུར་བུ་གཏུམ་པོའི་སྔགས་ནི། ཨོཾ་སརྦ་ཤ་ཏྲཱུཾ་གྷ་ཊ་ནཱན། གྷ་ཊ་གྷ་ཊ། སངྒྷ་ཊ་ཡ་སངྒྷ་ཊ་ཡ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྱང་ཤར་མཚམས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་བུའི་སྔགས་ནི། ཨོཾ་སརྦ་བིདྱཱ་བཛྲ་བཛྲ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་བཞིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་ཕུར་པ་གཞིབས་པ་ནི་ཕུར་བུའི་ཕྱག་རྒྱའོ། །ཤར་ཕྱོགས་ཀྱི་སྒོ་བ་རྡོ་རྗེ་འཛིན་པའི་སྔགས་ནི། ཨོཾ་སྥུ་ཊ་སྥུ་ཊ་བཛྲ་བཛྲ། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། ལྷོའི་སྒོ་བ་རྡོ་རྗེ་རབ་ཏུ་འཇིགས་པའི་སྙིང་པོ་ནི། ཨོཾ་ཀ་ཊ་ནི་བཛྲ་བཛྲ་པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། ནུབ་ཀྱི་སྒོ་བ་རྡོ་རྗེ་མགྱོགས་པའི་སྙིང་པོ་ནི། ཨོཾ་མ་ཊ་བཛྲ་བཛྲ་མ་ཏི་སྠི་ར་བཛྲ་སུ་ཏི་སྠི་ར་བཛྲ་པྲ་ཏི་སྠི་ར་བཛྲ་མ་ཧཱ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ་ཤཱི་གྷྲཾ་བཛྲཱ་ཡ་སྭཱ་ཧཱ། བྱང་ཕྱོགས་ཀྱི་སྒོ་བ་རྡོ་རྗེ་བསྒྱུར་བའི་སྙིང་པོ་ནི། ཨོཾ་མ་ཐ་བཛྲ་བཛྲ་དྷི་རི་དྷི་རི་དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨ་བརྟཱ་ཡ་སྭཱ་ཧཱ། དེ་རྣམས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་། དྲིལ་བུའི་ཕྱག་རྒྱ་ཉིད་ཀྱིས་སོ། །དེ་ལྟར་སྔགས་དང་ཕྱག་རྒྱ་བཅིངས་ནས། བསྒྲུབ་པའི་ལྷ་ནི་ཡི་གེ་ཧཱུཾ་ལས་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་རྡོ་རྗེ་དང་སྡིགས་མཛུབ་བསྣམས་པ་བསྐྱེད་ལ་དེའི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་བཅུ་གཉིས་སྤྲུལ་ནས། དེ་དང་ཡེ་ཤེས་སེམས་དཔའ་ཐ་མི་དད་པར་གྱུར་པ་ལས། སྔགས་དང་ཕྱག་རྒྱ་བཅིངས་ནས་སྒྲུབ་པོ་ཞེས་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས་གསུངས་སོ། །ཡང་ན་སྔ་མའི་གནས་དེའི་སྟེང་དུ་

以六支仪轨自身成本尊,在面前与前相同的宫殿安金刚部忿怒尊。东方结降三世印,诵〔梵文 traṭa traṭa troṭaya troṭaya aṣṭa ha sa nī la vajra suvajrāya svāhā · 藏文 ཏྲ་ཊ་ཏྲ་ཊ་ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཨཥྚ་ཧ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། · 中文 特拉达 特拉达 特罗达雅 特罗达雅 阿什达 哈 萨 尼 拉 瓦吉拉 苏瓦吉拉雅 斯瓦哈〕;南方宝部殊胜尊结宝吽迦罗印,诵〔梵文 oṃ sphuṭa sphuṭa sphoṭaya sphoṭaya he phullu niru phullu gṛhṇa ku lu mi li cu lu ku ru ku lu vajra vijayāya svāhā · 藏文 ཨོཾ་སྥུ་ཊ་སྥུ་ཊ་སྥོ་ཊ་ཡ་སྥོ་ཊ་ཡ་ཧེ་ཕུལླུ་ནི་རུ་ཕུལླུ་གྲྀཧྞ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། · 中文 嗡 斯普达 斯普达 斯波达雅 斯波达雅 黑 普勒卢 尼鲁 普勒卢 格里赫纳 库 卢 米 利 居 卢 库 鲁 库 卢 瓦吉拉 维扎雅雅 斯瓦哈〕。西方莲部忿怒金刚橛结法吽迦罗印,诵〔梵文 ghurṇa ghurṇa ghurṇā pa ya ghurṇā pa ya kīli kīlāya svāhā · 藏文 གྷུརྞ་གྷུརྞ་གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། · 中文 古尔纳 古尔纳 古尔纳 巴 雅 古尔纳 巴 雅 基利 基拉雅 斯瓦哈〕。北方事业部忿怒狂金刚结事业吽迦罗印,诵梵文 sarva satva ni bodhaya bodhaya saṃbodhaya saṃbodhaya kaṭa kaṭa maṭa maṭa raṭa raṭa mo ṭa pra mo ṭa nā ya svāhā藏文 སརྦ་སཏྭ་ནི་བོ་དྷ་ཡ་བོ་དྷ་ཡ་སཾ་བོ་དྷ་ཡ་སཾ་བོ་དྷ་ཡ་ཀ་ཊ་ཀ་ཊ་མ་ཊ་མ་ཊ་ར་ཊ་ར་ཊ་མོ་ཊ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ།中文 萨尔瓦 萨特瓦 尼 波达雅 波达雅 萨姆波达雅 萨姆波达雅 卡达 卡达 玛达 玛达 拉达 拉达 莫 达 普拉 莫 达 纳 雅 斯瓦哈。东南大橛〔梵文 bhrama bhrama saṃbhramaya saṃbhramaya cchinda cchinda bhinda bhinda mahā kīli kīlāya svāhā · 藏文 བྷྲ་མ་བྷྲ་མ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཙྪིནྡ་ཙྪིནྡ་བྷིནྡ་བྷིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། · 中文 布拉玛 布拉玛 萨姆布拉玛雅 萨姆布拉玛雅 加奇恩达 加奇恩达 比恩达 比恩达 玛哈 基利 基拉雅 斯瓦哈〕;西南忿怒橛〔梵文 oṃ sarva bhūta ni kuṭṭa kuṭṭa saṃkuṭaya saṃkuṭaya bandha bandha krodha krodha kīli kīlāya svāhā · 藏文 ཨོཾ་སརྦ་བྷཱུ་ཏ་ནི་ཀུཊྚ་ཀུཊྚ་སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་བནྡྷ་བནྡྷ་ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། · 中文 嗡 萨尔瓦 布达 尼 库特达 库特达 萨姆库达雅 萨姆库达雅 巴恩达 巴恩达 克罗达 克罗达 基利 基拉雅 斯瓦哈〕;西北猛烈橛〔梵文 oṃ sarva śatrūṃ ghaṭa nāna | ghaṭa ghaṭa | saṅgha ṭa ya saṅgha ṭa ya | curu curu caṇḍa kīli kīlāya svāhā · 藏文 ཨོཾ་སརྦ་ཤ་ཏྲཱུཾ་གྷ་ཊ་ནཱན། གྷ་ཊ་གྷ་ཊ། སངྒྷ་ཊ་ཡ་སངྒྷ་ཊ་ཡ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། · 中文 嗡 萨尔瓦 夏特鲁姆 嘎达 纳纳 嘎达 嘎达 萨恩嘎 达 雅 萨恩嘎 达 雅 居鲁 居鲁 加恩达 基利 基拉雅 斯瓦哈〕;东北忿怒金刚橛〔梵文 oṃ sarva vidyā vajra vajra | trāsaya trāsaya | vajra kīli kīlāya svāhā · 藏文 ཨོཾ་སརྦ་བིདྱཱ་བཛྲ་བཛྲ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། · 中文 嗡 萨尔瓦 维德雅 瓦吉拉 瓦吉拉 特拉萨雅 特拉萨雅 瓦吉拉 基利 基拉雅 斯瓦哈〕。四者同用橛印,即金刚缚,中指并贴如金刚橛。东门持金刚,南门金刚大畏,西门速金刚,北门转金刚,心咒依次为〔梵文 oṃ sphuṭa sphuṭa vajra vajra | hara hara vajra dhā rā ya svāhā · 藏文 ཨོཾ་སྥུ་ཊ་སྥུ་ཊ་བཛྲ་བཛྲ། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། · 中文 嗡 斯普达 斯普达 瓦吉拉 瓦吉拉 哈拉 哈拉 瓦吉拉 达 拉 雅 斯瓦哈〕〔梵文 oṃ ka ṭa ni vajra vajra prahara prahara | vajra prabhañjanāya svāhā · 藏文 ཨོཾ་ཀ་ཊ་ནི་བཛྲ་བཛྲ་པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། · 中文 嗡 卡 达 尼 瓦吉拉 瓦吉拉 普拉哈拉 普拉哈拉 瓦吉拉 普拉巴尼扎纳雅 斯瓦哈〕梵文 oṃ maṭa vajra vajra mati sthira vajra su ti sthi ra vajra prati sthira vajra mahā vajra apratihata vajra | amogha vajra | ehi vajra śīghraṃ vajrāya svāhā藏文 ཨོཾ་མ་ཊ་བཛྲ་བཛྲ་མ་ཏི་སྠི་ར་བཛྲ་སུ་ཏི་སྠི་ར་བཛྲ་པྲ་ཏི་སྠི་ར་བཛྲ་མ་ཧཱ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ་ཤཱི་གྷྲཾ་བཛྲཱ་ཡ་སྭཱ་ཧཱ།中文 嗡 玛达 瓦吉拉 瓦吉拉 玛迪 斯提拉 瓦吉拉 苏 迪 斯提 拉 瓦吉拉 普拉迪 斯提拉 瓦吉拉 玛哈 瓦吉拉 阿普拉迪哈达 瓦吉拉 阿莫嘎 瓦吉拉 诶希 瓦吉拉 希格拉姆 瓦吉拉雅 斯瓦哈〔梵文 oṃ matha vajra vajra dhiri dhiri dhuru dhuru | sarva vajra ku laṃ a bartā ya svāhā · 藏文 ཨོཾ་མ་ཐ་བཛྲ་བཛྲ་དྷི་རི་དྷི་རི་དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨ་བརྟཱ་ཡ་སྭཱ་ཧཱ། · 中文 嗡 玛塔 瓦吉拉 瓦吉拉 迪里 迪里 杜鲁 杜鲁 萨尔瓦 瓦吉拉 库 拉姆 阿 巴尔达 雅 斯瓦哈〕。各印依次为金刚钩、索、锁、铃。如是结印诵咒。修尊由〔梵文 hūṃ · 藏文 ཧཱུཾ · 中文 吽〕字生主尊摧破金刚,持金刚,作期克指,从心间吽化十二忿怒尊,与智慧尊无别,结印诵咒而修。这是《金刚手灌顶》所说。

ཏྲ་བ་ཏིའི་ཁྲོ་བོ་ལྔ་དང་། ཕྱོགས་སྐྱོང་བ་བཅུ་དང་བཅས་པ་སྤྱན་དྲངས་ལ། དབུས་ཀྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་རྒྱ་གྲམ་ཕྱོགས་གཅིག་མེད་པ་བསྣམས་པ། དེའི་ཕྱག་རྒྱ་ནི་ཐལ་མོ་སྦྱར་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ལས་སྲིན་ལག་གཉིས་ནང་དུ་བསྣོལ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། ཨོཾ་བཛྲ་བི་དཱ་ར་བཛྲ་ཧཱུཾ་ཕཊ། བཛྲ་ཡ་ན་སྭཱ་ཧཱ། བྱང་ཤར་མཚམས་ཀྱི་རྡོ་རྗེ་གཏུམ་པོ་དམར་ནག་རྡོ་རྗེ་རྩེ་གཅིག་པ་འཕྱར་ཏེ་བསྣམས་པའོ། །ཕྱག་རྒྱ་ནི་གཡོན་པ་སྡིགས་མཛུབ་སྙིང་གར་གཞག་ལ་གཡས་པ་བ་དན་གསུམ་པ་འཕྱར་བ་དང་། སྔགས་ནི་ཨོཾ་མ་ཧཱ་ཙཎྜ་ཧཱུཾ་ཕཊ། སྟོབས་པོ་ཆེ་ནི་རྡོ་རྗེ་ཀ་ན་ཡ་ཞེས་བྱ་བ་རྡོ་རྗེ་ནས་འབྲས་འདྲ་བ་བསྣམས་པ་སྐུ་མདོག་ནག་པོའོ། །དེའི་ཕྱག་རྒྱ་ནི་ལག་པ་གཉིས་སྙིམ་པ་ཁོང་སྟོང་དུ་སྦྱར་ལ། སྔགས་ནི་ཨོཾ་མ་ཧཱ་བ་ལ་ཧཱུཾ་ཕཊ། གཞན་གྱིས་མི་ཐུབ་པ་ནི་རྡོ་རྗེ་རྩེ་གསུམ་པ་བསྣམས་པ་སྐུ་མདོག་ལྗང་སེར། ཕྱག་རྒྱ་ནི་ཛམྦྷ་ལའི་ཆུ་སྦྱིན་པའི་ཕྱག་རྒྱ་ཉིད་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་ཨ་ཛི་ཏ་ཧཱུཾ་ཕཊ། ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་སྲིན་པོ། སྟེང་དུ་ཚངས་པ་དང་ཉི་ཟླ། འོག་གི་སའི་ལྷ་རྣམས་ཀྱི་འཆད་པར་གྱུར་ཅིང་སྔགས་དང་ཕྱག་རྒྱས་བསྐུལ་བ་ལ་བཞུགས་སུ་གསོལ་བར་བྱའོ། །འཁྲུལ་འཁོར་བྱེད་པར་འདོད་ན་ཕྱིས་འཆད་པའི་ཁྲོ་བོ་བཅུ་གསུམ་བསམས་ལ། ཞི་བ་ནི་གྲོ་གའམ་རས་ལ་འཁྲུལ་འཁོར་བཅུ་གསུམ་པ་བྲིས་ལ་སྔགས་དང་ཕྱག་རྒྱས་བསྐུལ་བའམ། རྒྱས་པ་རས་སེར་པོ་ལ་བྲི་བའམ། དབང་ལ་བུད་མེད་ཀྱི་སྨད་ཤམ་ལ་བྲི་བའོ། །མངོན་སྤྱོད་ཀྱི་དུར་ཁྲོད་ཀྱི་རས་ལ་བྲི་བ་དང་། གི་ཝང་ངམ་གུར་གུམ་མམ་མཚལ་ལམ་དུག་གིས་བྲིས་ལ། ཁྲོ་བོ་བཅུ་གསུམ་པའི་སྔགས་དང་། ཕྱག་རྒྱ་བཅིང་བར་བྱའོ། །འཁྲུལ་འཁོར་བྲི་བ་ནི་འགྲེལ་པ་ལས་ཤེས་པར་བྱའོ། །ཡང་ན་དཀྱིལ་འཁོར་ལྔ་པ་ཕོ་ཉ་བཅུས་བསྐོར་བའི་ཕྱག་ན་རྡོ་རྗེ་གཞལ་ཡས་ཁང་གི་དབུས་སུ་གཞག་ལ། ཕྱིས་འཆད་པར་འགྱུར་བའི་སྔགས་དང་ཕྱག་རྒྱ་བཅིང་ཞིང་བསྒྲུབ་པར་བྱའོ། །ཡང་ན་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའི་དཀྱིལ་འཁོར་ཕྱིས་འཆད་པར་འགྱུར་བའི་སྔགས་དང་ཕྱག་རྒྱས་བཅིང་ཞིང་བསྒྲུབ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་དྲུག་གི་ཕྱག་རྒྱ་བཅིང་བའི་ཆོ་ག་རྫོགས་སོ།། །།ལྔ་པ་དཀྱིལ་འཁོར་དྲུག་གི་ཕྱིར་བཟློག་པའི་ཆོ་ག་བཤད་པ་ནི་ཕྱིར་བཟློག་པ་ལུས་ཀྱི་ཉེས་པ་ནི་ལྕེས་སྔགས་ཟློས་མི་ནུས་པ་དང་། ལག་པས་ཕྱག་རྒྱ་བཅིང་མི་ནུས་

又可在先前的住处,迎请特拉瓦底五忿怒尊及十护方。中央摧破金刚青绿色,右持五股、缺一方的十字金刚。其印合掌,从金刚界自在母印交叉两无名指向内,诵〔梵文 namo ratnatrayāya | namaś caṇḍa vajra pā ṇa ye | oṃ vajra vidāra vajra hūṃ phaṭ | vajra ya na svāhā · 藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། ཨོཾ་བཛྲ་བི་དཱ་ར་བཛྲ་ཧཱུཾ་ཕཊ། བཛྲ་ཡ་ན་སྭཱ་ཧཱ · 中文 纳莫 拉特纳特拉雅雅 纳玛希 加恩达 瓦吉拉 巴 纳 耶 嗡 瓦吉拉 维达拉 瓦吉拉 吽 帕特 瓦吉拉 雅 纳 斯瓦哈〕。东北暴烈金刚赤黑色,高举独股金刚;左作期克指置心,右手举三幡印。〔梵文 oṃ mahā caṇḍa hūṃ phaṭ · 藏文 ཨོཾ་མ་ཧཱ་ཙཎྜ་ཧཱུཾ་ཕཊ · 中文 嗡 玛哈 加恩达 吽 帕特〕大力尊身黑色,持名为迦那耶的麦粒形金刚,以双手虚心掬合为印。〔梵文 oṃ mahā ba la hūṃ phaṭ · 藏文 ཨོཾ་མ་ཧཱ་བ་ལ་ཧཱུཾ་ཕཊ · 中文 嗡 玛哈 巴 拉 吽 帕特〕不可胜身黄绿,持三股金刚,印同赡巴拉施水印。〔梵文 oṃ a ji ta hūṃ phaṭ · 藏文 ཨོཾ་ཨ་ཛི་ཏ་ཧཱུཾ་ཕཊ · 中文 嗡 阿 吉 达 吽 帕特〕东帝释、南阎魔、西水天、北夜叉、东北自在、东南火天、西南离实、西北罗刹,上方梵天、日月,下方地神,各依后说咒印敦请,祈其安住。欲作机轮,观后说十三忿怒尊。息灾画在桦皮或布上,以咒印劝请,增益在黄布,摄受在女子下裙布,猛业则在尸林布上,用牛黄、郁金、朱砂或原文称为「毒」的颜料绘之,结十三尊咒印。绘机轮法见注释。又可作第五坛,宫中央安十使者围绕的金刚手,结后说咒印成就;或六十四使女围绕之坛,亦依后说咒印成就。六坛结印法毕。

