十八事业口诀(Toh 2909)

出处与说明

德格《丹珠尔》nu 函,Toh 2909,308b.1–310a.7。

原文 ↗

藏文据固定版本 Esukhia 德格数字转录。AI 辅助中译及分段对读。

译文依供稿刊录。仪轨所述效验为文献记载,涉及有毒材料、烟熏或接触人体的做法不宜尝试。

309a.3 的厌胜烧供、310a.1–2 给求子者的供物及 310a.6 所撒余灰,具体配制从略。309b.5 明说「食、涂」;310a.1 只说「给」,未交代如何使用。310a.6–7 的足下与舌下所置,依本句承接,指包裹后的名牌。

༄། །ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག་བཞུགས། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལས་ཀྱི་མཐའ་བཅོ་བརྒྱད་པའི་སྒྲུབ་ཐབས་སིལ་མར་བཤད་པ་ལ་སྤྱི་དོན་བཞིར་ཤེས་པར་བྱ་སྟེ། སྔོན་དུ་བསྙེན་པའི་ཆོ་ག་དང་ལྷ་ལྷག་པར་གནས་པ་སྟ་གོན་གྱི་ཆོ་ག་དང་། ལས་སུ་བྱ་བ་དཀྱིལ་འཁོར་གྱི་ཆོ་ག་དང་། མཇུག་བསྡུ་བའི་ཆོ་གའོ། །བསྙེན་པའི་ཆོ་ག་སྤྱིར་མཐུན་ནོ། །ལྷག་པར་གནས་པ་སྟ་གོན་གྱི་ཆོ་ག་ལ་ལྔ་སྟེ། སོ་སོའི་ལིངྒ་བཅའ་བ་དང་། བདུག་པའི་རྫས། གདབ་པའི་རྫས། བྲབ་པའི་རྫས། བྱུག་པའི་རྫས་སོ། །ལས་ཀྱི་མཐའ་བཅོ་བརྒྱད་ཀྱང་ལས་བཞིར་བསྡུ་ན་ཞི་བ་ལ་ལྕེ་པོག་དཀར་པོ། རྒྱས་པ་ལ་གླ་རྩི་དང་ག་བུར། དབང་ལ་ཙནྡན་དང་གུར་གུམ། དྲག་པོ་ལ་གུ་གུལ་ནག་པོའོ། །ཞི་བ་ལ་འོ་མ་ཅན་གྱི་ཤིང་། རྒྱས་པ་ལ་གསེར་ཅན་གྱི་ཤིང་། དབང་ལ་ཁྲག་ཅན་གྱི་ཤིང་། དྲག་པོ་ལ་དུག་ཅན་གྱི་ཤིང་ངོ་། །སོར་བཞི་དང་། སོར་དྲུག་དང་། སོར་བརྒྱད་དང་། སོར་བཅུ་གཉིས་པ་བྱ་ཞིང་། རྩེ་མཆན་ཟླུམ་པོ་དང་། གྲུ་བཞི། ཟླ་གམ། ཟུར་གསུམ་མོ། །དེ་དག་ལྟེ་བ་དང་། དཔུང་པ་དང་། གསང་བ་དང་། སྙིང་གར་སོ་སོར་གདབ་བོ། །གཞན་ཡང་། ཡུངས་ཀར་ཀུན་གྱི་གཙོར་བྱས་ཏེ། །ཏིལ་དང་སྐེ་ཚེ་ཤང་ཚེ་དང་། །ཡུངས་ཀར་བྲབ་པའི་ལས་དང་སྦྱར་རོ། །ལུས་སུ་བྱ་བ་དཀྱིལ་འཁོར་ཆེན་པོ་དང་མཐུན་པ་ལས། གྲོ་གའམ་རས་སམ་ཤིང་ཤུན་ལས་གང་འདོད་པའི་གཟུགས་དང་མིང་བྲིས་ཏེ། དཀྱིལ་འཁོར་ཆེན་པོའི་དབུས་སུ་གང་ཡང་རུང་བའི་ཕུར་བུས་འཛེར་ཏེ་བཞག །བཟླས་པ་ལ་བབ་པ་དང་། ཏྲ་ཊ་ནས་སཾ་གྷའི་བར་དུ་ཡང་སྙིང་རྩ་སྔགས་སོ་སོར་སྦྱར་རོ། །གཏོར་མའི་ཆོ་ག་ཡན་