པ་དང་། རྐང་པས་སྐྱིལ་ཀྲུང་དང་སྟང་སྟབས་མི་ནུས་པ་དང་། མིག་གིས་སྐུ་གཟུགས་དང་མཆོད་རྟེན་དང་ལྷ་ལ་བལྟ་བར་མི་ནུས་པ་དང་། ངག་གི་ཉེས་པ་རྫུན་དང་ཕྲ་མ་དང་། ངག་འཁྱལ་བ་དང་ཚིག་རྩུབ་མོ་ལ་དགའ་བ་དང་། སེམས་ཀྱི་ཉེས་པ་བཟླས་བརྗོད་བྱེད་པའི་ཚེ་ཁྲོ་བ་དང་། འདོད་ཡོན་ལྔ་ལ་ཆགས་པ་ཆེ་བ་དང་། ཞུམ་པ་དང་མི་དགའ་བ་དང་། འཇིགས་པ་དང་འཇུངས་པ་དང་། རིག་སྔགས་ཟློས་པའི་ཚེ་སྦྲིད་པ་དང་ལུད་པ་དང་། གཏམ་གྱིས་བར་ཆོད་པའི་ཚེ་ཉེ་རེག་བྱས་ནས་ཕྱག་འཚལ་ཏེ། གཞི་ནས་བཟླས་བརྗོད་བརྩམས་ན་བཟླས་བརྗོད་ཀྱི་བགེགས་དང་བར་གཅོད་ཐམས་ཅད་བཟློག་ཅིང་ཟིལ་གྱིས་མནན་པར་འགྱུར་རོ། །བཟླས་པའི་ཕྱིར་བཟློག་པ་བཤད་ནས། མཆོད་པའི་ཕྱིར་བཟློག་པ་ནི། མཆོད་པ་དུས་གསུམ་དུ་བྱས་ན་བར་ཆོད་ཕྱིར་བཟློག་གོ། །རྫས་ཀྱིས་ཕྱིར་བཟློག་པ་ནི་ལྷ་ལ་བསྔོས་པའི་སྣོད་རྣམས་ཀྱང་ཉིན་རེ་བཞིན་ལན་རེ་རེ་བཀྲུ་བར་བྱའོ། ། མེ་ཏོག་ལ་སོགས་པའི་རྙིང་པ་རྣམས་དུས་གསུམ་དུ་ཕྱག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གླེགས་བམ་བཀླག་པ་དང་། མཆོད་རྟེན་དང་དཀྱིལ་འཁོར་དུས་གསུམ་དུ་བྱས་ན་བར་ཆད་རྣམས་ཕྱིར་བཟློག་པར་འགྱུར་རོ། །སློབ་མ་གདུལ་བྱའི་ཕྱིར་བཟློག་པ་ནི་བགེགས་ཀྱིས་བརླམས་པའམ། ནད་ཀྱིས་གཟིར་བའམ། ལྷོད་པ་དང་བག་མེད་པ་དང་། ལུས་དང་སེམས་སྐྱོ་བའམ། མ་བསྡམས་པའམ་མི་གཙང་བས་བཟླས་བརྗོད་བྱས་ན་བཟླས་པ་གྲངས་སུ་མི་གཏོགས་ཏེ། མཉམ་པར་མ་གཞག་པའི་བཟླས་བརྗོད་དང་། སྦྱིན་སྲེག་བྱས་པ་དང་། སྤྱན་དྲང་བའི་ཆོ་ག་བཟླས་པ་མ་རྫོགས་ན་གྲངས་སུ་མི་བརྩི་བས་ཟླ་བ་ཉི་མ་གཟས་ཟིན་པའི་ཚེ། སྔགས་སྟོང་བཟླས་ན་ཕྱིར་བཟློག་གི་བསྙེན་པར་ཐེ་ཚོམ་མེད་དོ། །སངས་རྒྱས་ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་ངམ་མཆོད་རྟེན་ནམ་ཆོ་འཕྲུལ་གྱི་ཟླ་བ་ལ་བཟླས་ན་བསྙེན་པར་འགྱུར་རོ། ། བླ་མ་ལ་སྔགས་ཀྱི་གནང་བ་མནོས་ན་ཡང་མྱུར་དུ་འགྲུབ་པར་འགྱུར་རོ། །བུམ་པ་སྤོས་ཆུས་བཀང་བ་ཏྲ་བ་ཏིའི་དཀྱིལ་འཁོར་ལྷ་ལྔ་པའམ། བཅུ་གསུམ་པའི་སྔགས་ཟློས་པའི་བུམ་པས་དབང་བསྐུར་ན་ཡང་ཕྱིར་བཟློག་པར་འགྱུར་རོ། །བུམ་པ་མ་རྙེད་ན་མཆོད་ཡོན་གྱི་སྣོད་མེ་ཏོག་དང་ཆུས་བཀང་ལ། བགེགས་བསལ་ཞིང་ཕྱིར་བཟློག་པའི་ཕྱིར་དབང་བསྐུར་བར་བྱའོ། །ཚེས་བརྒྱད་དམ་བཅོ་ལྔའམ། གནམ་སྟོང་གི་ཚེ། ལྷ་བཤོས་ཆེ་བ་དང་། མར་མེ་ཆེས་ཆེ་བ་དང་། སྦྱིན་སྲེག་ཆེས་ཆེ་བ་དང་། ས་གཞི་བྱི་དོར་ཆེས་ཁྱད་པར་གྱུར་པ་བྱས་པས་ཀྱང་ཕྱིར་བཟློག་པར་འགྱུར་རོ། །བར་ཆད་ཀྱི་བགེགས་དང་བྲལ་ན་སྐུ་གཟུགས་དང་མཆོད་རྟེན་ལས་འོད་འབྱུང་བར་འགྱུར་རོ། །བཀྲེས་པ་ཆུང་བ་དང་ནད་ལས་ཐར་བ་དང་། ཤེས་རབ་འཕེལ་བ་དང་། གཟི་མདངས་ཆེ་བ་དང་། རྨི་ལམ་བདེན་པ་མཐོང་བ་དང་། བཟླས་བརྗོད་ལ་དགའ་བ་དང་། ངལ་བ་ཆུང་བ་དང་། དྲི་ཞིམ་པ་དང་། གཏོང་ཕོད་པ་དང་། ཡོན་ཏན་ལྷུར་ལེན་པར་འགྱུར་རོ། །བསྙེན་པའི་ཕྱིར་བཟློག་པའི་ཆོ་ག་རྫོགས་སོ།། །།སྟ་གོན་དང་དཀྱིལ་འཁོར་ཆེན་པོའི་ཚེ། མཆོད་པ་མེད་པ་དང་། མི་གཙང་བ་དང་། བཟླས་བརྗོད་ཀྱི་ཡི་གེ་ལ་ལྷག་ཆད་བྱུང་བ་དང་། ལེ་ལོ་དང་འདོད་ཆགས་དང་གཡེང་བ་དང་བཅས་པའི་ཚེ་ཏིལ་ནག་དང་ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ན་ཕྱིར་བཟློག་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོའི་ཚེ་དབང་བསྐུར་བྱ་བའི་སློབ་མ་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། མི་དགེ་བ་བཅུ་བྱས་པའང་ཐོག་མར་བཟླས་པ་འབུམ་བྱས་པ་ཡང་ཐ་མར་སྦྱིན་སྲེག་བྱས་ན་ཕྱིར་བཟློག་པར་འགྱུར་རོ། །ལྔ་པ་ཕྱིར་བཟློག་པ་བཤད་ནས། གསང་སྔགས་ཀྱིས་ཡོངས་སུ་བསྐང་བ་བཤད་པ་ནི་ཡི་གེ་ལྷག་ཆད་བྱུང་བ་དང་། རྨི་ལམ་དུ་བྱུང་ངམ་ལྷས་བསྟན་ན་དེ་བསྐང་བའི་ཆོ་ག་ནི་ཤོག་ཤོག་གམ་གྲོ་ག་ལ་གི་ཝང་གིས་སྔགས་ཀྱི་ཡི་གེ་ཡངས་མོར་བྲིས་ལ་ལྷ་

第五说六坛回遮。身过为舌不能持咒、手不能结印、脚不能跏趺或作立势、眼不能观像塔或本尊。语过是喜好妄语、两舌、绮语、粗恶语。心过是念诵时起嗔、极贪五欲、怯懦、不喜、惊惧、吝啬。诵明咒时打喷嚏、咳嗽、被谈话打断,作净触、礼拜,从头开始,可回遮镇伏一切念诵障。说念诵回遮后,说供养回遮:一日三时供养。以物回遮:已献诸尊的器皿日洗一次,陈花等三时扫除。诵般若波罗蜜等经卷,三时作塔、坛,文说能回遮障碍。调伏弟子的回遮:受障侵扰、为病所迫、懈弛放逸、身心疲倦、不持戒或不净时所诵不入数;心不入定的诵、火供和迎请仪诵未圆满,亦不计数。日月食时诵千遍,可成回遮近修。于佛曾亲临的寺院、佛塔或神变月中念诵亦成近修。从上师得诵咒许可,易得成就。以盛香水的宝瓶,依特拉瓦底五尊坛或十三尊坛持咒灌顶,亦成回遮。无瓶则以阏伽器满盛花水灌顶,除、遮障碍。初八、十五或晦日,盛办天食、大灯、大护摩,特别清扫场地,亦成回遮。离障的征相有佛像、塔放光,少饥,离病,慧增,光泽盛,梦见实相,喜持诵,少疲,身香,能施,重德。近修回遮毕。预备与大坛时缺供、不净、咒字增减、懒惰、贪著、散乱,以黑芝麻、白芥作火供回遮。受灌弟子虽作五无间、五近无间或十不善,先诵十万,最后火供,文称亦得回遮。

ལ་མཆོད་པ་ཆེན་པོ་བྱས་ཤིང་། སྦྱིན་སྲེག་བྱས་ནས། རིག་སྔགས་ཁྲིའི་སྟེང་དུ་བཞག་སྟེ། མངོན་པར་མཆོད་ནས་གསོལ་བ་བཏབ་ནས། བདག་ཉིད་ཀུ་ཤའི་སྟན་ལ་མགོ་ཤར་ཕྱོགས་སུ་བསྟན་ནས་ཉལ་ནས་རིག་སྔགས་ཀྱི་དབང་ཕྱུག་མ་དང་། བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཤོག་ཤོག་ལ་སྔགས་ཚང་བར་བྲིས་པའམ། རྨི་ལམ་དུ་ཚང་བར་སྟོན་པར་འགྱུར་རོ། །ས་བོན་དང་དཀྱིལ་འཁོར་ཆེན་པོའི་ཚེ་རྫས་ཀྱི་ལྷག་མ་དང་མ་ཚང་བ་དང་། དཀྱིལ་འཁོར་ལྷའི་ལྷག་པ་དང་། མ་ཚང་བ་བསྐང་བར་བྱའོ། །དྲུག་པ་བསྐང་བའི་ཆོ་ག་རྫོགས་ནས། ལྷ་ཚིམ་པར་བྱ་བའི་ཆོ་ག་བཤད་པ་ནི་མཆོད་པ་བྱེད་པའི་ཐོག་མར་ཁྲུས་དང་ཆས་བྱས་པས་ལྷ་མཉེས་པ་དང་། ཨ་ཀ་རུ་ནག་པོ་ལ་སོགས་པའི་མཆོད་པའི་རྫས་ཁྱད་པར་ཅན་ཕུལ་བས་ལྷ་མཉེས་པ་དང་། ཏིལ་དང་ཞོ་དང་མར་དང་སྦྲང་རྩི་བསྲེས་པའི་སྦྱིན་སྲེག་འབུམ་ཕྲག་བརྒྱ་ཕུལ་ན་ལྷ་མཉེས་པ་དང་། ཉིན་ཞག་གསུམ་མམ་ལྔའམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བའི་འོ་མ་དང་ཟས་མཆོག་དང་མར་དང་བཅས་པས་སྦྱིན་སྲེག་བརྒྱ་ཕུལ་ན་མཉེས་པར་འགྱུར་རོ། །ལྷའི་མཆོད་པའི་བར་དུ་གཅོད་པའམ་ལྷ་དང་འབྲལ་དུ་འཇུག་པ་ལྷའི་བགེགས་བྱེད་པ་ལ་མངོན་སྤྱོད་ཀྱི་ཕུར་པས་གདབ་པ་དང་། ཡུངས་ཀར་གྱིས་གཟིར་བ་དང་། འཁྲུལ་འཁོར་བྲིས་ནས་སྙིང་གར་གཞུག་པ་དང་། ཉིས་ལྡབ་བམ་སུམ་ལྡབ་ཏུ་བསྐྱར་ན་ལྷ་མཉེས་པར་འགྱུར་རོ། །བསྙེན་པའི་ལྷ་ཚིམ་པར་བྱེད་པ་བསྟན་ནས་དཀྱིལ་འཁོར་གྱི་ཚེ་བཟླས་བརྗོད་དང་། སྦྱིན་སྲེག་དང་དབང་བསྐུར་གྱིས་ཀྱང་ལྷ་རྣམས་མཉེས་པར་འགྱུར་རོ། །དེ་ལྟར་མཉེས་པ་

第五回遮说毕,说以密咒补阙。若文字增减,梦中得见或本尊开示,于纸或桦皮上用牛黄宽写咒字,广供尊,作火供,安置明咒于高座,供养祈请,己卧于吉祥草座,头向东。说明咒自在母与善逝父子将在纸上补写全咒,或于梦中完整示现。种字及大坛时,材料或坛尊过多、不足,皆应补正。第六补阙毕。说令尊欢喜。供养前沐浴整饰,献黑沉香等特别供物,令尊欢喜。以芝麻、酪、酥、蜜混合作一千万次火供,或三、五、七、二十一日间,以牛乳、上食与酥作百供,皆说能悦尊。对于妨碍供养、使人与尊分离、给本尊作障者,文说以猛业橛钉,以白芥逼迫,画机轮置于心间,重复两、三次,说能悦尊。又说坛时持诵、火供、灌顶也令尊悦。以上第七。

བདུན་པ་བསྟན་ནས། བརྒྱད་པ་ཚར་བཅད་པ་ནི་དཀྱིལ་འཁོར་བྲི་བ་དང་། སྟ་གོན་གྱི་ཚེ་རི་བོའམ་མཚོའམ། དུར་ཁྲོད་དམ། ཁང་སྟོང་ངམ། ཤིང་གཅིག་གམ། འབབ་ཆུའི་འགྲམ་མམ། སྐྱེད་མོས་ཚལ་ལམ། ཕུག་ལ་སོགས་པའི་གནས་སུ་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་དང་པོར་ས་སྦྱང་བའི་ཆོ་ག་བྱའོ། །ཙནྡན་དམར་པོས་བྱུགས་པའི་སེང་ལྡེང་གི་ཕུར་པ་བཞི་ལ་སྐུད་དམར་དཀྲི་ཞིང་ཕུར་བུའི་སྔགས་བརྒྱ་བཟླ་ཞིང་གདབ་པ་དང་། བདུད་རྩི་འཁྱིལ་བའི་སྔགས་བཟླས་ལ་ཡུངས་ཀར་གྱིས་བྲབ་པ་དང་། བ་དན་དཀར་པོ་ཅིག་ལ་རིག་སྔགས་ཀྱི་རྒྱལ་པོ་བཟླས་ལ་སྨྱུག་མ་རིང་པོའི་རྩེ་མོ་ལ་བཏགས་ཏེ་ཤར་ཕྱོགས་སུ་གཟུགས་པ་དང་། རྡོ་རྗེ་ར་བ་བསྔགས་པའི་ལྕགས་ཀྱི་ཕྱེ་མས་ར་བ་བྱ་བ་དང་། རྡོ་རྗེ་དྲ་བའི་སྔགས་ཀྱིས་ལྕགས་ཀྱི་ཕྱེ་མ་ལ་བརྒྱ་བཟླས་པས་རི་མོ་བྲིས་ནས་རྡོ་རྗེ་དྲ་བར་འགྱུར་རོ། །དཀྱིལ་འཁོར་དང་པོའི་སྒོར་བདུད་རྩི་འཁྱིལ་པའི་རལ་གྲིས་བསྲུང་བ་དང་། གཞན་གྱིས་མི་ཐུབ་པའི་རྩེ་གསུམ་པས་བསྲུང་བ་དང་། འཕྲོག་མ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་བྲིས་པས་བསྲུང་བར་བྱའོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཱཿ ཀམྦྷ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཨ་གརྦྷ་སྭཱ་ཧཱ། རྡོ་རྗེ་ཕུར་བུའི་སྔགས་སོ། །ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱཿསརྦྦ་མུ་ཁེ་བྷྱཿསརྦྦ་བཛྲ་པྲ་ཀ་ར། ཏ་ཐཱ་ག་ཏ་གྷ་ཏ་ཛ་ན་ཀ་ཀུ་རུ་ཀུ་རུ་ཙཀྲ་ན་སྭཱ་ཧཱ། རྡོ་རྗེ་ར་བའི་སྔགས་སོ། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿསརྦྦ་མུ་ཁེ་བྷྱཿསརྦྦ་ཐཱ་བཛྲ་པཉྫ་ར་ནི་ཀྵི་པ་ཀ་ག་ན་ཀཾ་སྭཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་སོ། །བརྒྱད་པ་ཚར་གཅད་པ་རྫོགས་སོ། །དགུ་པ་བསྐུལ་

第八调伏。绘坛、预备之时,于山、湖、尸林、空屋、孤树、河畔、园林、洞窟等,为息障先作净地仪。四根儿茶木橛涂赤檀缠红线,诵橛咒百遍安设。诵甘露旋咒,以白芥轻拂。对白幡诵明咒王,系长竹端,立东方。用金刚墙咒加持的铁粉作墙,以金刚网咒加持铁粉百遍画线,成为金刚网。第一坛门以甘露旋剑或不可胜三叉守护,又绘诃利帝母等二十八大夜叉部主守护。接录金刚橛〔梵文 namaḥ sarva ta thā ga te bhyaḥ sarva mu khe bhyaḥ sarva ta thā ga te bhyāḥ kambha | vajra kīli kīlāya svāhā | a garbha svāhā · 藏文 ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཱཿ ཀམྦྷ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཨ་གརྦྷ་སྭཱ་ཧཱ · 中文 纳玛赫 萨尔瓦 达 塔 嘎 德 布雅赫 萨尔瓦 穆 克 布雅赫 萨尔瓦 达 塔 嘎 德 布雅赫 卡姆巴 瓦吉拉 基利 基拉雅 斯瓦哈 阿 嘎尔巴 斯瓦哈〕、金刚墙〔梵文 namaḥ sarva ta thā ga ta bhyaḥ sarva mu khe bhyaḥ sarva vajra pra ka ra | ta thā ga ta gha ta ja na ka kuru kuru cakra na svāhā · 藏文 ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱཿསརྦྦ་མུ་ཁེ་བྷྱཿསརྦྦ་བཛྲ་པྲ་ཀ་ར། ཏ་ཐཱ་ག་ཏ་གྷ་ཏ་ཛ་ན་ཀ་ཀུ་རུ་ཀུ་རུ་ཙཀྲ་ན་སྭཱ་ཧཱ · 中文 纳玛赫 萨尔瓦 达 塔 嘎 达 布雅赫 萨尔瓦 穆 克 布雅赫 萨尔瓦 瓦吉拉 普拉 卡 拉 达 塔 嘎 达 嘎 达 扎 纳 卡 库鲁 库鲁 加克拉 纳 斯瓦哈〕、金刚网〔梵文 namaḥ sarva ta thā ga te bhyaḥ sarva mu khe bhyaḥ sarva thā vajra pañja ra ni kṣi pa ka ga na kaṃ svāhā · 藏文 ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿསརྦྦ་མུ་ཁེ་བྷྱཿསརྦྦ་ཐཱ་བཛྲ་པཉྫ་ར་ནི་ཀྵི་པ་ཀ་ག་ན་ཀཾ་སྭཱ་ཧཱ · 中文 纳玛赫 萨尔瓦 达 塔 嘎 德 布雅赫 萨尔瓦 穆 克 布雅赫 萨尔瓦 塔 瓦吉拉 巴尼扎 拉 尼 克希 巴 卡 嘎 纳 卡姆 斯瓦哈〕三咒。第八调伏毕。

བ་ནི་དཀྱིལ་འཁོར་ཆེན་པོའི་ཚེ་ལུགས་སུ་བླུགས་པའམ་བྲིས་པའམ། བརྐོས་པའམ་བརྡུངས་པ་ལ་སོགས་པ་མདུན་དུ་བཞག་ལ་བདག་ཉིད་ཆོ་ག་དྲུག་གིས་ལྷར་བསྐྱེད་ལ། སྙིང་པོ་དང་བསྐུལ་བའི་སྔགས་སྦྱར་ལ་ལྷ་ལ་བསྐུལ་བར་བྱའོ། །དེ་ལ་ལྷ་དྲུག་ནི་འདིར་རྡོ་རྗེ་རིགས་ཀྱི་དབང་དུ་བྱས་ནས་དང་པོ་སྟོང་པ་ཉིད་དུ་བསྒོམས་ནས། ནམཿསརྦྦ་ཏ་ཐཱ་ག་ཏ་ནཾ་ཨོཾ་སརྦྦ་བི་ཤུདྡྷ་བཛྲ་ཧཱུཾ་ཞེས་བྱ་བས་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བསམ་པར་བྱའོ། །དོན་དམ་པའི་ལྷ་སྟེ་དང་པོའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་ཀུན་རྫོབ་ཀྱི་སྣང་བ། ན་མཿས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཙནྡྲ་ཨ་ས་ན་ཞེས་བྱ་བས་རིག་བྱེད་ཀྱི་སྒྲའི་ཚུལ་དུ་རྟོག་བྲལ་གྱི་ཤེས་པས་སྒྲ་བརྙན་གྱི་ཚུལ་དུ་སྣང་བ་གདན་བསྐྱེད་པ་སྟེ་གཉིས་པའོ། །དེ་ནས་རྟོག་པ་དང་བཅས་པའི་ཤེས་པས་ཡི་གེ་ཧཱུཾ་ཀྵྨི་བསམས་པ་ནི་ཡིག་འབྲུའི་ལྷ་སྟེ་གསུམ་པའོ། །ཧཱུཾ་ལས་འོད་ཟེར་ཕྲེང་བ་དང་བཅས་པས་སྤྲོ་བསྡུ་བྱས་པ་ལས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསམ་པ་སྟེ་ཕྱག་རྒྱའི་ལྷ་སྟེ་བཞི་པའོ། །ཕྱག་མཚན་ནས་འོད་ཟེར་འཕྲོ་འདུ་བྱས་པ་ལས་སྐུ་ཕྱག་རྒྱ་ཆེན་པོའི་ལྷ་ན་མཿས་མནྟ་བུདྡྷཱ་ནཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཞེས་བྱ་བ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཞལ་གཅིག་པ་ཕྱག་གཉིས་པ་གནོད་མཛེས་ཀྱི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་བསྣམས་པ། གཡས་པ་བརྐྱང་བའི་གནས་པས་དབང་ཕྱུག་ཆེན་པོ་དང་ཨུ་མ་མནན་པ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ་ཞེས་གྲགས་པ་འོད་ཟེར་གྱི་ཕྲེང་བ་ཅན་བསམས་ལ་མཱ་མ་ཀཱིའི་ཕྱག་རྒྱ་བཅིངས་ཏེ། སྙིང་གར་ན་མཿས་མནྟ་བཛྲཱ་ཎཱཾ་ཀྲི་ཏ་ཀྲི་ཏ་ཛ་ཡནྟི་སྭཱ་ཧཱ། ཞེས་པས་སྙིང་གར་དཔལ་བེའུ་བསྐྱེད་པར་བྱའོ། །དཔྲལ་བར་སྔགས་དང་ཕྱག་རྒྱས་སྨིན་མཚམས་ཀྱི་མཛོད་སྤུ་བསྐྱེད་པར་བྱའོ། །ལྐོག་མར་སྔགས་དང་ཕྱག་རྒྱས་ཚངས་པའི་གསུང་དབྱངས་བསྐྱེད་པར་བྱའོ། །སྤྱི་གཙུག་ཏུ་བཞག་ནས་དབུའི་གཙུག་ཏོར་བསྐྱེད་པར་བྱའོ། །རྐང་པ་དང་ལག་པའི་མཐིལ་དུ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྐྱེད་པར་བྱའོ། །སྐུ་ཕྱག་རྒྱ་ཆེན་པོའི་ལྷ་སྟེ་ལྔ་པའོ། །དེ་ནས་ལྷ་ཉི་ཤུ་རྩ་གཅིག་གམ་བཅུ་གསུམ་པའམ་ཏྲ་བ་ཏི་ལྷ་ལྔ་པའམ། འཁྲུལ་འཁོར་གྱི་ལྷའམ། རྡོ་རྗེ་ཕོ་ཉ་མོ་བཅུས་བསྐོར་བའམ། ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའི་ཕྱག་རྒྱ་དང་སྔགས་རིག་པ་མཆོག་གི་རྒྱུད་དམ། སྣ་ཚོགས་རབ་ཏུ་གྲུབ་པའི་རྒྱུད་ལས་གསུངས་པ་རྣམས་ཀྱིས་བསྐུལ་བའི་སྔགས་དང་སྤེལ་ནས་བཟླས་པ་བྱ་སྟེ་བསྙེན་པ་དང་པོའོ། །བསྙེན་པའི་ཚེ་བུམ་པ་བསྐྱེད་ནས་བུམ་པ་ལ་བཟླས་པ་བསྙེན་པ་གཉིས་པའོ། །སྦྱིན་སྲེག་བྱ་ཞིང་སྔགས་དང་ཕྱག་རྒྱ་བཅིངས་པ་བསྙེན་པ་གསུམ་པའོ། །རས་རིས་སམ་སྐུ་གཟུགས་བཞག་ནས་སྔགས་དང་

第九劝请。大坛时在前安置铸、绘、雕、锻之像,自依六仪生为本尊,合心咒和劝请咒以敦请。就金刚部而言,六尊先观空性,〔梵文 namaḥ sarva ta thā ga ta naṃ oṃ sarva vi śuddha vajra hūṃ · 藏文 ནམཿསརྦྦ་ཏ་ཐཱ་ག་ཏ་ནཾ་ཨོཾ་སརྦྦ་བི་ཤུདྡྷ་བཛྲ་ཧཱུཾ · 中文 纳玛赫 萨尔瓦 达 塔 嘎 达 纳姆 嗡 萨尔瓦 维 舒德达 瓦吉拉 吽〕以咒观器情世界悉空,第一为胜义尊。由空性智现世俗相,〔梵文 namaḥ sa manta buddhā nāṃ | caṇḍa mahā ro ṣa ṇa hūṃ candra a sa na · 藏文 ན་མཿས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཙནྡྲ་ཨ་ས་ན · 中文 纳玛赫 萨 玛恩达 布德达 纳姆 加恩达 玛哈 罗 沙 纳 吽 加恩德拉 阿 萨 纳〕持咒,以无分别智观明声如回响,生座,第二。以有分别识观〔梵文 hūṃ kṣmi · 藏文 ཧཱུཾ་ཀྵྨི · 中文 吽 克什米〕,第三为字粒尊。〔梵文 hūṃ · 藏文 ཧཱུཾ · 中文 吽〕字光鬘放收,观五股金刚印,第四为印尊。标帜放光收摄,现身大印尊,诵〔梵文 namaḥ sa manta buddhā nāṃ caṇḍa ma hā ro ṣa ṇa hūṃ | trai lo kya vi ja ya hūṃ · 藏文 ན་མཿས་མནྟ་བུདྡྷཱ་ནཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ · 中文 纳玛赫 萨 玛恩达 布德达 纳姆 加恩达 玛 哈 罗 沙 纳 吽 特赖 洛 克雅 维 扎 雅 吽〕,观降三世忿怒尊一面二臂,以妙害印持金刚铃杵,伸右腿踏大自在与乌摩,名大明咒王大力,光鬘围绕。结玛玛基印,〔梵文 namaḥ samanta vajrāṇāṃ kri ta kri ta jayanti svāhā · 藏文 ན་མཿས་མནྟ་བཛྲཱ་ཎཱཾ་ཀྲི་ཏ་ཀྲི་ཏ་ཛ་ཡནྟི་སྭཱ་ཧཱ · 中文 纳玛赫 萨玛恩达 瓦吉拉纳姆 克里 达 克里 达 扎雅恩迪 斯瓦哈〕在心生吉祥结,额生眉间白毫,喉生梵音,顶生肉髻,手足掌生千辐轮,皆用咒印。此为第五身大印尊。其后二十一尊、十三尊、特拉瓦底五尊、机轮尊、十金刚使女围绕或六十四使女围绕的咒印,依《最胜明续》《成办种种续》,与劝请咒间杂而诵,为第一近修。在近修时生起宝瓶,向瓶念诵,是第二近修。作火供时持咒结印,是第三近修。

ཕྱག་རྒྱ་ཟློས་པ་སྟེ་བསྙེན་པ་བཞི་པའོ། །ཞི་བའི་རྫས་མར་རམ་འོ་མ་མདུན་དུ་བཞག་ལ། རྒྱས་པའི་རྫས་གི་ཝང་ངམ་སྲེ་ཏ་ཨཉྫ་ན་ལ་སོགས་པ་གཞག་པའམ། དབང་ལ་མཚལ་དང་ཙནྡན་དང་གུར་གུམ་ལ་སོགས་པ་གཞག་པ་དང་། མངོན་སྤྱོད་ལ་ཁྲག་གམ་ཞག་གམ་དུག་ལ་སོགས་པ་མདུན་དུ་གཞག་ལ་དྲོ་བའམ་འབར་བའམ། འཕར་བའམ་དུ་བར་འཐུལ་བའམ་རུལ་བ་ལ་སོགས་པའི་རྟགས་བྱུང་བའི་བར་དུ་སྔགས་དང་ཕྱག་རྒྱ་བཅིང་བ་ནི་བསྙེན་པ་ལྔ་པའོ། །ནད་པ་ལ་སོགས་པ་ཐག་རིང་ན་ཡང་རིམས་དང་དུག་དང་ནད་ཞི་བར་བྱ་བའི་ཕྱིར་ནད་པ་དེའི་གཟུགས་བརྙན་བྱས་ལ་སྔགས་དང་ཕྱག་རྒྱ་བཅིང་བ་དང་། རྒྱས་པ་ལ་ཚེ་འཕེལ་བ་དང་། རིགས་རྒྱུད་འཕེལ་བ་དང་། ནོར་འཕེལ་བར་བྱ་བའི་ཕྱིར་དེའི་གཟུགས་བརྙན་བྱས་ལ་སྔགས་དང་ཕྱག་རྒྱ་བཅིང་བ་དང་། དབང་ལ་མི་རིགས་བཞི་དབང་དུ་བྱ་བ་དང་། ལྷ་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་། ཀླུ་དང་ལྷ་མ་ཡིན་གྱི་གཟུགས་བརྙན་བྱས་ལ་སྔགས་དང་། ཕྱག་རྒྱ་བཅིང་བ་དང་། མངོན་སྤྱོད་ལ་བསད་པ་དང་། བསྐྲད་པ་དང་རྨུགས་པ་དང་། རེངས་པར་བྱ་བའི་ཕྱིར་དེའི་གཟུགས་བརྙན་བྱས་ལ་སྔགས་དང་ཕྱག་རྒྱ་བཅིང་བ་ནི་བསྙེན་པ་དྲུག་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་ལྡང་བར་འདོད་པའི་ཆོ་ག་བཅུ་གཅིག་བྱ་སྟེ། དང་པོར་ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། རང་དང་སྒྲུབ་པའི་གྲོགས་པོ་དང་། བྱིས་པ་ཆུང་བ་ལ་འདི་ལྟར་བསྲུང་བར་བྱ་སྟེ། གསེར་དང་། ལུང་ཐང་དང་། པུན་ཛ་རི་དང་། གི་ཝང་དང་། མར་དང་། སྦྲང་རྩི་དང་། ཤུ་དག་རྣམས་ལ་ན་མོ་བཛྲ་པཱ་ཎི་སྱ་ཙི་ལི་ཙི་ལི། བིནྡྷི་བིནྡྷི། མུཉྩ་མུཉྩ། དི་བི་ལ་ཀ་ན་སྭཱ་ཧཱ། བཛྲ་པཱ་ཎི་ཀ་ན་སྭཱ་ཧཱ། བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་བ་ས་ན་དྷ་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རི་ཡ་སཱ་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་སྨན་གྱིས་བསྲུང་བར་བྱའོ། །ཤིས་པར་བརྗོད་པ་དང་། སྨོན་ལམ་གདབ་པ་དང་། བཟོད་པར་གསོལ་བ་དང་། ལྷའི་བུམ་པ་གོས་ཀྱིས་དགབ་པ་དང་། གོ་ཆ་བསྐོན་ནས་རུ་དྲཱ་ཀྵ་གདོང་གཅིག་པའམ། རྡོ་རྗེ་འབྲུ་ཡང་ལག་པ་གཡོན་པར་བཅངས་ལ་བསྲུང་བར་བྱའོ། །དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའམ། རྡོ་རྗེའི་རིགས་ཀྱི་ཡི་གེ་བརྒྱ་པ་བཟླས་པས་ལྷག་པ་དང་མ་ཚང་བ་བསྐང་བར་བྱའོ། །ལྡང་བའི་ཚེ་མཚན་ཐོག་ཐག་བསྡུ་བ་དང་ལིངྒ་དང་སྨན་ཡང་གོས་ཀྱིས་དགབ་པར་བྱའོ། །ཕྲེང་བ་དང་སྔགས་དང་ལྷ་ལ་བཅོལ་བར་བྱའོ། །གཟུངས་འདོན་ཅིང་བདག་དང་། ལྷ་མི་བརྗེད་པས་ལྡང་བར་བྱའོ། །བསྙེན་པའི་ཆོ་ག་རྫོགས་སོ། །དེ་ལྟར་བསྙེན་པ་ཞག་བདུན་ནམ། ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་བསྙེན་པ་བྱས་ལ་ས་སྦྱང་བའི་དཀྱིལ་འཁོར་གྱི་ཐིག་གམ། རས་རིས་སམ་སྐུ་གཟུགས་མདུན་དུ་བཞག་ལ་ཉེ་བའི་བསྙེན་པ་ཞག་བདུན་ནམ་གསུམ་བྱའོ་ཞེས་གསུངས་སོ། །རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པའི་ཚེ་སྔོན་དུ་སའི་ཆོ་ག་བྱ་བ་ནི་སྐར་མ་རྒྱལ་དང་གཟའ་ཕུར་བུ་དང་། ཁྱིམ་ཁྱུ་མཆོག་ལ་བབ་པའི་དུས་སུ་ས་སྦྱང་བར་བྱ་སྟེ།

前置布画或尊像,配咒印诵,是第四近修。息用酥或乳;增用牛黄、名为室吠多安阇那者等;摄用朱砂、檀香、郁金等;猛用血、脂、毒等。在面前陈设相应法物,结印诵咒至现温热、火焰、跳动、烟出、腐坏等征相,是第五近修。病人远处,为息病疫毒害而作其像配咒印;为增长寿命、家族、财富而作其像;为摄受四姓及天、乾闼婆、夜叉、罗刹、龙、阿修罗而作诸像;猛业亦以代像表示杀、逐、昏、僵,配咒印,是第六近修。近修完毕欲起座,作十一仪。先顶礼、供养、赞叹,护自身、修伴及小孩;以金、龙唐、奔杂日、牛黄、酥、蜜、菖蒲等配本段咒作守护。诵吉祥、发愿、请恕,以衣覆尊瓶,披甲,左手持一面金刚子或金刚粒护持。诵如来或金刚部百字明补盈缺。起时收标帜所系之线,以布遮像和药,将念珠、咒托付本尊,诵陀罗尼,心不忘己与尊而起座。近修仪轨毕。近修七日、一月、六月或一年后,于净地所弹的坛线、布画或尊像前,作更切近的近修七日或三日。作彩粉坛先行地仪,应在鬼宿、木曜并值金牛宫时净地。

ཐོག་མར་བདག་ཉིད་བདུད་རྩི་ཐབ་སྦྱོར་རམ་ཧཱུཾ་མཛད་ཀྱི་སྐུར་བསྐྱེད་ལ་མཎྜལ་བྱ། དྲིའི་ཐིག་ལེ་བྱ། མེ་ཏོག་དགྲམ། མཆོད་པ་བཤམས། གཏོར་མ་བཤམས་ལ་སའི་ལྷ་མོ་སྤྱན་དྲང་བ་དང་། འཁོར་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སྦྱིན་སྲེག་དང་། བདུད་རྩི་འཁྱིལ་པའི་སྔགས་{རིངས་ཀྱིས་,རིང་གིས་}བགེགས་བསྐྲད་པར་བྱའོ། །ལྐོག་མའམ་རྐེད་པའམ། པུས་མོ་ནུབ་ཙམ་དུ་བརྐོས་ལ། སྤོས་ཆུས་སྦྲུས་པའི་སས་བཀང་སྟེ། རྡོ་རྗེ་མཱ་མ་ཀཱིའི་སྔགས་དང་། ཕྱག་རྒྱས་སྨན་ལྔ་དང་རིན་པོ་ཆེ་ལྔ་གཞུག་པར་བྱའོ། །སའི་མཚན་ཉིད་བསྟན་ནས་མཐོན་དམན་ཅན་དང་། ཚེར་མ་ཅན་དང་། གྱོ་མོ་ཅན་དང་། ངམ་གྲོག་དང་རུས་པ་དང་སྡོང་དུམ་དང་ཐལ་བ་དང་། གསེག་མ་དང་། རྡོ་དང་། སྐྲ་དང་། སྲིན་བུ་དང་། གྲོག་སྦུར་ལ་སོགས་པ་དེ་རྣམས་ཀྱི་ཉེ་བར་འཚེ་བ་སྤངས་ཏེ། ཤར་དང་བྱང་དུ་གཞོལ་བ་ཉེ་འཁོར་ན་ཆུ་མོད་པ། ཁོ་ར་ཁོར་ཡུག་ཏུ་མེ་ཏོག་དང་འབྲས་བུར་ལྡན་པ། འོ་མ་ཅན་གྱི་ཤིང་སྐྱེས་བ་ཞི་བ་ལ་ས་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ས་གཞི་ནག་པོ་དེར་ས་སྦྱང་བར་བྱའོ། །ས་གཞི་འཐས་པ་དང་ཁང་ཐོག་དང་རྡོ་ལེབ་དང་། མཆོད་རྟེན་དྲུང་དང་། འབབ་ཆུ་དང་མཚོའི་དྲུང་དང་། མངོན་སྤྱོད་ཀྱི་སྦྱིན་སྲེག་གམ་ཕུར་བུས་གདབ་པའི་གནས་སུ་ས་གཞི་སྦྱང་མི་དགོས་སོ། །ས་གཟུང་བ་ནི་དང་པོར་བའི་རྣམ་ལྔ་དང་། ཙནྡན་དང་གླ་རྩིས་བྱུགས་ནས་མེ་ཏོག་སིལ་མ་ལ་སོགས་པ་བཀྲམ་སྟེ། ཁྲོ་བོ་ཀཱི་ལི་ཀཱི་ལཱ་ཡ་བཟླས་པས་བསང་གཏོར་བྱའོ། །གཞན་གྱིས་མི་ཐུབ་པ་དང་རྒྱལ་བའི་གཙུག་ཏོར་གྱི་སྔགས་ཀྱིས་ས་སྦྱང་བ་དང་། རྡོ་རྗེའི་རིགས་ལ་ཁྱད་པར་དུ་བདུད་རྩི་ཐབ་སྦྱོར་གྱིས་ས་གཟུང་ངོ་། །ས་བརྟག་པ་ནི་རི་བོ་མཆོག་གི་དངོས་གྲུབ་འཐོབ་བོ། །མཚོ་འགྲམ་དུ་འཇིག་རྟེན་པའི་དངོས་གྲུབ་འཐོབ་པོ། །དུར་ཁྲོད་ལ་སོགས་པར་འཇིག་རྟེན་པའི་དངོས་གྲུབ་འཐོབ་པོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་ཀྱི་དྲུང་དུ་སྔགས་ཀྱི་དངོས་གྲུབ་འཐོབ་བོ། །འབབ་ཆུའི་འགྲམ་དུ་རིག་སྔགས་འགྲུབ་པོ། །ནགས་ཚལ་དུ་གནོད་སྦྱིན་མོ་འགྲུབ་པོ། །ཕུག་ཏུ་མངག་གཞུག་པ་རྣམས་འགྲུབ་པོ། །བསྙེན་པའི་ཚེ་ཚར་གཅད་པའི་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་པས་ནི་ས་བསྲུང་བར་འགྱུར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་དང་། སྒྲུབ་པའི་གྲོགས་པོས་སྔར་བཤད་པ་བཞིན་དུ་ཁྲུས་དང་གོས་དང་རྒྱན་བཏགས་པ་དང་། མཆོད་པ་རྣམས་བྱིན་གྱིས་བརླབ་ཅིང་སྔ་མ་བཞིན་དུ་བདག་ཉིད་ཆོ་ག་དྲུག་གིས་ལྷར་བསྐྱེད་ལ། སྔ་མ་བཞིན་དུ་རི་རབ་ཀྱི་རྩེ་མོར་བསམས་ནས། རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱས་སའི་ལྷ་མོ་སྤྱན་དྲང་བར་བྱ་སྟེ། བ་དན་གསུམ་པའི་ཕྱག་རྒྱ་ལས་གུང་མོ་ལྕགས་ཀྱུས་གཡབ་པ་དང་། ན་མོ་ཙུ་རུ་ཀུནྡ། ཙུ་རུ་ཀུནྡ་བཛྲ་པཱ་ཎི། ན་མོ་བུདྡྷཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཏི་ས་ས་བི་པ་ཡ་ཏྲ་སནྣི་ཧི་ཏོ་བྷ་བ་ཞེས་བརྗོད་ཅིང་བཞུགས་སུ་གསོལ་ལོ། །དེ་ནས་མཆོད་ཡོན་དང་བཅས་པའི་མཆོད་པ་ལྔས་མཆོད་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བྱ་བས་དཔང་དུ་གསོལ་ལོ། །མི་བསྐྱོད་པའི་ཕྱག་རྒྱས་ས་ལ་ལན་གསུམ་རེག་པར་བྱའོ། །དེ་ནས་འཁོར་ལ་གཏོར་མ་བྱིན་གྱིས་བརླབ་ཅིང་བསྔོས་ནས། སའི་ལྷ་མོ་དང་བཅས་པ་གཤེགས་སུ་གསོལ་ལོ། །དེ་ནས་སྟ་གོན་གྱི་བགེགས་ཉེ་བར་ཞི་བའི་ཆོ་ག་བྱས་ཏེ་མ་དང་ཊ་ལས་མིག་གཉིས་སུ་ཉི་མ་དང་ཟླ་བ་བསྐྱེད་ལ། མིག་འབྲས་