《十八事业口诀》在此。顶礼吉祥摧破金刚!分说十八事业成就法,应知四种总义,即先行近修仪轨、令尊降住的预备仪轨、正作事业的曼荼罗仪轨、收束仪轨。近修仪轨与共法相同。预备有五,即分别制作代像,以及熏、钉、击、涂所用之物。十八事业归入息、增、怀、猛四事,各有相配的香、木、形制和标记:息用白香,增用麝与冰片,怀用檀与郁金,猛用黑安息香。诸木依其流乳汁、含金色、如血色或有毒而分。四种长度各为四、六、八、十二指,形状依次为圆、方、半月、三角。代像上的脐、臂、密处与心各有配属。另以白芥为主,芝麻、芥类等配合击打代像之事。正行依大曼荼罗,于桦皮、布帛或树皮上画所指的形象、书其名字,安置坛中,以橛固定。至念诵时,从 〔梵文 traṭa · 藏文 ཏྲ་ཊ · 中文 特拉达〕 到 〔梵文 saṃgha · 藏文 སཾ་གྷ · 中文 萨姆嘎〕,各配最心与根本咒。到食子仪轨完毕,应知以下收束之法。

ཆད་རྫོགས་ནས་མཇུག་བསྡུ་བའི་ཆོ་ག་ཤེས་པར་བྱ་སྟེ། སེམས་ཅན་གང་ཞིག་སྐྲག་པར་བྱ་བའི་ཆོ་ག་ནི། ཏྲ་ཊ་དང་སྦྱར་ཏེ་རི་མོ་བདུན་དུ་བླངས་ཏེ། རྡོ་རྗེ་ཁྲོ་བོའི་སྔགས་བཟླས་ཤིང་ལན་བརྒྱ་རྩ་བརྒྱད་དུ་གུ་གུལ་ནག་པོའི་དུད་པས་བདུག་ཅིང་ཕུར་པ་སྙིང་གར་བཏབ་སྟེ། བྲབས་ནས་ཡུལ་ བཱ་རཱ་ཎ་སཱིའི་སས་བྱུགས་ནས། རི་མོ་རླུང་ཆེན་པོ་ལ་ཕྱར་ན་གང་ལ་བྱ་བ་དེ་ཁོ་ན་སྐྲག་པར་འགྱུར་རོ། །དམག་གི་དཔུང་གཞིལ་བ་ནི་ཏྲོ་ཊ་དང་སྦྱར་ཏེ། སྦྱོར་བ་ཐམས་ཅད་གོང་དང་མཐུན་པ་ལས་མཇུག་བསྡུ་བའི་ཆོ་གའི་དུས་སུ་རི་མོ་བདུན་དུ་བླངས་ཏེ་ལྕེ་པོག་དཀར་པོས་བདུག ། ཕུར་པས་བཏབ་སྟེ་བྲབས་ནས་མི་རུས་ཀྱི་ཕྱེ་མས་བྱུགས་ནས་འབི་འབིའི་ནང་དུ་བཅུག་ལ་མཆོད་རྟེན་བྱས་ཏེ་མཆོད་ནས་སྐྲ་མཚམས་སུ་སྤྱི་གཙུག་ཏུ་སྦས་ན། དགྲ་བགེགས་ཀྱི་དཔུང་ཉེ་བར་ཞི་བར་འགྱུར་རོ། །རིག་སྔགས་ཐམས་ཅད་གཅོད་པ་སྥོ་ཊ་དང་སྦྱར་ཏེ། རི་མོ་ལ་བདུག་པ་དང་བྲལ་བའི་ ལས་བྱས་ནས་ཐལ་ཆེན་གྱིས་བྱུགས་ལ། མཚོན་རྣོན་པོས་གཏུབས་ལ་དུག་ཤིང་གི་མེ་ལ་བྱད་ཀྱི་རྫས་གཉིས་དང་མར་ནག་ཏུ་བྱས་པས་སྦྱིན་སྲེག་ཏུ་བྱས་ཏེ། ཐལ་བ་ཆུ་ཆེན་པོར་གཏོར་ན་ངེས་པར་གཞན་གྱི་དམོད་པ་ཞི་བའོ། །རིག་སྔགས་ཐམས་ཅད་གནོན་པ་ནི། སྥོ་ཊ་དང་སྦྱར་ཏེ། ཐལ་ཆེན་གྱིས་བྱུགས་ པ་ཡན་ཆད་མཐུན་པ་ལས་རྫས་དང་བཅས་ཏེ་མཆོད་རྟེན་ཆེན་པོའི་འོག་ཏུ་སྦས་ན། གཞན་གྱི་རིག་སྔགས་ཐམས་ཅད་ཀྱི་མགོ་གནོན་པར་འགྱུར་རོ།།