先自生甘露方便合或吽迦罗身,作坛、点香点、散花、陈供和食子,迎地天女,施食子给眷属。火供,诵甘露旋长咒驱障。掘至喉、腰或膝深,以香水和土填实。以金刚玛玛基咒印纳五药五宝。辨地相,排除高低不平、荆棘、瓦片、沟壑、骨、树桩、灰、碎片、石、毛发、虫、蚁巢等妨碍。地势向东、北倾斜,近水,四周多花果,生有乳汁的树。息取白地、增取黄、怀取红、猛取黑地净治。坚地、屋顶、石板、塔旁、河湖边,猛事火供或安橛处无须净地。摄地先涂牛五物、檀香、麝香,散花瓣,以忿怒橛咒洒净。用不可胜及胜佛顶咒净地,金刚部尤其以甘露方便合摄地。勘地:山中得最胜成就,湖畔、尸林等得世间成就,舍利塔边得咒成就,河畔明咒成,林中成夜叉女,洞中成使者。近修时作前说调伏仪,即能护地。 金刚师与修伴如前沐浴着衣佩饰,加持供物,以六仪自生尊,观须弥顶,以金刚钩母印迎地天女,从三幡印以中指作钩招请,诵〔梵文 namo curu kunda | curu kunda vajra pāṇi | namo buddhā ya svāhā | oṃ pra ti sa sa vi pa ya tra sanni hi to bha ba · 藏文 ན་མོ་ཙུ་རུ་ཀུནྡ། ཙུ་རུ་ཀུནྡ་བཛྲ་པཱ་ཎི། ན་མོ་བུདྡྷཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཏི་ས་ས་བི་པ་ཡ་ཏྲ་སནྣི་ཧི་ཏོ་བྷ་བ · 中文 纳莫 居鲁 库恩达 居鲁 库恩达 瓦吉拉 巴尼 纳莫 布德达 雅 斯瓦哈 嗡 普拉 迪 萨 萨 维 巴 雅 特拉 萨恩尼 希 多 巴 巴〕。以阏伽及五供供养,祈请作证:「一切救护诸佛所行之道,及殊胜诸地、波罗蜜,天女你曾作证。犹如怙主释迦狮子摧破魔军,愿我同样胜魔众,得绘曼荼罗。」以不动佛印触地三次,为眷属加持、回向食子,请地天女与眷属还去。

ཧཱུཾ་ལས་རྡོ་རྗེ་བསྐྱེད་པར་བྱའོ། །རྐང་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་ཁྲོ་བོའི་སྐུར་བསྒོམས་ལ། སྒྲུབ་པའི་གྲོགས་མཆོག་གིས་ངན་སོང་སྦྱོང་བ་ནས་འབྱུང་བའི་མེ་ལྟར་འབར་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་དེའི་རྗེས་ལ་སློབ་དཔོན་གྱིས་ཁྲོ་བོའི་བསྟོད་པ་བྱ་སྟེ། ཆོས་དབྱིངས་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་སྟེ། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པ། །ཞེས་པས་ཀྱང་བཀའ་བསྒོ་སྟེ། དེ་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བ་དང་། རིག་སྔགས་འཆང་གྲུབ་པ་རྒན་པོ་དང་། རྒན་མོ་རྣམས་དེངས་ཤིག་ཅེས་བྱ་བས་བགེགས་བསྐྲད་པ་དང་། ཧཱུཾ་ཧཱུཾ་འགྲོ་བ་འཛིན་པ་ཡིས་ནི་བྱས་ཟིན་གྱི། །ཧཱུཾ་ཧཱུཾ་གདུག་པའི་ཡིད་ཅན་གང་ཡིན་ཕ་ཟད་སོང་། །ཧཱུཾ་ཧཱུཾ་ཁྲོ་བོའི་རྒྱལ་པོ་སྡང་མིག་འབར་བ་ཡིས། །ཧཱུཾ་ཧཱུཾ་བསྲེགས་ནས་ཐལ་བ་བཞིན་དུ་བྱས་ས་རེ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། །མེ་ཕྱོགས་གློ་བུར་སྣང་བ་འབྱུང་། །གཤིན་རྗེ་འཆི་བདག་གཟུགས་སུ་འབྱུང་། །བདེན་བྲལ་སེམས་ཅན་ལ་འཇིགས་བྱེད། །ཆུ་ཕྱོགས་གཤིན་རྗེ་འབྲུག་སྒྲ་སྒྲོགས། །རླུང་གི་ཕྱོགས་ནས་འཚུབ་མ་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་གནས། །དབང་ལྡན་ཕྱོགས་ནས་སྣ་ཚོགས་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་དང་། །འོག་ནས་ས་འགས་གཡོ་བྱེད་པ། །གང་དག་མཚན་མོ་རྒྱུ་བ་ཡི། །བགེགས་རྣམས་ཐམས་ཅད་འགྲོ་བར་གྱིས། །ཞེས་བྱ་བ་བརྗོད་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་རིང་གིས་བགེགས་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ལན་གསུམ་བྱས་ལ་འགྲེང་ལ་ཐལ་མོ་མཚོག་མར་གཞག་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །སྔགས་ནི་སྔར་བཤད་པས་བྱའོ། །དེ་ནས་སྟང་སྟབས་བྱ་སྟེ། གཡས་བརྐྱང་དང་གཡོན་བརྐྱང་གིས་ཕྱོགས་བཞིར་བྱ་བ་དང་། ཐལ་མོ་སྦྱར་ཏེ་རྐེད་པའི་གནས་སུ་གཞག་ལ། རྟིང་པ་ཕྲད་དེ་མིག་ཐུར་ལ་བལྟས་ལ། རྡོ་རྗེ་ཕུར་བུ་སྲེད་མེད་ཀྱི་བུས་ས་འོག་རིམ་པ་བདུན་གཡོ་བར་བྱའོ། །ཧཱུཾ་འབྲུག་གི་སྒྲ་ལྟ་བུ་དང་། རྡོ་རྗེ་གྱེན་དུ་གསོར་ཞིང་རྡོ་རྗེ་གར་བསྐོར་ནས་ལེགས་པར་བླངས་པའི་རྡོ་རྗེ་འཕེན་པ་དང་བསྡུ་བ་བྱའོ། །དེ་ནས་ཁྲོ་བོ་དང་ཕྱག་བརྙན་དང་བྲན་མོ་དང་ཕོ་ཉ་མོ་རྣམས་སྤྲོ་ཞིང་། རྡོ་རྗེ་བེ་ཅོན་ཐོགས་པའི་གཡས་བརྐྱང་དང་། དབྱུག་པ་དང་མདུང་ཐུང་དང་། མདའ་བོ་ཆེ་དང་། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། གཏུན་ཤིང་ལ་སོགས་པ་ཐོགས་པའི་ཁྲོ་བོ་བགེགས་གཞོམ་པའི་སྟང་སྟབས་བྱའོ། །ཚངས་པའི་གནས་མན་ཆད་གསེར་གྱི་ས་གཞི་ཡན་ཆད་ཀྱི་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་རྣམས་གཅིག་ཏུ་བསྡུས་ནས། རྡོ་རྗེ་མེ་དང་རླུང་གི་ཁྲོ་བོས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་ཚུལ་དུ་མཆོངས་ནས་གཡས་བརྐྱང་དང་གཡོན་བརྐྱང་བྱ་བ་དང་རྡོ་རྗེ་ཁུ་ཚུར་གཉིས་རྐེད་པར་བཞག་ནས་ལུས་པོ་འགུལ་ཞིང་གར་བྱ་བ་དང་། རྡོ་རྗེ་གསོར་ཞིང་རྐང་པ་གཡས་གཡོན་ས་ལ་གདབ་པ་དང་། བུང་བའི་འཕུར་སྟངས་བྱ་སྟེ། རྐང་པ་བརླར་གཞག་ལ་ལུས་པོ་བསྐོར་བར་བྱའོ། །གཡོན་པའི་རྡོ་རྗེའི་ཁུ་ཚུར་གྱི་ནང་དུ་གཡས་པའི་སོར་མོ་གསུམ་བཙུགས་པ་བཏོན་ལ་རལ་གྲི་ཤུབས་ནས་འབྱིན་པ་བཞིན་དུ་རལ་གྲིའི་ཕྱག་རྒྱས་བགེགས་བསྐྲད་པ་དང་། རྐང་པ་གཉིས་གཤིབས་ལ་རྡོ་རྗེ་སྤྱི་བོ་ལ་བསྐོར་ཞིང་འཁོར་ལོ་འཕང་བའི་ཚུལ་དུ་བྱའོ། །རྒྱས་པར་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་། མངོན་པར་བྱང་ཆུབ་པའི་རྒྱུད་ཕྱི་མ་ལས་བལྟ་བར་བྱའོ། །དེ་ལྟར་སྟང་སྟབས་རྫོགས་ནས། སྔར་བཤད་པའི་ཚར་བཅད་པའི་ཆོ་གས་ཀྱང་འདིར་ར་བ་དང་དྲ་བས་བསྲུང་བར་བྱའོ། །དེ་ནས་སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་བུ་སྟོད་ཁྲོ་བོ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་བསྐྱེད་ལ་ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱ་ཞིང་དབུས་དང་། ཟུར་བཞིར་བཙུགས་ལ། སྐུད་པ་དམར་པོ་བཏགས་པ་དང་། མེ་ཏོག་གི་ཕྲེང་བ་དང་། དྲི་དང་གུ་གུལ་གྱི་དུད་པ་དང་། གོ་ཆ་བསྐོན་པའི་བར་དུ་ཕུར་བུའི་ཆོ་ག་རྫོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་དྲུག་གང་ཡང་རུང་བར་བྱེད་པར་འདོད་པས་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ལ་བའི་རྣམ་པ་ལྔ་དང་། ཙནྡན་ལ་སོགས་པའི་དྲིས་བྱུགས་ཏེ། དཀྱིལ་འཁོར་དྲུག་གི་ལྷ་དང་མཐུན་པའི་

次息预备之障。两眼由嘛、吒生日月,〔梵文 hūṃ · 藏文 ཧཱུཾ · 中文 吽〕生金刚眼珠,足底〔梵文 hūṃ · 藏文 ཧཱུཾ · 中文 吽〕生十字金刚,观忿怒身。上等修友诵《净恶趣续》如火燃烧一百零八名。师作忿怒赞:「从法界空无二的本性,不舍世间所行,以方便善巧示怖畏身,顶礼炽燃大忿怒众!」以「住在大曼荼罗土地上」等语敕令,自称某名大瑜伽自在,请持明成就的诸老者、老妇离去,驱障。「〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕,持有情者已作毕!〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕,恶心者去远方!〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕,忿怒王怒目烈燃!〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕,恐将焚为灰烬!东方大雨降,火方忽现光,阎魔以死主形出现,离实使有情惊恐,水方阎魔发雷声,风方旋风起,夜叉男女住北方,自在方现种种形。上方大力诸天,下方大地裂而动,一切夜行的作障者都离去!」诵甘露方便合长咒驱障。 作金刚步绕行三匝,起立,掌置顶上礼如来,咒同前。四方作右伸左伸姿,合掌置腰,踵相接,眼下视,金刚橛、无爱子震动地下七层。发如雷〔梵文 hūṃ · 藏文 ཧཱུཾ · 中文 吽〕声,向上转杵,旋金刚舞,作抛杵收杵之势。观放出忿怒尊、侍从、女仆、使女,作持金刚杖、棒、短矛、大箭、轮、独股金刚、杵等诸尊降障之舞姿。观梵天住处以下、金地以上,天、非天、夜叉聚集,由金刚、火、风忿怒尊驱遣。于坛中如狮子跳,作左右伸姿,双金刚拳置腰摇身起舞,转杵,左右踏地,作蜂飞势,足置股上旋身。右手三指插入左金刚拳再抽出,如剑出鞘,以剑印驱障;双足并拢,举杵绕顶,作掷轮势。广说见《金刚手灌顶续》与《现证菩提后续》。威仪毕,以前述调伏仪作墙、网守护。观木或铁橛上部为忿怒尊,下部如独股金刚,诵橛咒一百零八遍,置中及四隅,系红线、花鬘,献香、安息香烟等,直到披甲,橛仪圆满。

སོ་སོའི་སྔགས་ཟློས་ཤིང་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བྱའོ། །དེ་ནས་དཀྱིལ་འཁོར་དྲུག་གང་བྱེད་འདོད་པའི་ལྷར་བསྐྱེད་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། སྔགས་དང་ཕྱག་རྒྱས་སྒོ་ཕྱེ་ལ། སྔར་གྱི་བསྙེན་པ་བཞིན་དུ་སྤྱན་དྲང་བ་དང་། སྦྱང་བ་དང་བཅིང་བ་དང་། ཕྱིར་བཟློག་པ་དང་། ལྷག་པ་དང་མ་ཚང་བ་བསྐང་བ་དང་། ལྷ་ཚིམ་པར་བྱ་བའི་ཕྱིར་མཆོད་པ་རྒྱས་པ་སྔ་མ་བཞིན་དུ་དབུལ་བར་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པ་བྱ་སྟེ། རྩ་བ་ནག་ནོག་མེད་པ། ཁ་གྱེད་པ། མཆུ་འཕྱང་བ། གསུས་པ་ཆེ་བ། མགྲིན་པ་རིང་བ། རས་དང་། དར་གྱིས་མགུལ་པ་བཅིངས་པ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་ནང་དུ་སྨན་ལྔ་དང་། འབྲུ་ལྔ་དང་། རིན་པོ་ཆེ་ལྔ་དང་། སྤོས་ལྔ་དང་། སྙིང་པོ་ལྔ་སྤོས་ཆུ་དང་བཅས་པ་བཅུག་ལ་རཾ་ལས་བུམ་པ་སྔ་མའི་སྔགས་དང་ཕྱག་རྒྱས་སྟོང་པར་བསམས་ལ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསམས་ལ། བཾ་ལས་འོ་མའི་རྒྱ་མཚོའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་དང་པདྨ་བསམས་ལ་དེའི་སྟེང་དུ་ལྷ་སོ་སོའི་སྔགས་ཀྱིས་ལྷར་བསྐྱེད་པར་བྱའོ། །ཡོད་ཅིང་འབྱོར་ན་དཀྱིལ་འཁོར་དྲུག་གི་སོ་སོའི་ལྷ་དང་མཉམ་པའི་བུམ་པའི་སྟེང་དུ་ལས་ཐམས་ཅད་པའི་བུམ་པ་བྱ་བའམ། མི་འབྱོར་ན་ལྔའམ་ལས་ཐམས་ཅད་པ་དང་གཉིས་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱས་སྒོ་ཕྱེ་སྟེ་ལྷ་སྤྱན་དྲང་བར་བྱའོ། །ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་ཁམས་བདུད་རྣམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོ་ཡང་དག་འདུལ་བའོ། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་གསོལ། །ལོག་འདྲེན་འཇོམས་པའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །བ་དན་གསུམ་པའི་ཕྱག་རྒྱས་གཡབ་ཅིང་། ན་མོ་ཙུར་ཀུནྡྷ། ཙུར་ཀུནྡྷ། བཛྲ་པཱ་ཎི་བུདྡྷ་ས་སྱ། བཛྲ་ཨཾ་ཀུ་ཤ་ཛཿཞེས་བྱ་བས་སྤྱན་དྲང་ངོ་། །ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བས་ཞབས་བསིལ་དང་། པུཤྤ་མཱ་ལ་ཡེ་སྭཱ་ཧཱ། ཞེས་བྱ་བས་མེ་ཏོག་གི་གདན་དབུལ་བར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པས་ལྷའི་ཕྱི་ནས་འོངས་བའི་བགེགས་བསྐྲད་ལ། ཕཊ་མ་ཧཱ་ཀཱ་ལ་ཧཱུཾ་ཞེས་བྱ་བས་སྒོ་བཅད་དེ། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་དང་། བཛྲ་དྷྲྀ་ཀ་ཅེས་བྱ་བའི་སྤྱིའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་དྲུག་གང་བྱེད་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། སྐུ་མདོག་དང་ཕྱག་མཚན་ཡང་བུམ་པའི་ནང་དུ་གསལ་བར་དམིགས་ནས་སྐུ་ཕྱག་རྒྱ་ཆེན་པོ་བསྒོམས་ཏེ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་དང་། བསྟོད་པ་དང་མཚན་བརྒྱ་རྩ་བརྒྱད་འདོན་པ་དང་། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱང་ཚར་གཅིག་གདོན་པར་བྱའོ། །བདག་གི་དགེ་བའི་རྩ་བ་འདི་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་གདབ་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་བ་འཁོར་དང་བཅས་པ་ཡང་བདག་དང་སློབ་མར་བཅས་པ་ལ་དབང་བསྐུར་བ་དང་ཁྲུས་བྱ་བར་ཡང་གནང་བར་མཛད་དུ་གསོལ། བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྦྱིན་སྲེག་ལྷག་པར་གནས་པར་བྱ་སྟེ། ཞི་བ་བྱེད་ན་དཀྱིལ་འཁོར་གྱི་བྱང་ཤར་གྱི་མཚམས་སུ་ཐབ་ཁུང་ཟླུམ་པོ་སོར་བཞི་ཕྱིར་དོར་བའི་ཁ་ཁྱེར་ཟླུམ་པོ་དང་། སོར་བཞི་

欲作六坛中随一坛,由种字生宫殿,以牛五物、檀等香涂,依坛尊各咒诵持,点香点、置花堆。自生所修坛尊,散花瓣,诵咒结印开门,如前近修迎请、净化、结印、回遮、补足盈缺,为悦诸尊广供如前。再加持瓶。瓶底无黑斑,口敞,唇垂,腹大颈长,颈系布与绸,口饰结果枝条。纳五药、五谷、五宝、五香、五精和香水。从〔梵文 raṃ · 藏文 རཾ · 中文 让〕字以此前咒印观瓶空,次由〔梵文 bhrūṃ · 藏文 བྷྲཱུཾ · 中文 布鲁姆〕生宫殿,由〔梵文 baṃ · 藏文 བཾ · 中文 邦〕生乳海,其上由〔梵文 a · 藏文 ཨ · 中文 阿〕字生月、莲,于其上依各咒生各尊。财物充足,依坛尊数各置瓶,另加一切事业瓶;力不足则五瓶,或与事业瓶合共两只。咒印开门迎尊:「〔梵文 hūṃ · 藏文 ཧཱུཾ · 中文 吽〕,智慧光焰如劫火,烧尽无明欲界诸魔,摧一切嗔恨阎魔境,善调邪引与罗刹。具虎皮勇士标相的大勇士,明王忿怒尊,请安住!为摧邪引而迎请,为利有情供养,请来!」〔梵文 namo cur kundha | cur kundha | vajra pāṇi buddha sa sya | vajra aṅku śa jaḥ · 藏文 ན་མོ་ཙུར་ཀུནྡྷ། ཙུར་ཀུནྡྷ། བཛྲ་པཱ་ཎི་བུདྡྷ་ས་སྱ། བཛྲ་ཨཾ་ཀུ་ཤ་ཛཿ · 中文 纳莫 居尔 库恩达 居尔 库恩达 瓦吉拉 巴尼 布德达 萨 斯雅 瓦吉拉 阿恩库 夏 扎〕三幡印招迎,依次以咒〔梵文 oṃ pra ba ra satkā ra pra tīccha svāhā · 藏文 ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ · 中文 嗡 普拉 巴 拉 萨特卡 拉 普拉 迪加查 斯瓦哈〕奉洗足水〔梵文 puśpa mā la ye svāhā · 藏文 པུཤྤ་མཱ་ལ་ཡེ་སྭཱ་ཧཱ · 中文 布希巴 玛 拉 耶 斯瓦哈〕及花座。甘露旋驱随尊而来的外障,〔梵文 phaṭ mahā kā la hūṃ · 藏文 ཕཊ་མ་ཧཱ་ཀཱ་ལ་ཧཱུཾ · 中文 帕特 玛哈 卡 拉 吽〕以咒闭门,结金刚部印,诵〔梵文 vajra dhṛ ka · 藏文 བཛྲ་དྷྲྀ་ཀ · 中文 瓦吉拉 德里 卡〕。出示所作坛的咒印,观瓶内分明显现尊身色、标帜,观身大印。献阏伽等,供赞,诵一百零八名,诵摧破金刚陀罗尼一遍。愿曰:「以我这些善根,愿离世间出世间衰损,得世间出世间圆满富足。世尊持金刚与诸眷属,请允为我师徒灌顶沐浴。」宝瓶加持仪毕。

སྟེང་དུ་བརྩེགས་པའི་ཁ་ཁྱེར་གྱིས་བསྐོར་བ་དང་། སོར་བཞི་ཕྱི་རོལ་དུ་བསྐོར་བ་ཁ་ཁྱེར་ལ་རིག་པ་མཆོག་དང་ངན་སོང་སྦྱོང་བའི་རྒྱུད་ནས་འབྱུང་བ་བཞིན་དུ་ཕྱག་མཚན་བཀོད་དེ། ཚོན་རྩི་དཀར་པོས་བྱུགས་ཏེ་འོ་མ་ཅན་གྱི་ཤིང་ལ་མར་དང་འོ་མ་དང་། སྦྲང་རྩིར་བཅས་པས་སྦྱིན་སྲེག་ བྱའོ། །བྱང་ཕྱོགས་སུ་རྒྱས་པའི་ཐབ་ཁུང་གྲུ་བཞི་པ་ཁ་ཁྱེར་སོར་བརྒྱད་པ་རིམ་པ་གསུམ་དང་བཅས་པ་སྔ་མའི་རྒྱུད་ལས་འབྱུང་བ་བཞིན་དུ་ཕྱག་མཚན་བཀོད་དེ་ས་སེར་བྱུགས་ཏེ། ཞོ་དང་འབྲས་ཆན་དང་བཅས་པ་སྦྱིན་སྲེག་བྱའོ། །ནུབ་ཕྱོགས་སུ་གཞུ་ལྟ་བུའི་ཐབ་ཁུང་ལ། རྒྱར་ཁྲུ་ གང་ཟབས་སུ་ཁྲུ་ཕྱེད། ཞེང་དུ་ཡང་ཁྲུ་ཕྱེད་ཡོད་པ། ཁ་ཁྱེར་ནི་སོར་བཞི་པ་རིམ་པ་གསུམ་གྱིས་བསྐོར་བ། རྒྱུད་ལས་འབྱུང་བ་བཞིན་དུ་ཕྱག་མཚན་བཀོད་ལ། བཙག་གིས་བྱུགས་ཏེ། མར་དང་། སྦྲང་རྩི་དང་། མེ་ཏོག་ལ་སོགས་པས་དབང་གི་སྦྱིན་སྲེག་བྱའོ། །ལྷོ་ཕྱོགས་སུ་ དཀྱིལ་འཁོར་གྲུ་གསུམ་ཁ་ཁྱེར་སུམ་བརྩེགས་དང་བཅས་པ། སོར་གསུམ་པའི་ཚད་ལ། རྒྱུད་ལས་འབྱུང་བ་བཞིན་དུ་ཁྲོ་བོའི་ཕྱག་མཚན་བཀོད་ལ་ཚོན་རྩི་སྔོ་ནག་གིས་བྱུགས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་། ལན་ཚྭ་ལ་སོགས་པས་སྦྱིན་སྲེག་བྱའོ། །ཡང་ན་གྲུ་གསུམ་སྒོ་ ནུབ་ཏུ་བཏོད་པའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་གནོད་སྦྱིན་གྱི་སྡེ་དཔོན་མཐུ་ཆེན་ལེགས་པར་གྲུབ་པ་ཞེས་བྱ་བ་དང་། ཕྱོགས་གཅིག་ཏུ་དབྱིག་པ་ཁུ་ཚུར་རྡོ་རྗེ་ལྕགས་ཀྱུ་ཀཱི་ལི་ཀཱི་ལ་འཇིགས་བྱེད། སེར་སྐྱ་དང་། ཐོག་ཐོག་དང་། ལུ་གུ་རྒྱུད་དང་། རྣམ་རྒྱལ་དང་། ནག་པོ་དགོད་དོ། ། སྒོར་ནི་དགའ་བྱེད་གདོང་དང་རྡོ་རྗེ་སྡེ་དང་། ལག་{བཟངས་,བཟང་}གསུམ་དགོད་དོ། །གྲུ་གསུམ་ཁ་རན་ཅན་ལ། ཡམ་ཤིང་སེང་ལྡེང་དང་ནིམ་པ་དང་དུར་ཁྲོད་ལས་སྐྱེས་པ་དང་། དུག་དང་ཁྲག་དང་སྐེ་ཚེ་དང་ཡུངས་ཀར་དང་གཟུགས་བརྙན་གྱི་སྟེང་དུ་གནས་ནས་བསྲེག་པའམ། མཇུག་ཏུ་གཟུགས་ བརྙན་གཏུབ་ཅིང་བསྲེག་པར་བྱའོ། །རྡོ་རྗེ་རྣམ་འཇོམས་ལ་མ་མོ་བཅུས་བསྐོར་བའི་སྙིང་པོ་མ་དྷི་ཞེས་བྱ་བ་ཡིན་པར་ལེགས་པར་འགྲུབ་པ་ལས་གསུངས་སོ། །ཡང་ན་ལས་ཐམས་ཅད་པའི་ཐབ་ཁུང་ཞི་བ་དང་མཚུངས་པ་ལས། ཅུང་ཟད་ཁ་ཕྱིར་གྱེད་པ་ལ། དཀྱིལ་འཁོར་དྲུག་གང་བྱེད་པའི་ལྷ་ བཀོད་ལ། འོ་མ་ཅན་གྱི་ཤིང་ལ་མེ་སྦར་ལ། ཨ་ལས་པདྨའི་སྟེང་དུ་མེ་ལྷ་སེར་པོ་ཞལ་གཅིག་སྤྱན་གསུམ་པ་ཚངས་པའི་གཟུགས་ཅན་རིལ་པ་སྤྱི་བླུགས་དང་། ཕྲེང་བ་ཐོགས་པ་མཆོད་ཕྱིར་ཐོགས་དང་། ཐལ་རིས་གསུམ་པས་མཚན་པ། ར་སྐྱེས་ལ་ཞོན་པའི་མེ་ལྷ་བསྐྱེད་དེ་མེ་སྦར་ནས། མེ་ལྷ་ཡེ་ཤེས་སེམས་དཔའ་

次加持火供。息坛在曼荼罗东北,圆炉,炉缘向外四指,高四指,外围再绕一重四指宽的炉缘。按《最胜明》《净恶趣续》在炉缘上安置标帜,涂白色,用有乳汁的树木,配以酥、乳、蜜作护摩。增坛在北,炉方,三重八指炉缘,按前续安标帜,涂黄土,以酪与米饭作护摩。摄坛在西,炉如弓,广一肘、深半肘、宽半肘,三重四指炉缘,依续置标帜,涂赤土,用酥、蜜、花等作摄业护摩。南方猛事坛作三角,三重三指炉缘,依续安置忿怒尊的标帜,再以青黑颜料涂坛,用毒物、血、芥子、盐等作护摩。

或绘三角坛,门向西,中央安置名为“大力善成就”的夜叉军主,一方列棒、拳、金刚钩、吉利吉拉、作畏、淡黄、持雷、锁、胜、黑诸尊,门列喜面、金刚军、善手三尊。三角炉口大小相称,供木有儿茶木、苦楝木、尸林所生木。用毒物、血、芥子、白芥子等,在代像上方作烧施,或在最后切碎代像焚之。《妙成就》说,十母围绕的摧破金刚,其心咒名为“玛地”。

或用通一切事业炉,形如息坛,炉口稍外张,布六坛中所修之尊。以乳木生火,观〔梵文 a · 藏文 ཨ · 中文 阿〕字化为莲花,莲上现黄色火天,一面三眼,形如梵天,持军持、澡瓶、念珠、供器,身以三道灰纹为标,乘公山羊。如是观成火天,点火迎智慧火天。

སྤྱན་དྲངས་ཏེ། ཚུར་གཤེགས་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ཡི་རྒྱལ་པོ་དྲང་སྲོང་ཆེ། །སྲེག་བླུགས་ཞལ་ཟས་འདི་བཞེས་ལ། །འབར་བའི་ནང་དུ་བཞུགས་སུ་གསོལ། །ཞེས་བརྗོད་ལ། སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་མཐེ་བོ་སྲིན་ལག་གི་དྲུང་དུ་གཞག་ལ། ཨགྣེ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ། དེ་བ་རྀ་ཥྀ་དྭི་ཛ་སརྦོཏྟ་མ་གྲྀ་ཧི་ཏོ྅ཧུ་ཏི་མ་ཧཱ་རསྨ་སནྣི་ཧི་ཏོ་བྷ་བ་ཞེས་པའི་སྔགས་ཀྱིས་བཞུགས་སུ་གསོལ་ལོ། མཆོད་ཡོན་དང་ཞབས་བཀྲུ་བ་དང་། གདན་དང་སྐུ་ཁྲུས་གསོལ་བ་དང་། དྲིས་བྱུག་པ་དང་། མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པ་དང་འོ་མ་དང་ནས་དང་འབྲས་ཡོས་ལ་སོགས་པས་མཆོད་ལ་དགང་གཟར་མར་གྱིས་བཀང་བ་དང་། ཨགྣེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཨཱ་དི་བྱ་ཨཱ་དི་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ་ཞེས་བྱ་བས་དགང་བླུགས་དབུལ་ལོ། །དེ་ནས་མེ་བརྟག་པར་བྱ་སྟེ། དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་གདངས། །རབ་ཏུ་ཆེ་ལ་མེ་ལྕེ་གཡས་སུ་འཁྱིལ། །ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང་། ། ཡང་ན་བྱི་རུ་བཅག་པའི་ཁ་དོག་འདྲ། །ཤིན་ཏུ་སྣུམ་ལ་མེ་ལྕེ་འགབ་ནས་འཕྲོ། །རབ་ཏུ་འབར་བ་ཉི་མའི་འོད་དང་འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་དང་འདྲ། །དཔལ་བེའུ་དུང་དང་པདྨ་བླུགས་གཟར་འདྲ། །མེ་ལྕེ་ཏྲི་ཤཱུལ་རྡོ་རྗེ་རལ་གྲི་འདྲ། །ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། ། སྒྲ་དང་ག་ད་རྫ་རྔ་གླིང་བུའི་སྒྲ། །དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང་། །ཡང་ན་མི་སྦར་བར་ཡང་འབར་བར་འགྱུར། །དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །དུ་བ་ཆེ་ཞིང་མེ་སྟག་རྒོད་པ་དང་། །འབར་བ་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། །མེ་ལྕེ་རྣམ་པར་འཆད་ཅིང་གཟི་མདངས་མེད། །རྩུབ་ནག་སྤྲིན་དང་པཱ་ལ་ཤ་ཡི་མདོག །གསལ་ཤིང་དང་འདྲ་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱུགས་ཀྱི་མགོ་འདྲ་སྒྲ་ཡང་རབ་ཏུ་རྩུབ། །མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པའི་མཆོག །མི་རོའི་དྲི་ང་དངོས་གྲུབ་མེད་པར་སྟོན། །མེ་ཡི་མཚན་མ་འདི་དག་མཐོང་ནས་ནི། །སྟོབས་པོ་ཆེ་ཡི་མར་གྱིས་སྦྱིན་སྲེག་བྱ། །དེ་ནས་ཏིལ་དང་ནས་དང་ཞོ་དང་འོ་མའི་སྦྱིན་སྲེག་བྱས་ལ་མེ་ལྷ་ལ་བསྟོད་དོ། །མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་དྲུག་གང་ཡང་རུང་བའི་ལྷ་བཀོད་དོ། མཆོད་པ་དང་བསྟོད་པ་དང་བསྲེག་རྫས་དབུལ་བར་བྱའོ། །དེ་ནས་མེ་ལྷའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་ཕྱིར་བཞུགས་སུ་གསོལ་ལ། མེ་ལྷ་གཤེགས་སུ་གསོལ་ཅིང་། མེ་ལྷའི་དམ་ཚིག་སེམས་དཔའ་མེ་ཐ་མལ་པ་ལ་ཐིམ་པར་བསམ་མོ། །སྦྱིན་སྲེག་སྟ་གོན་དུ་གནས་པའོ། །གཏོར་མ་སྟ་གོན་དུ་གནས་པ་ནི་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གཏོར་མ་བསངས་ལ། ཁྲོ་བོ་འཆོལ་བའི་སྔགས་ཀྱིས་བསྲུངས་ནས། སངས་རྒྱས་སྤྱན་དང་ནམ་མཁའ་མཛོད་ཀྱིས་སྤེལ་ཏེ། ཁ་འབར་མའི་སྔགས་ཀྱིས་བསྔོས་ལ། དཔུང་{བཟངས་ཀྱིས་,བཟང་གིས་}ཞུས་པའི་རྒྱུད་ནས་འབྱུང་བ་བཞིན་དུ་གདོན་རྣམས་ལ་སྔོན་དུ་མཆོད་པ་ཕྱོགས་སྐྱོང་བ་རྣམས་ལ་ཕྱིས་མཆོད་པར་བྱའོ། །ཕྱོགས་སྐྱོང་གི་སྔགས་

「请来,请来,大种尊,火王大仙,请受烧施食,安住火焰中。」以施护印,拇指置无名指旁,〔梵文 agne ehyehi mahābhūta | devaṛṣi dvija sarvottama gṛhito ’huti mahārasma sannihito bhava · 藏文 ཨགྣེ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ། དེ་བ་རྀ་ཥྀ་དྭི་ཛ་སརྦོཏྟ་མ་གྲྀ་ཧི་ཏོ྅ཧུ་ཏི་མ་ཧཱ་རསྨ་སནྣི་ཧི་ཏོ་བྷ་བ · 中文 阿格内 诶赫耶希 玛哈布达 德瓦里希 德维扎 萨尔沃特达玛 格里希多 胡迪 玛哈拉斯玛 萨恩尼希多 巴瓦〕诵咒请住,献阏伽、洗足水、座、沐浴、涂香、花香及乳、大麦、爆米等,满杓酥,〔梵文 agne ha bya ka bya ba ha nā ya ā di bya ā di bya ba ha nā ya svāhā · 藏文 ཨགྣེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཨཱ་དི་བྱ་ཨཱ་དི་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ · 中文 阿格内 哈 布雅 卡 布雅 巴 哈 纳 雅 阿 迪 布雅 阿 迪 布雅 巴 哈 纳 雅 斯瓦哈〕诵咒倾献。次观察火相:「无烟而色如金,焰大向右旋,色如虹或白,或如碎珊瑚,极润,焰从下方放射,如烈日,形如瓶、幢、盖、吉祥结、螺、莲、供杓、三叉、金刚、剑,或如胜车、拂尘。声如鼓、陶鼓、笛,烟焰芳香,火星良善,或不点而自燃,此时得广大成就。若烟大、火星乱跳、难点、只微燃,火舌断而无光,粗黑如云或波罗奢树色,形如明木、细屑或兽首,声粗烈,火焰离散,气味如人尸,表示不得成就。见这些火相后,以大力酥作火供。」以芝麻、大麦、酪、乳献供,赞火天,于火天心间安六坛中随一尊,供赞及烧供物。请火天心中智慧尊回归本坛,请火天还去,观其誓言尊融入普通火。这是火供预备。食子预备先用甘露旋咒净,用忿怒咒护,用佛眼和虚空藏增广,用焰口母咒回向。依《妙臂所问续》,先供祟众,后供方护。

ནི་དབང་ལྡན་ལ་རུ་དྲཱ་ཡ་སྭཱ་ཧཱ། དབང་པོ་ལ་ཤ་ཀྲཱ་ཡ་སྭཱ་ཧཱ། མེ་ལྷ་ལ་ཨགྣེ་ཡེ་སྭཱ་ཧཱ། གཤིན་རྗེ་ལ་བེ་བ་སཱ་དྷ་ཡེ་སྭཱ་ཧཱ། བདེན་བྲལ་ལ་རཱཀྵ་སཱ་དྷི་པ་ཏ་ཡ་སྭཱ་ཧཱ། ཆུ་ལྷ་ལ་བ་རུ་ཎཱ་ཡེ་སྭཱ་ཧཱ། རླུང་ལྷ་ལ་བཱ་ཡ་བེ་སྭཱ་ཧཱ། ཀུ་བེ་ར་ལ་ཡཀྵ་སིདྡྷ་རེ་སྭཱ་ཧཱ། སྲིན་པོ་ལ་ཀྲད་ཀེ་རི་སྭཱ་ཧཱ། ཤ་ཟ་ལ་མི་ཙི་མི་ཙི། འབྱུང་པོ་ལ་གུང་གུང་། གདོན་རྣམས་ཀྱི་ནི་སརྦྦ་དེ་བ་ནཱ་ག་ཡཀྵ་རཀྵ་སཱ་ཨ་སུ་ར་ཀིནྣ་ར་མ་ཧོ་ར་ག་མ་ཏྲྀ་ག་ཎ་པི་ཤཱ་ཙི། ཨུནྨཱ་ཏ། ཨ་པ་སྨ་ར་ཀ་ཏ་པཱུ་ཏ་ན། རུ་རུ་སྥུ་རུ། ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པས་བསྔོས་ལ་གཏང་བར་བྱའོ། །ཁྱད་པར་གྱི་འབྱུང་པོ་ལ་གཅིག་སྦྱིན་པར་བྱའོ། །གཏོར་མ་ལྷག་པར་གནས་པའོ། །དེ་ནས་སྔར་བསྟན་པའི་སློབ་མ་མཚན་ཉིད་དང་ལྡན་པ་ལྷག་པར་གནས་པར་འདོད་ན། དེ་ནས་གཤེགས་པ་ལ་མཆོད་ཡོན་དང་། མཆོད་པ་ཕུལ་ལ། ན་བཟའ་རེ་རེ་འམ། སྤྱིར་ཟུང་གཅིག་ཕུལ་ལ། བདེ་གཤེགས་རྡོ་རྗེའི་རིགས་བདག་པོ། །རྡོ་རྗེ་འཆང་བ་ཐུགས་རྗེའི་བདག །བདག་ལ་མཉེས་ཤིང་དགྱེས་པ་དང་། །བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་ལ་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སློབ་མ་དགུག་པ་དང་། ལྕགས་སྒྲོག་གིས་བཅིང་བ་དང་། རྡོ་རྗེ་སེར་བའི་ཕྱག་རྒྱས་བསྡིགས་པ་དང་། ཁྲོ་བོ་བེ་ཅོན་དང་སྟོབས་པོ་ཆེས་དམ་ཚིག་འཛིན་དུ་གཞུག་གོ། །དེ་ནས་སྔ་མ་བཞིན་དུ་བདུན་རྣམ་དག་བྱས་ལ། སློབ་མ་ཁྲོ་བོ་ཕྱག་ན་རྡོ་རྗེའམ་བདུད་རྩི་འཁྱིལ་པར་བསྐྱེད་དེ། ཡི་གེ་ཧཱུཾ་དང་རང་གི་སྔགས་ཀྱི་ལྷའི་ཕྱག་རྒྱ་ཆེན་པོ་བསམས་ལ། མཱ་མ་ཀཱིའི་ཕྱག་རྒྱས་གནས་ལྔར་བྱིན་གྱིས་བརླབས་ཏེ། སོ་ཤིང་དོར་བ་དང་། ཁ་ལན་གསུམ་དུ་བཀྲུ་བ་དང་། སྲུང་སྐུད་མདུད་པ་གསུམ་པ་བཅིང་བ་དང་། ཀུ་ཤ་བྱིན་ནས་རྨི་ལམ་བརྟག་པ་དང་། སེམས་དཔའ་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་བསྐྱེད་པ་དང་། བྱམས་པའི་སྔགས་ཀྱིས་གོ་ཆ་བསྐོན་པ་དང་། ཧཱུཾ་བཞི་པའི་སྔགས་དང་བདུད་རྩི་ཐབ་སྦྱོར་གྱིས་བསྲུང་བ་དང་། སྤོས་ཆུས་བརླན་པའི་ལག་པ་མགོ་ལ་གཞག་ལ་རིག་སྔགས་ཀྱི་རྒྱལ་པོ་ལན་བདུན་བཟླས་པ་དང་། དེ་ནས་སློབ་མ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པར་བྱའོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་སྙན་གསན་དབབ་པར་བྱ་སྟེ། ལྷ་རྣམས་ཀུན་ལ་གསན་པར་གསོལ། །འདི་ཞེས་བགྱི་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སངས་རྒྱས་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་གི་མིང་ནི་འདི་ཞེས་བགྱི། །སང་ནི་གདུགས་ལ་དཀྱིལ་འཁོར་ནི། །བཟང་པོ་མིང་ནི་འདི་ཞེས་བགྱི། །ཡོ་བྱད་ཅི་འབྱོར་པས་འབྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་སྙན་གསན་ཕབ་ནས། ཕྱག་འཚལ་ནས་བསྟོད་དོ། །སྟ་གོན་གྱི་ལྷ་གཤེགས་སུ་གསོལ་ལོ། །སྟ་གོན་གྱི་ཆོ་ག་བསྒྲུབ་པ་རྫོགས་སོ།། །།སྒྲུབ་པ་ཆེན་པོ་དཀྱིལ་འཁོར་གྱི་ཆོ་ག་བྱེད་

方护咒依次给自在〔梵文 ru drā ya svāhā · 藏文 རུ་དྲཱ་ཡ་སྭཱ་ཧཱ · 中文 鲁 德拉 雅 斯瓦哈〕、帝释〔梵文 śa krā ya svāhā · 藏文 ཤ་ཀྲཱ་ཡ་སྭཱ་ཧཱ · 中文 夏 克拉 雅 斯瓦哈〕、火天〔梵文 agne ye svāhā · 藏文 ཨགྣེ་ཡེ་སྭཱ་ཧཱ · 中文 阿格内 耶 斯瓦哈〕、阎魔〔梵文 be ba sā dha ye svāhā · 藏文 བེ་བ་སཱ་དྷ་ཡེ་སྭཱ་ཧཱ · 中文 贝 巴 萨 达 耶 斯瓦哈〕、离实〔梵文 la rākṣa sā dhi pa ta ya svāhā · 藏文 ལ་རཱཀྵ་སཱ་དྷི་པ་ཏ་ཡ་སྭཱ་ཧཱ · 中文 拉 拉克沙 萨 迪 巴 达 雅 斯瓦哈〕、水天〔梵文 ba ru ṇā ye svāhā · 藏文 བ་རུ་ཎཱ་ཡེ་སྭཱ་ཧཱ · 中文 巴 鲁 纳 耶 斯瓦哈〕、风天〔梵文 bā ya be svāhā · 藏文 བཱ་ཡ་བེ་སྭཱ་ཧཱ · 中文 巴 雅 贝 斯瓦哈〕、俱毗罗〔梵文 yakṣa siddha re svāhā · 藏文 ཡཀྵ་སིདྡྷ་རེ་སྭཱ་ཧཱ · 中文 雅克沙 西德达 雷 斯瓦哈〕、罗刹〔梵文 krada ke ri svāhā · 藏文 ཀྲད་ཀེ་རི་སྭཱ་ཧཱ · 中文 克拉达 克 里 斯瓦哈〕、食肉鬼〔梵文 mi ci mi ci · 藏文 མི་ཙི་མི་ཙི · 中文 米 吉 米 吉〕、部多〔梵文 guṅ guṅ · 藏文 གུང་གུང་ · 中文 古恩 古恩〕,另有梵文 sarva de ba nā ga yakṣa rakṣa sā a su ra kinna ra ma ho ra ga ma tṛ ga ṇa pi śā ci | unmā ta | a pa sma ra ka ta pū ta na | ru ru sphu ru | jva la tiṣṭha siddhi lo ca na sarva artha sā dha ni svāhā藏文 སརྦྦ་དེ་བ་ནཱ་ག་ཡཀྵ་རཀྵ་སཱ་ཨ་སུ་ར་ཀིནྣ་ར་མ་ཧོ་ར་ག་མ་ཏྲྀ་ག་ཎ་པི་ཤཱ་ཙི། ཨུནྨཱ་ཏ། ཨ་པ་སྨ་ར་ཀ་ཏ་པཱུ་ཏ་ན། རུ་རུ་སྥུ་རུ། ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ中文 萨尔瓦 德 巴 纳 嘎 雅克沙 拉克沙 萨 阿 苏 拉 基恩纳 拉 玛 霍 拉 嘎 玛 特里 嘎 纳 比 夏 吉 乌恩玛 达 阿 巴 斯玛 拉 卡 达 布 达 纳 鲁 鲁 斯普 鲁 吉瓦 拉 迪什塔 西德迪 洛 加 纳 萨尔瓦 阿尔塔 萨 达 尼 斯瓦哈,诵后回向送出。特殊部多另给一份。食子加持毕。欲预备具前述相的弟子,先向所临诸尊献阏伽、供养,各一衣,或总献一双。「善逝金刚部主,悲心之主持金刚,愿于我欢喜,加持赐成就。」金刚钩印召弟子,铁锁缚,以金刚雹印诫勉,以忿怒杖尊、大力尊令受誓言。如前作七种清净,生弟子为忿怒金刚手或甘露旋,以〔梵文 hūṃ · 藏文 ཧཱུཾ · 中文 吽〕字、自咒观本尊大印,以玛玛基印加持五处。投齿木、漱口三次、系三结护线,给吉祥草以验梦,生起勇士佛顶与威光聚,以慈咒披甲,用四吽咒与甘露方便合守护。以香水润手置头,诵明咒王七遍,为弟子说甚深广大法。弟子预备毕。 随后启白:「祈诸天垂听!某名世尊明咒王,我顶礼。出于慈心,怜愍弟子,也为供养诸尊,我想明日绘坛。我心恭敬,愿世尊允准。慈悲佛怙、菩萨、阿罗汉、密咒诸尊、护世诸天、有大力的部多、具天眼而爱乐佛教者,请念我。我名某,明日白昼欲随资具绘某名贤善曼荼罗。愿慈念我与弟子,愿加持一切会众入坛。」启白、礼赞后,请预备尊还去。预备仪轨毕。

པར་འདོད་པས། སློབ་དཔོན་དང་སློབ་མ་ཀུ་ཤའི་སྟན་དང་སྔས་ལ་ཉལ་ནས། ནང་པར་སློབ་མ་ལ་སྙིང་བརྩེ་བའི་ཕྱིར་དཀྱིལ་འཁོར་བྱས་ཏེ། སློབ་མ་ལ་རྨི་ལམ་ཅི་མཐོང་ཞེས་ཀྱང་དྲི་བར་བྱའོ། །སངས་རྒྱས་དང་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་མཐོང་ན་དགེའོ། །ཕྱག་ན་རྡོ་རྗེ་ཀུན་ནས་བཏུས་པ་ལས་འབྱུང་བ་བཞིན་དུ་རྨི་ལམ་བརྟགས་ནས། རྨི་ལམ་མི་ཤིས་ན་གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་བྱའོ། །ནང་པར་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་གོས་དཀར་པོ་གོན་ནས། །བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང་། ཚོན་སྣ་ལྔའི་སྲད་བུ་སར་པ་གཙང་མ་མཛེས་པ། ཤིན་ཏུ་རན་པ་དྲི་ཞིམ་པ་རེག་ན་བདེ་བ། ལེགས་པར་བཀལ་བ་སྲ་བ་སྦོམ་ཕྲ་མེད་པ། འཇུར་མདུད་མེད་པའི་ཐིག་སྐུད་ལ། དཀར་པོ་ལ་རཾ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དམར་པོ་ལ་ཀཾ་གསེར་ཐུབ་ཀྱི་རང་བཞིན། སེར་པོ་ལ་ཨཾ་ཐུབ་པ་བྱང་ཆུབ་སྙིང་པོའི་རང་བཞིན། ལྗང་གུ་ལ་པཾ་ཕྱག་ན་རྡོ་རྗེའི་རང་བཞིན། སྔོན་པོ་ལ་ཧཱུཾ་ཁམས་གསུམ་རྣམ་པར་རྒྱལ་བའི་རང་བཞིན་དུ་བསྐྱེད་ལ། ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བས་བཟླས་ལ། མཆོད་པ་ལྔས་མཆོད་ནས་ཐིག་གདབ་པར་བྱའོ། །ཐིག་གི་ཆོ་ག་ནི་ཐུན་མོང་གི་ཆོ་ག་ལས་ཤེས་པར་བྱའོ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །ཅེས་གསུངས་སོ། །དེ་ནས་བའི་རྣམ་ལྔས་ས་གཞི་ཁོ་ར་ཁོར་ཡུག་ཏུ་ཆག་ཆག་བཏབ་ལ་བྱུགས་ཏེ། བྱུང་ན་རིན་པོ་ཆེའི་ཕྱེ་མའམ། སཱ་ལུའི་ཕྱེ་མའམ་སའི་ཕྱེ་མས་བྱའོ། །དེ་ནས་ཚོན་རྩི་ལ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་དང་། རིག་སྔགས་ཀྱི་རྒྱལ་པོ་ཕྱག་ན་རྡོ་རྗེའི་སྔགས་ཀྱིས་བསང་གཏོར་བྱ། མཆོད་པ་ཕུལ་ལ། དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་པ་དག་ནི་ཕྱག་རྒྱར་བཤད། །གསུམ་པ་སྟན་དང་གནས་དག་དང་། །ཡིག་འབྲུ་བྲི་བར་རབ་ཏུ་བསྔགས། །དེ་ལ་དཀྱིལ་འཁོར་དང་པོ་ལྷ་ཉི་ཤུ་རྩ་གཅིག་

欲作大成就坛,师徒卧吉祥草座、枕上。次日为慈愍弟子作坛,问梦见何物。见佛、塔、像等为吉。依《金刚手总集》验梦,不吉作食子、护摩等。晨依前述咒印着白衣,诵甘露旋咒,取五色新净美线,适度、芳香、柔和、纺细而坚、不粗不细、无乱结。白线〔梵文 raṃ · 藏文 རཾ · 中文 让〕字为法界性,红线〔梵文 kaṃ · 藏文 ཀཾ · 中文 冈〕字为金寂性,黄线〔梵文 aṃ · 藏文 ཨཾ · 中文 阿姆〕字为牟尼菩提藏性,绿线〔梵文 paṃ · 藏文 པཾ · 中文 帕姆〕字为金刚手性,青线〔梵文 hūṃ · 藏文 ཧཱུཾ · 中文 吽〕为降三世性。〔梵文 oṃ vajra sa ma ya mā ti kra ma hūṃ · 藏文 ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ · 中文 嗡 瓦吉拉 萨 玛 雅 玛 迪 克拉 玛 吽〕诵咒,五供后弹线。弹线法见共仪。文说:「线断则师死,长短不齐则病,错方则弟子昏乱,凶兆现则不得成就。」再以牛五物洒涂场地与四周。若有,用宝粉,或稻米粉、土粉。以〔梵文 oṃ vajra ci tra sa ma ya hūṃ · 藏文 ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ · 中文 嗡 瓦吉拉 吉 特拉 萨 玛 雅 吽〕和明咒王金刚手咒洒净彩料,供养。颂说:「第一说画形像,第二说画手印,第三则座及住处,也极赞叹书种字。」

པ་དགོད་དོ། །དབུས་ཀྱི་ལྟེ་བ་རྩིབས་ལྔ་པ་ལ་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔར་བཤད་པ་བཞིན་དུ་བྲི་བ་དང་། འཁོར་ལོའི་རྩིབས་བཞི་ལ། གཡས་སུ་མཱ་མ་ཀཱི། གཡོན་དུ་བདུད་རྩི་འཁྱིལ་པ་སྟེ། མཱ་མ་ཀཱིའི་རྟགས་རྡོ་རྗེ་རྩེ་གསུམ་པ། བྱང་དུ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པ། ། དབུས་སུ་རྡོ་རྗེ་རྩེ་གསུམ་པ་གཉིས་ཆང་ཟུངས་དྲང་པོར་འདུག་ལ། ཆང་ཟུངས་ཀྱི་ལྟེ་བ་ལ་དགྲ་སྟ་སྲབ་མོ་ཁ་ཕྱིར་བལྟས་པ་བྲི་བར་བྱའོ། །མདུན་དུ་སྐེམ་བྱེད་ཀྱི་དབྱིག་པ། རྒྱབ་ཏུ་གཞོན་ནུའི་འཁོར་ལོ། རྡོ་རྗེ་རྩེ་གསུམ་པས་བསྐོར་བ། དེའི་ཕྱི་རོལ་གྱི་རྩིབས་བཅུ་གཉིས་ལ། ཤར་དུ་རྒྱལ་བའི་རྡོ་རྗེ་རྩེ་གསུམ་པ། རྣམ་པར་རྒྱལ་བའི་རྡོ་རྗེ་རྩེ་གསུམ་པ་མེ་ལྕེ་འཕྲོ་བ། རྡོ་རྗེ་མཚན་གྱི་རྡོ་རྗེ་རྩེ་གསུམ་པ་ཤར་དུ་དགོད་དོ། །བྱང་དུ་རྡོ་རྗེ་རྟགས་ཀྱི་རྡོ་རྗེ་རྩེ་གསུམ་པ། བཀྲ་ཤིས་ཀྱི་རྡོ་རྗེ་རྩེ་གཅིག་པ། ཤིན་ཏུ་བཀྲ་ཤིས་ཀྱི་རྡོ་རྗེ་རྩེ་གསུམ་པ་པདྨས་མཚན་པའོ། །ལྷོར་པདྨའི་མཚན་གྱི་པདྨའི་སྡོང་བུ་ཁ་ཅུང་ཟད་བྱེ་བ་རྡོ་རྗེ་རྩེ་གསུམ་པ་དང་བཅས་པའོ། །པདྨ་ཕྲེང་གི་པདྨའི་སྡོང་བུ་ཁ་བྱེ་བ་དབུས་ན་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ནུབ་ཏུ་གཡུང་དྲུང་རིས་ཀྱི་ནི་གྲུ་བཞི་བསྣོལ་བའི་དབུས་སུ་གཡུང་དྲུང་འཁྱིལ་པའི་རྩེ་མོར་ཤིང་ཐོག་སྐྱུ་རུ་རའི་འབྲས་བུ་རིན་པོ་ཆེས་མཚན་པའོ། ། མདུང་རྩེ་གསུམ་པ་དང་། རྡོ་རྗེ་ནི་ཁ་གཉིས་པ་རྡོ་རྗེའི་རྭ་དབུས་མ་ནས་འབྲས་ཀྱི་དབྱིབས་ལྟར་འདུག་པའོ། །མཆེ་བ་ནི་པདྨའི་སྡོང་བུ་ལ་མཆེ་བ་གཉིས་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ནང་གི་སྒོ་བཞིར་མདུང་རྩེ་གཅིག་པ་དང་། སྦྲུལ་གྱི་ཞགས་པ་མེ་ལྕེ་དང་བཅས་པ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང་། མདུང་རྩེ་གསུམ་པ་སྦྲུལ་གྱི་ཞགས་པ་དང་བཅས་པ་དང་། རལ་གྲི་བྲིས་ལ། པཉྩ་རཱ་གའི་རྩིག་པ་དང་། འདོད་ཡོན་གྱི་སྣམ་བུ་དང་། རིན་པོ་ཆེའི་མདའ་ཡབ་དང་། དྲ་བ་དྲ་ཕྱེད་དང་། དར་ཡོལ་དང་། རྟ་བབས་དང་། རྡོ་རྗེ་ར་བ་མེ་འོད་དང་བཅས་པ་བྲིའོ། །དགོད་པའི་སྔགས་དང་ཕྱག་རྒྱ་ནི་སྔར་བཤད་ཟིན་ཏོ། །དཀྱིལ་འཁོར་གཉིས་པ་ནི་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོན་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིག་པ་མཆོག་ལས་གསུངས་པ་བཞིན་བསམ་པར་བྱའོ། །

第一坛布二十一尊。中央五辐轮的脐中如前绘世尊金刚手,四辐右玛玛基,左甘露旋。玛玛基标帜为三股金刚;北方三股金刚插在棒头;中央两三股金刚具直柄,在柄心绘刃向外的薄斧。前有枯槁尊棒,后有童子轮,三股金刚围绕。外十二辐,东方依次绘胜尊三股金刚、殊胜尊放焰三股金刚、金刚相三股金刚。北方金刚标三股金刚、吉祥独股金刚、极吉祥具莲标三股金刚。南方莲花相,莲茎微开,有三股金刚;莲鬘,开莲花茎,中央标三股金刚。西方卐字以交叉方形中央旋卐,顶以余甘子状宝物为标。又列三叉、金刚,金刚两端、中股如米粒。獠牙相为莲茎二牙,标三股金刚。内四门画独尖矛、带焰蛇索标三股杵、带蛇索三叉、剑。外画五色墙、欲妙饰带、宝檐、全网半网、绸幕、门楼、带火光的金刚墙。安置咒印已说。第二坛依前咒印,主摧破金刚身青,以降三世印持铃杵,着虎裙,依《最胜明》观。

ཤར་གྱི་ཁྲོ་བོ་དཀར་པོ་རྡོ་རྗེ་དང་སྡིགས་མཛུབ། ལྷོའི་ཁྲོ་བོ་སེར་པོ་རིན་པོ་ཆེ་དང་སྡིགས་མཛུབ། ནུབ་ཀྱི་ཁྲོ་བོ་དམར་པོ་པདྨ་དང་སྡིགས་མཛུབ། བྱང་གི་ཁྲོ་བོ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །མཚམས་བཞིའི་སྐུ་མདོག་ནག་པོའོ། །ཤར་ལྷོར་རྡོ་རྗེའི་ཕུར་བུ་བསྣམས་པའོ། ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕུར་བུ་བསྣམས་པའོ། །ནུབ་བྱང་དུ་པདྨའི་ཕུར་བུ་བསྣམས་པའོ། །བྱང་ཤར་དུ་སྣ་ཚོགས་རྡོ་རྗེའི་ཕུར་བུ་བསྣམས་པའོ། །སྒོ་བཞིར་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་བསྣམས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྔ་ལྔ་པ་ནི་སྐུ་མདོག་དང་ཕྱག་མཚན་སྔ་མ་བཞིན་དུ་བཀོད་ལ། །ཕྱོགས་སྐྱོང་བ་བཅུ་ཡང་སྟ་གོན་གྱི་གཏོར་མའི་སྔགས་དང་། རྡོ་རྗེ་བསྣམས་པ་ལས་གུང་མོ་མྱུ་གུ་ལྟར་གཤིབས་ཏེ། བསྒྲེང་ལ་མཐེ་བོང་དང་། མཐེའུ་ཆུང་སོ་སོར་བསྒྲེང་ལ་སྤྱིའི་ཕྱག་རྒྱས་དགོད་པར་བྱའོ། །དཀྱིལ་འཁོར་བཞི་པ་འཁྲུལ་འཁོར་ཡང་ཁྲོ་བོར་བསྐྱེད་པའི་ཚེ་དབུས་ཀྱི་གཙོ་བོ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་པ་སྡིགས་མཛུབ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། དབང་ཕྱུག་ཆེན་པོ་ཁྱོ་ཤུག་མནན་པའོ། །ཐམས་ཅད་ཀྱང་སྐུ་མདོག་ནག་པོའོ། །སྟག་གི་པགས་པའི་ཤམ་ཐབས་མནབས་པ། ཤར་དུ་རྡོ་རྗེ་བེ་ཅོན། ལྷོར་རྡོ་རྗེ་འཆོལ་པ་རྡོ་རྗེ་བསྣམས་པ། ནུབ་ཏུ་རྡོ་རྗེ་ཐོ་བ། བྱང་དུ་རྡོ་རྗེ་ལྕགས་ཀྱུ། ཤར་ལྷོར་རྡོ་རྗེ་ལྕགས་སྒྲོག །ལྷོ་ནུབ་ཏུ་རྡོ་རྗེ་སེར་བ། ནུབ་བྱང་དུ་རྡོ་རྗེ་གནོད་མཛེས། བྱང་ཤར་དུ་རྡོ་རྗེ་རྨོངས་བྱེད། ཤར་སྒོར་རྡོ་རྗེ་སྟོབས་པོ་ཆེ། ལྷོ་སྒོར་རྡོ་རྗེ་བཞད་པ། ནུབ་སྒོར་རྡོ་རྗེ་སེང་གེའི་གདན། བྱང་སྒོར་རྡོ་རྗེ་གཏུམ་པོ། ཡ་སོས་མ་མཆུ་མནན་པ། སྐྲ་དང་སྨ་ར་འབར་བ་བྲི་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་རྡོ་རྗེ་ཕོ་ཉ་མོ་བཅུས་བསྐོར་བའི་དཀྱིལ་འཁོར་ནི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྔ་མ་བཞིན་དུ་བྲིས་ལ། འཁོར་ལོ་རྩིབས་བཅུ་པའི་

东白忿怒持金刚作期克指,南黄持宝,西赤持莲,北绿持十字金刚,皆作期克指。四角忿怒尊身黑,东南持金刚橛、西南宝橛、西北莲橛、东北十字金刚橛。四门持钩、索、锁、铃。余同前。五尊坛身色、标帜照前。十护方以预备食子时的咒和总印安置,即自持金刚印并拢中指如芽伸起,分伸拇指、小指。第四机轮坛生忿怒尊时,中央青色持金刚,右持金刚,左作期克指,着虎皮裙,脚踏大自在夫妇。眷属皆黑,着虎皮裙。东金刚杖、南狂金刚持杵、西金刚锤、北金刚钩;东南金刚铁锁、西南金刚雹、西北金刚妙害、东北金刚昏乱;东门金刚大力、南门金刚笑、西门金刚狮座、北门暴烈金刚。绘其上齿压下唇、发须焰起。余同前。

རྩིབས་དང་པོ་བློ་གྲོས་རྡོ་རྗེ་མ་རྡོ་རྗེ་བསྣམས་པ། གཉིས་པ་རྡོ་རྗེ་དྲིལ་བུ་བསྣམས་པ། གསུམ་པ་རྡོ་རྗེ་ནག་མོ་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། བཞི་པ་གཞན་གྱིས་མི་ཐུབ་པ་བེ་ཅོན་བསྣམས་པ། ལྔ་པ་རྡོ་རྗེ་རོལ་པ་རྡོ་རྗེ་རྩེ་གཅིག་པ་བསྣམས་པ། དྲུག་པ་རྡོ་རྗེ་སྐ་རགས་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། བདུན་པ་རྡོ་རྗེ་ཤུགས་མདའ་གཞུ་བསྣམས་པ། བརྒྱད་པ་རྡོ་རྗེ་ཉི་མ་རྡོ་རྗེ་འབར་བ་བསྣམས་པ། དགུ་པ་རྡོ་རྗེ་དབྱིག་པ་རྡོ་རྗེ་དབྱུག་ཐོ་བསྣམས་པ། བཅུ་པ་རྡོ་རྗེ་བདེན་པ་སྣ་ཚོགས་རྡོ་རྗེ་བསྣམས་པ་བྲི་བར་བྱ་སྟེ། དེ་སྒྲུབ་པའི་སྔགས་དང་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ལས་སྲིན་ལག་ནང་དུ་བཅུག་ལ། ན་མཿས་མནྟ་བུདྡྷ་བཛྲ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བར་བྲི་བར་བྱའོ། །ཡང་ན་རྡོ་རྗེ་ཉིད་བསྟོད་དེ། བསྟན་པ་ནི་ཕོ་ཉ་མོ་རྣམས་ཀྱི་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་པྲ་ན་མ་བིདྱཱ་ག་ཎ་སྱེ་སྭཱ་ཧཱ། ཞེས་བྱའོ། །རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའི་དཀྱིལ་འཁོར་ལ་ཤར་ཕྱོགས་སུ་རྡོ་རྗེ་རིགས་ཀྱི་དང་པོ་རྡོ་རྗེ་འཛིན་པ། གཉིས་པ་མདངས་དཀར་མ། གསུམ་པ་རྡོ་རྗེ་རྒྱལ་བ། རྡོ་རྗེ་རྣམ་པར་རྒྱལ་བ། རྡོ་རྗེ་ཁུ་ཚུར། རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་གདོང་དམར། རྡོ་རྗེ་འོད་ཟེར་ཕྲེང་། རྡོ་རྗེ་རྣ་ཆའི་གདོང་། རྡོ་རྗེ་དགའ་བྱེད་གདོང་། རྡོ་རྗེ་སྡེ། རྡོ་རྗེ་ལག་བཟང་། རྡོ་རྗེ་ཁྲོ་བོ། རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་སྙིང་པོའི་རྒྱལ་པོ། རྡོ་རྗེ་འཇིགས་བྱེད་རྣམས་གཞག་པར་བྱའོ། །ལྷོར་རིན་པོ་ཆེའི་རིགས་རྡོ་རྗེའི་སྐེ་རགས། རྡོ་རྗེ་ཀླུ་མགོ་ཅན། རྡོ་རྗེ་ཀླུ་འཛིན། རྡོ་རྗེ་ཡངས་པ་ཆེན་མོ། རྡོ་རྗེ་ཀླུ་ཆེན་མོ། རྡོ་རྗེ་འཕྲོག་པ། རྡོ་རྗེ་དགའ་བ་ཉེ་དགའ། རྡོ་རྗེ་ཁ་འབར་མ། རྡོ་རྗེ་དཀའ་ཐུབ་ཟློག །རྡོ་རྗེ་དབྱིག་པ། རྡོ་རྗེ་འོད་ཟེར་ཕྲེང་། རྡོ་རྗེ་ལྕགས་ཀྱུ་མ། དཔལ་གྱི་བློ་གྲོས། ཁྲོ་བོ་ཀཱི་ལི་ཀཱི་ལཱ་ཡ། ཁྲོ་བོ་སུ་རུ་སུ་རུ། དཔལ་ལྷ་མོ། ནུབ་ཕྱོགས་པདྨའི་རིགས་ལ། མ་ཏངྒི། མིག་སྣ་མའི་གདོང་། རྡོ་རྗེ་རྩེ་མོ། སྐྲག་བྱེད་ཆེན་མོ། བྷྲིངྒི་རི་ཏི། རྡོ་རྗེ་སེར་སྐྱ། རྡོ་རྗེ་གཙུག་འཆང་། རྡོ་རྗེ་ལྕགས་སྒྲོག །རྡོ་རྗེ་སེལ་བྱེད། རྡོ་རྗེ་གདོང་། ནམ་མཁའི་གདོང་། རྡོ་རྗེ་གནོད་འཇོམས། རྡོ་རྗེ་མི་བཟད་པ། རྡོ་རྗེ་འཇིགས་པ། རྡོ་རྗེ་ལུ་གུ་རྒྱུད། རྡོ་རྗེ་ཐོག་ཐོག་རྣམས་བྲི་བར་བྱའོ། །བྱང་ཕྱོགས་སུ་ལས་ཀྱི་རིགས་རྡོ་རྗེ་དབྱིག་པ། འཇིགས་བྱེད་ཆེན་པོ། བདུད་རྩི་ཐབ་སྦྱོར། པདྨ་ཡངས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་དགྲ་སྟ། རྡོ་རྗེ་སེང་གེའི་ཁྲི། རྡོ་རྗེ་ལྕགས་མདའ། རྡོ་རྗེ་མཚོན་ཆ་མཆོག །རྡོ་རྗེ་མཚོན་ཆའི་ཤུགས། རྡོ་རྗེ་མཚོན་ཆའི་སྙིང་པོ། དམ་ཚིག་ཆེན་པོ། རྡོ་རྗེ་དབྱུག་པ། རྡོ་རྗེ་གཙུག་ཏོར། རྡོ་རྗེ་འདོད་པ། རྡོ་རྗེ་འཇིགས་བྱེད་རྣམས་བྲི་བར་བྱའོ། །རྡོ་རྗེ་ཕོ་ཉ་མོ་དེ་རྣམས་བྲི་བའི་སྔགས་དང་ཕྱག་རྒྱ་ནི་སྔར་བསྟན་པའི་སྤྱིའི་དེ་ཉིད་ཀྱིས་བྱའོ། །དེ་ལྟར་དཀྱིལ་འཁོར་དྲུག་བྲིས་ནས། གདུགས་བཞི་དང་། བ་དན་བཞི་གུར་གུམ་དང་རྒྱ་སྐྱེགས་ལས་བཙོས་པ་ཤིང་རིང་བཞིའི་རྩེ་མོ་ལ་བཏགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རྫས་དང་། ཕྱག་

十金刚使女坛中央如前绘摧破金刚。十辐依次绘慧金刚女持杵、第二持金刚铃、黑金刚女持三股、不可胜持杖、金刚游戏持独股、金刚腰带持三股、金刚势持弓箭、金刚日持焰杵、金刚棒持金刚槌杖、金刚真实持十字杵。成就之印,从金刚界自在母印收无名指向内,书咒〔梵文 namo ratnatrayāya | namo vajra dhara pra na ma vidyā ga ṇa sye svāhā · 藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་པྲ་ན་མ་བིདྱཱ་ག་ཎ་སྱེ་སྭཱ་ཧཱ། · 中文 纳莫 拉特纳特拉雅雅 纳莫 瓦吉拉 达拉 普拉 纳 玛 维德雅 嘎 纳 斯耶 斯瓦哈〕。或赞金刚自身,说为诸使女者,〔梵文 namo ratnatrayāya | namo vajra dhara pra na ma vidyā ga ṇa sye svāhā · 藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་པྲ་ན་མ་བིདྱཱ་ག་ཎ་སྱེ་སྭཱ་ཧཱ · 中文 纳莫 拉特纳特拉雅雅 纳莫 瓦吉拉 达拉 普拉 纳 玛 维德雅 嘎 纳 斯耶 斯瓦哈〕。 六十四使女坛,东方金刚部十六:持金刚、白光、金刚胜、金刚殊胜、金刚拳、独股金刚、金刚赤面、金刚光鬘、金刚耳饰面、金刚喜面、金刚军、金刚善手、忿怒金刚、独股金刚、金刚心王、金刚作畏。南方宝部:金刚腰带、金刚龙首、金刚持龙、金刚大广、金刚大龙、金刚夺、金刚喜近喜、金刚焰口、金刚返苦行、金刚棒、金刚光鬘、金刚钩母、吉祥慧、忿怒吉利吉拉、忿怒苏鲁苏鲁、吉祥天女。西方莲花部:摩登伽、眼鼻面、金刚顶、大作怖、毗陵吉利底、金刚淡黄、金刚持髻、金刚锁、金刚除、金刚面、虚空面、金刚摧害、金刚难忍、金刚怖、金刚链、金刚持霆。北方事业部:金刚棒、大作畏、甘露方便合、广莲、善金刚、金刚斧、金刚狮座、金刚铁箭、金刚胜器、金刚兵势、金刚兵心、大誓言、金刚杖、金刚顶髻、金刚欲、金刚作畏。绘诸使女所用咒印,依前示共通真实义。

ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ནས་འབྱུང་བ་བཞིན་དུ་བསྲུང་བའི་ཡན་ལག་ཕྱོགས་བཞིར་མདོ་བཞི་བཀླག་པ་དང་། མདའ་བཅུ་དང་ཕུར་བུ་གདབ་པ་དང་། རལ་གྲི་བཅུ་དང་། མཚོན་ཐག་བཏགས་པ་དང་། སྔར་བཤད་པ་བཞིན་དུ་བསྲུང་བའི་ཡན་ལག་རྣམས་དང་། མཆོད་པའི་རྫས་ཐམས་ཅད་དང་། བུམ་པ་དང་སྦྱིན་སྲེག་དང་། གཏོར་མའི་རྫས་ཐམས་ཅད་བསགས་ལ་རྣལ་འབྱོར་པ་བདག་ཉིད་སྔར་བཤད་པ་བཞིན་དུ་ཁྲུས་དང་གོས་བགོ་བ་བྱས་ནས། ཆོ་ག་དྲུག་གིས་ལྷར་བསྐྱེད་དེ། །སྲུང་བ་དང་སྤྱན་དྲང་སྦྱང་བ་དང་། །ཕྱག་རྒྱ་བཅིང་དང་ཕྱིར་བཟློག་གནོན། །བསྐང་དང་ཚིམ་པར་བྱ་བ་དང་། །ཚར་གཅོད་པ་དང་བསྐུལ་བ་དང་། །འཁྲུལ་འཁོར་སྦྱིན་སྲེག་ཁྲུས་བྱ་བ། །ཞེས་བཤད་པའི་ཆོ་ག་བཅུ་གཉིས་འདིར་ཡང་ཐམས་ཅད་རྫོགས་པར་བྱས་ལ། བདག་ཉིད་དངོས་གྲུབ་བསྒྲུབ་པའམ་སློབ་མ་དབང་བསྐུར་བའི་ཕྱིར་ཆོ་ག་ཐམས་ཅད་སྤྱད་པར་བྱའོ། །དེ་ལྟར་བསྙེན་པའི་ཚེ་དོན་བཅུ་གཉིས་ཇི་ལྟར་བྱས་པ་བཞིན་དུ་ཉེ་བའི་བསྙེན་པ་ལ་ཡང་དེ་བཞིན་དུ་བྱའོ། །སྒྲུབ་པ་སྟ་གོན་ལ་ཡང་དེ་བཞིན་དུ་བྱའོ། །སྒྲུབ་པ་ཆེན་པོ་དཀྱིལ་འཁོར་ཞག་ཀྱང་བཅུ་གཉིས་སྔ་མ་བཞིན་དུ་བྱའོ། །དེ་ནས་དཀྱིལ་འཁོར་དྲུག་གང་ཡང་རུང་བ་ལ། སློབ་མ་དབང་བསྐུར་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་དང་པོར་ཕྱིའི་འཇུག་པ་ནི་སེམས་རབ་ཏུ་དང་བའི་སློབ་མ་སྔ་མ་བཞིན་དུ་ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བདུན་རྣམ་དག་བྱས་ལ། སྔར་བཤད་པའི་སྔགས་ཀྱིས་བཏབ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་གདོང་གཡོགས་བསྐོན་ལ་དཀྱིལ་འཁོར་གྱི་བདག་པོའི་སྔགས་དང་ཕྱག་རྒྱ་སྤྱི་བོར་བཞག་ནས་སྔགས་ལན་གསུམ་བཟླས་ནས། ལྷའི་རིགས་ཀྱི་བསོད་ནམས་ཅི་འདྲ་བ་དེ་བཞིན་དུ་འབབ་པར་འགྱུར་རོ། །དེས་དཀྱིལ་འཁོར་དུ་དབང་དུ་འགྱུར་རོ། །དེ་ནས་རྡོ་རྗེ་རིགས་ཀྱི་སྔགས་བཟླས་ལ་མེ་ཏོག་འཕངས་ལ་གང་ལ་ཕོག་པའི་ལྷ་དེ་ནི་དེའི་རིགས་ཀྱི་ལྷར་འགྱུར་རོ། །དེ་ནས་གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བསྟན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་

六坛如此绘毕,设四盖、四幡,以郁金与紫胶染幡,系四长竿头等。依《金刚手灌顶续》护方支分,四方诵四经,安十箭与橛、十剑,系兵器绳;备前述守护物、供品、瓶、护摩与食子所需。行者沐浴着衣,依六仪生本尊,圆满「守护、迎请、净化、结印、回遮镇伏、补阙、令悦、调伏、劝请、机轮、护摩、净浴」十二仪。为自己修成就或为弟子灌顶,行一切仪。近修作十二义,切近修亦同,成就预备亦同,大成就坛十二日亦同。 以下说于六坛随一为弟子灌顶。先外入坛,心极澄净的弟子如前顶礼、供养、忏罪、随喜、请转法轮等,作七清净。着持咒加持的上下衣,蒙面,将坛主咒印置顶,诵三遍,依其所属尊部的福分降临,便有入坛的资格。诵金刚部咒投花,花落哪位尊上,就以其为部尊。解面巾,指示坛城。

པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འབྱོར་པ་ཐམས་ཅད་མངོན་དུ་གྱུར། །རྟེན་དང་དངོས་གྲུབ་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་འགྱུར་གྱི། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྲུངས། །ཞེས་བརྗོད་པར་བྱའོ། །དེའི་ཚེ་མེ་ཏོག་དབུ་ལ་ཕོག་ན་མཆོག་གི་དངོས་གྲུབ་འཐོབ། མེ་ཏོག་རྐེད་པ་ལ་ཕོག་ན་ཐུན་མོང་གི་དངོས་གྲུབ་འཐོབ། མེ་ཏོག་རྐང་པ་ལ་ཕོག་ན་འཇིག་རྟེན་པའི་དངོས་གྲུབ་འཐོབ་པར་འགྱུར་རོ། །ནང་གི་འཇུག་པ་རྫོགས་ནས། ནས་དང་སྦྲང་རྩི་དང་འོ་མ་ལ་སོགས་པ་ཞི་བ་འམ། ཡང་ན་རྒྱས་པ། མངོན་སྤྱོད་ཀྱིས་བགེགས་བཟློག་པས་དབང་བསྐུར་བའི་འོས་སུ་འགྱུར་རོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་པའི་རྟེན་སར་པ་ལ་བཞག་ནས། སྒྲུབ་པའི་གྲོགས་པོས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་སྐད་གདོན་པར་བྱ་སྟེ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་སེལ་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྟོན་པ་བཞུགས་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གི་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྐྱོབ་པ་གང་གིས་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག ། གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་བར་མཛད་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །དཔའ་བོ་ཆེན་པོ་གར་སྐྱེས་པར། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་བྱེད། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་བསྟན་པ་གང་བྱུང་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་བཅས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་འགྱུར་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་གྱུར། །ཕྱིར་འོང་དག་ཀྱང་བདེ་ལེགས་གྱུར། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་འགྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་བཀྲ་ཤིས་བརྗོད་ནས། ཆོ་ག་དྲུག་གིས་ལྷར་བསྐྱེད་ནས་གནས་ལྔར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་སྔགས་བཟླས་པའི་གདུགས་བཏེག་ལ་ཁྲོ་བོ་གནོད་མཛེས་

「看这贤善曼荼罗!现在生起净信。你已生在佛部,为咒与明所加持,一切圆满现前,一切依处与成就将现前向你。为得成就,当守誓言。」花落尊顶,得最胜成就;落腰,得共通成就;落足,得世间成就。内入坛毕,用大麦、蜜、乳等作息、增或猛事回遮障碍,乃堪灌顶。置弟子于甘露旋咒加持的新座,修伴诵吉祥偈: 「摧悭贪执著,除尽垢染,心寂无害者,愿赐你安乐!导群生入解脱道,开示一切诸法者,愿赐你安乐!在世诸导师的依处,为一切众生而具安乐者,愿赐你安乐!怙主以慈心,恒护一切有情如独子,愿赐你安乐!作轮回一切有情的所依、洲渚与援军者,愿赐你安乐!诸法皆亲见,纯净无欺,语净能净者,愿赐你安乐!大勇士于所生之处具足圆满利益,义成、众事亦成,愿赐你安乐!其出生时大地林园震动、令一切有情喜者,愿赐你安乐!其坐菩提道场令地六动、令魔不悦者,愿赐你安乐!其转法轮说诸圣谛,牟尼教由此兴起,愿赐你安乐!愿佛赐你安乐,愿帝释诸天及一切部多常以安乐相赠。以佛福德威力与诸天善意,愿你的所求今日成办!愿二足、四足悉安乐,出行安乐,归来安乐,白昼安乐,夜间安乐,日中亦安乐!愿你们处处安乐,愿你们莫遭罪恶!」

ཀྱི་སྔགས་བཟླས་པའི་བདུག་པས་བདུག་ཅིང་རྔ་ཡབ་ཀྱིས་གཡབ་ལ་གླུ་དང་སིལ་སྙན་དང་། རྔ་བརྡུངས་ནས། དཀྱིལ་འཁོར་གྱི་ལྷ་ཀུན་ལ་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ལྷའི་སྔགས་བཏབ་པའི་བུམ་པས་ལན་གསུམ་བསྐོར་བ་བྱེད་དུ་བཅུག་ལ་ཆུའི་དབང་བསྐུར་བར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བ་དང་། སྔགས་བཟླས་པས་སྤྱི་བོར་གཏུག་པར་བྱའོ། །དེ་ནས་གོས་སར་བ་བསྐོན་ནས་ཅོད་པན་དང་རྒྱན་བཏགས་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཕྱག་མཚན་གཡས་པ་གཡས་པར་སྦྱིན། གཡོན་པ་གཡོན་པར་བྱིན་ལ། དེ་ནས་སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཞག་ལ་མིང་གདགས་པར་བྱའོ། །དེ་ནས་སེང་གེའི་ཁྲི་ལ་བཞག་ལ། གདུགས་དང་རྒྱལ་མཚན་བསྒྲེངས་ནས། རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་ལྷ་རྣམས་ཀྱི་ཕྱག་མཚན་དང་བཅས་པ་བྱིན་ལ། རང་རང་གི་མིང་དང་ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བར་བྱའོ། །དེ་ནས་སྔགས་ཀྱི་གནང་བ་གི་ཝང་ངམ་གུར་གུམ་གྱིས་ཡི་གེ་བྲིས་ལ་སློབ་མ་དང་སློབ་དཔོན་མཉམ་དུ་ལན་བདུན་གྱི་བར་དུ་བཀླག་པར་བྱའོ། །དེས་སྔགས་ཀྱི་གནང་བ་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་མཐོང་ནས་དབང་བསྐུར་བ་ནི་རྣམ་པ་བཞིར་འགྱུར་ཏེ། སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོའི་དབང་དུ་བསྒྲགས་པ་ཡིན། །རིག་སྔགས་ཐམས་ཅད་གྲུབ་པའི་ཕྱིར། །གཉིས་པའི་དབང་དུ་བཤད་པ་ཡིན། །བགེགས་ནི་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་སྦྱོར་བ་ཐོབ་པའི་ཕྱིར། །ཆོ་ག་བཟང་པོ་དེ་བཤད་དོ། །ཞེས་གསུངས་སོ། །བུམ་པའི་དབང་བསྐུར་བ་དང་པོའོ། །རིག་སྔགས་བཟླས་པ་གཉིས་པའོ། །བགེགས་རྣམས་ཞི་བ་གསུམ་པའོ། །དཔལ་འཕེལ་བ་ནི་བཞི་པའོ། །ཞེས་གསུངས་པའོ། །ངན་སོང་གསུམ་དུ་མི་ལྷུང་བ་དང་། མི་ཁོམ་པ་བརྒྱད་སྤངས་པ་དང་། །ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་། །རྟག་ཏུ་མི་དང་ལྷ་རྣམས་ཀྱི། །མཐོ་རིས་གནས་སུ་སྐྱེ་བར་ཤོག །ཅེས་སྨོན་ལམ་ཡང་གདབ་པར་བྱའོ། །གལ་ཏེ་སྡོམ་པ་འཛིན་པར་མི་ནུས་པའམ། ནད་པའམ་བར་

诵吉祥后,以六仪生尊,加持五处,高举诵坛咒的伞盖,以忿怒妙害咒加持的熏香熏,挥拂尘,歌唱,奏铙钹,击鼓,祈请一切坛尊,以诸尊咒加持的宝瓶绕三次,授水灌顶。结印诵咒,触顶。着新衣,戴冠佩饰,一切坛尊标帜,右手所持交右手,左手交左手。师加花鬘于顶,命名。置狮子座,举盖、幢,授七宝、八吉祥物和诸尊标帜,说各自名字,授记,鼓励宽慰。授咒许可,用牛黄或郁金书字,师徒同读七遍,即获许可。见坛后灌顶有四:「第一灌,为得师位;第二灌,为成一切明咒;第三灌,为摧诸障;第四灌,为得相应,故说此善仪。」又说第一瓶灌、第二持明咒、第三息障、第四增吉祥。更发愿:「愿不堕三恶趣,远离八无暇,忆宿命,受用丰,具戒相好,常生人天善趣。」

ཆད་མང་དུ་འབྱུང་བའམ། འབྱུང་པོའི་ལོག་འདྲེན་གྱིས་ཟིན་པའམ། རིག་པ་མཆོག་ལས་གསུངས་པའི་གདོན་རྣམས་ཀྱིས་གཙེས་པ་ལ་ཁྲུས་ཀྱི་ཆོ་ག་བྱ་སྟེ། བདུད་རྩི་འཁྱིལ་པར་བསྐྱེད་ལ་གནས་ལྔར་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་སྔགས་ཟློས་ཤིང་ཡུངས་ཀར་གྱིས་བྲབ་པ་དང་། རྨ་བྱའི་སྒྲོའི་དབུས་སུ་ཕྱག་རྒྱ་བཅིངས་པ་ནི་བིན་དུ་པ་ལ་ཞེས་བྱ་བས་དཀྱིལ་འཁོར་གྱི་སྔགས་ཟློས་ཤིང་བྱབ་པ་དང་། རུ་དྲཱཀྵ་གདོང་གཅིག་པའི་རིན་པོ་ཆེ་རྨ་མེད་པ་ལུས་ལ་བཏགས་ནས་བསྲུང་བ་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཐུགས་རྗེ་འཆང་བའི་ལྷ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གནོད་པ་ཐམས་ཅད་ཞི་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་བྱིན་རླབས་མཛོད། །ཅེས་བརྗོད་ལ། དགེ་བའི་རྩ་བ་བསྔོ་བར་བྱ་སྟེ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་སངས་རྒྱས་མྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་དགེ་བའི་རྩ་བ་བསྔོ་བ་དང་། བཟོད་པར་གསོལ་བར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་གྱི་ལྷ་བུམ་པའི་ལྷ་དང་གཅིག་ཏུ་བསྲེས་ལ། རྨ་བྱའི་སྒྲོས་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་ཕྱིས་ནས་ཁྲུས་ཀྱི་གཞོང་པ་བཞག་སྟེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱི། །ཞི་ཡང་སེམས་ཅན་དོན་དུ་ནི། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་བསྟོད་ལ་བདུད་རྩི་འཁྱིལ་པའི་སྔགས་{རིངས་ཀྱིས་,རིང་གིས་}ཀྱང་མཚམས་བཅད་གནས་ལྔར་རྡོ་རྗེས་གཏུག་ཅིང་བྱིན་གྱིས་བརླབ། སེམས་དཔའ་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་བསྐྱེད་པར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛོད་སྤུར་བཞག་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་བུ་ཛུ་ཞེས་བྱ་བས་མཛོད་སྤུ་བསྐྱེད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྤྱི་བོར་བཅིངས་ཏེ། ཨོཾ་ཛྭ་ལ་ཛྭ་ལ། དབྟ་ཨོད་ཀ་དེ་ཨུ་པི་ཤ་དུ་ན་དུ་ན་ཧཱུཾ་ཞེས་བྱ་བས་གཙུག་ཏོར་བསྐྱེད་པར་བྱའོ། །རྡོ་རྗེ་འཆོལ་པའི་སྔགས་དང་ཕྱག་རྒྱ་དང་། གུ་གུལ་གྱི་དུད་པས་ཀྱང་བདུག་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨ་ཤ་ནི་ཧཱུཾ་ཕཊ་ཅེས་བྱ་བས་སྲན་ཕྱེ་དང་བག་ཕྱེ་དེའི་ལུས་ལ་བཏབ་ལ། སྒྲུབ་པའི་གྲོགས་པོས་སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་ཞིང་བུམ་པ་ཐམས་ཅད་ཀྱི་ལྷ་ཞུ་བར་བསམས་ལ། དེ་བཞིན་

不能受持律仪、患病、多障、为部多邪引所执、被《最胜明》所说诸祟侵扰者,为作浴仪。生为甘露旋,加持五处,诵尊咒,以白芥轻拂,于孔雀翎中结印,称「宾杜巴拉」,念坛咒拂拭。以无瑕一面金刚子佩身守护,祈诸坛尊:「大悲怙主尊,善妙明咒王,为息一切害,怙主请加持!」回向善根:「愿藉我这些善业,速在世间成佛,为利众生开示诸法,令有情脱离多苦逼迫。」作回向,诵「凡我因愚痴之心……」等请恕。以金刚钩女咒印合坛尊、瓶尊为一,孔雀翎拭坛中标帜,置浴盆,赞曰:「啊,诸佛的悲心与广大方便,虽本寂静,为利众生而成无垢忿怒身!」用甘露旋长咒结界,以金刚依次触五处加持,生起勇士佛顶和威光聚。右手握拳置白毫处,〔梵文 namaḥ sa manta buddhā nāṃ a bu ju · 藏文 ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་བུ་ཛུ · 中文 纳玛赫 萨 玛恩达 布德达 纳姆 阿 布 朱〕诵咒生白毫。顶结金刚界自在母印,〔梵文 oṃ jvala jvala | dabta od ka de u pi śa du na du na hūṃ · 藏文 ཨོཾ་ཛྭ་ལ་ཛྭ་ལ། དབྟ་ཨོད་ཀ་དེ་ཨུ་པི་ཤ་དུ་ན་དུ་ན་ཧཱུཾ · 中文 嗡 吉瓦拉 吉瓦拉 达布达 哦德 卡 德 乌 比 夏 杜 纳 杜 纳 吽〕诵咒生顶髻。以忿怒狂金刚咒印、安息香烟熏。用降三世印及〔梵文 oṃ vajra a śa ni hūṃ phaṭ · 藏文 ཨོཾ་བཛྲ་ཨ་ཤ་ནི་ཧཱུཾ་ཕཊ · 中文 嗡 瓦吉拉 阿 夏 尼 吽 帕特〕将豆粉面粉敷身,修伴诵前说吉祥偈,观一切瓶尊融化。

གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདུད་རྩི་ཐབ་སྦྱོར་ལ་ཕྱག་འཚལ་ལོ། །དེ་ཐམས་ཅད་ཀྱི་མཐུ་དང་། བྱིན་གྱི་རླབས་ཀྱིས་ཆེ་གེ་མོ་ཞེས་བྱ་བའི་གནོད་པ་དང་། གདོན་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བརྗོད་ལ། སྤྱི་བོ་ནས་རྐང་པའི་བར་དུ་ལུས་ཐམས་ཅད་ཁྲུས་བྱའོ། ། དཀྱིལ་འཁོར་གྱི་ལྷའི་སྔགས་ལན་བདུན་བཟླས་པས་སྤྱི་བོར་བླུགས་པ་དང་། ལན་བདུན་བཟླས་ཤིང་སྙིང་གར་བླུགས་པ་དང་། ལན་བདུན་བཟླས་པས་ལྟེ་བར་བླུགས་པར་བྱའོ། །དེ་ནས་རྨ་བྱའི་སྒྲོས་བྱབ་ཅིང་། རྫོགས་སངས་རྒྱས་ཀྱིས་བསྔགས་པ་ཡི། །གོ་འཕང་འདི་ནི་ཐོབ་བྱའི་ཕྱིར། ། འཁོར་བའི་རྒྱ་མཚོ་མ་རུངས་པའི། །དགྲ་དང་བགེགས་ཀྱང་མེད་པར་ཤོག །རྐུན་པོ་ལ་སོགས་མེད་པར་ཤོག །མུ་སྟེགས་ཅན་ལས་རྒྱལ་གྱུར་ཅིག །བྱང་ཆུབ་སྙིང་པོ་ཐོབ་པར་དུ། །བདུད་སྡེ་བཞི་ཡིས་མི་ཐུབ་ཅིང་། །ཁྲོ་བོ་མངག་གཞུག་ཕོ་ཉ་མོ། །བྲན་ལ་སོགས་པས་བསྲུང་བར་ཤོག །གཅོང་རོང་གཡང་ས་ལ་སོགས་དང་། །གདོན་དང་རིམས་ནད་མེད་པར་ཤོག །ཅེས་བྱས་ལ་རྨ་བྱའི་སྒྲོས་བྱབ་པར་བྱའོ། །དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལན་གཉིས་གསུམ་བཏོན་ལ་ཁྲུས་ལན་གསུམ་བྱའོ། །དེ་ནས་སྔར་བཤད་པ་བཞིན་དུ། དེ་ལ་བསྲུང་བ་བྱས་གོས་བསྐོན་ནས་མེ་ཏོག་གི་ཕྲེང་བ་དང་། ཁྲོ་བོ་རྣམས་ཀྱི་ཕྱག་མཚན་བྲིས་པའམ། ལུགས་མ་སྤྱི་བོར་གདགས་པར་བྱའོ། །དེ་ནས་བདག་ཉིད་ཀྱང་སྔར་བཤད་པ་བཞིན་དུ་བསྲུང་བ་བྱས་ལ་ལྡང་བར་བྱའོ། །སྤྱན་དྲངས་པའི་ལྷ་ཡང་། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་བར་བྱའོ། །དམ་ཚིག་སེམས་དཔའ་ཡང་སྟོང་པ་ཉིད་དུ་ཞུ་བ་དང་རྡུལ་ཚོན་གྱི་ལྷའི་དམན་མ་ཡང་ཆུ་བོ་ལ་སོགས་པར་དོར་བར་བྱའོ། །དེ་ནས་གནས་དེ་ན་གནས་པའི་འབྱུང་པོ་དང་། གདོན་རྣམས་དང་། ཕྱོགས་སྐྱོང་ལ་གཏོར་མ་བྱིན་ལ། ནུས་ན་སྦྱིན་བདག་དང་སློབ་མ་བསྲུང་བའི་ཕྱིར་སྦྱིན་སྲེག་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་འཛིན་སྔོན་གྱི་མཁས་པ་ཡིས། །ཅི་གསུངས་ལྷག་ཆད་མེད་པར་ནི། །རང་བཟོར་མ་བྱས་བཟོད་གསོལ་མེད། །ལེགས་གྲུབ་རིག་པ་མཆོག་དག་དང་། །རབ་གྲུབ་གསང་བ་སྤྱི་རྒྱུད་དང་། །ཕྱག་ན་རྡོ་རྗེའི་དབང་བསྐུར་ལས། །ཡོན་བླངས་དགེ་རྩ་བསྔོ་རྒྱུ་མེད། །རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་རིན་པོ་ཆེ་མིག་ཐུར་ཞེས་བྱ་བ། སློབ་དཔོན་ཤཱུ་རངྒ་ཝརྨས་མཛད་པ་རྫོགས་སོ།།

「顶礼释迦牟尼如来!顶礼金刚手!顶礼甘露方便合!愿以他们一切威力与加持,平息某人的一切损害、祟扰!」从顶到足浴全身,坛尊咒七遍灌顶,七遍灌心,七遍灌脐。以孔雀翎拂,诵:「为得正等觉所赞之位,愿凶恶生死海中的仇敌障难都消失,愿无盗贼等,愿胜外道。直到得到菩提心要,愿四魔不能胜,愿忿怒尊、差使、使女、仆等守护,愿无险峡悬崖及鬼祟瘟疫!」再以翎拂。诵摧破金刚陀罗尼两三次,沐浴三次。如前护持,着衣,将花鬘和绘制或铸成的忿怒尊标帜佩于头顶。自己亦如前守护起座。依「你已作尽众生利」等请迎来诸尊还去。誓言尊融入空性,彩粉尊的座台投河等。给当地部多、祟与方护施食子,有能力则为护施主、弟子而作护摩。 「佛、菩萨、持明及古代智者的说法,我无增无减,未出己意,故无须请恕。由《善成就》《最胜明》《极成就》《秘密共续》和《金刚手灌顶》摄取其精义,别无可回向的善根。」《摧破金刚仪轨·珍宝眼药筹》完,阿阇梨勇铠(Śūraṅgavarman)作。

校读注
  • 297a.3—297b.3 作者名 Śūraṅgavarman 据底本藏字音写。
  • 291a.6—291b.7 火神请住咒据德格藏字暂读,其中供养语词界待校。