第一,使有情惊怖。欲使某一有情惊怖,配 〔梵文 traṭa · 藏文 ཏྲ་ཊ · 中文 特拉达〕,取画像七幅,诵金刚忿怒尊咒,以黑古古尔香烟熏一百零八次,将橛钉入像的心口,击像,再以波罗奈地方的土涂像。若迎着大风举起画像,文称唯所缘的那个人会惊怖。第二,止息军队。配 〔梵文 troṭa · 藏文 ཏྲོ་ཊ · 中文 特罗达〕,各项作法同上。至收结仪轨时,取画像七幅,以白香(ལྕེ་པོག་དཀར་པོ་)熏,以橛钉像,击之,再以人骨粉涂像,放入名为 འབི་འབི 的物中。造塔供养后,藏于发际、头顶处。文称,仇敌与障者的军势便会平息。第三,截断一切明咒。配 〔梵文 sphoṭa · 藏文 སྥོ་ཊ · 中文 斯波达〕,对像作前仪,唯除熏烟。以“大灰”涂像,用利器将像截碎,随后于毒木之火中作护摩。此处说到两种厌胜仪物,又说“作成黑酥”。若将灰散入大水,文称他人的诅咒必定平息。第四,镇伏一切明咒。亦配 〔梵文 sphoṭa · 藏文 སྥོ་ཊ · 中文 斯波达〕,直至涂“大灰”为止,作法均与前同。若将像连同仪物埋在大塔之下,文称能压伏他人的一切明咒。

ལས་ཐམས་ཅད་འཇོམས་པ་ནི་གྷུརྞྞ་དང་སྦྱར་ཏེ། དེ་ནི་ལྷོ་ཕྱོགས་ཀྱི་རྒྱལ་པོ་སྟོབས་ལྡན་གྱི་རྣམ་སྨིན་མི་བཟད་པ་སྟེ། བྲམ་ཟེ་ཕུར་བུ་རིག་པ་འཛིན་ པ་དང་། མདོ་སྡེ་དང་གཟུངས་སྔགས་ལྟར་བཟླས་པའི་རྗེས་ལ་རྒྱལ་པོའི་ནད་མི་བཟད་པ་དེ་ཐམས་ཅད། སརྦྦ་བིདྱཱ་གྷུརྞྞ་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ། བྲམ་ཟེ་ཆེན་པོ། བཟླས་པའི་ཡོན་ཏན་དེ་ཙམ་ན། །བསྒྲུབས་པའི་ཡོན་ཏན་བསམ་ལས་འདས། །རིག་སྔགས་རྒྱལ་པོ་དགེ་བར་གསུངས། །ཞེས་པ་དང་། སྒྲུབ་པའི་དུས་སུ་དཀྱིལ་འཁོར་ཆེན་པོའི་ཆོ་ག་གཞུང་ལྟར་བྱས་ལ་བཟླས་པའི་དུས་སུ་ཡང་སྙིང་དང་རྩ་སྔགས་ལ་སརྦྦ་བིདྱཱ་དང་གྷུརྞྞ་སྦྱར་རོ། །འཇུག་པ་དབང་བསྐུར་བ་དང་། མཇུག་གི་དོན་བྱ་བ་དང་། བྱབ་པ་དང་བསྲུང་བ་བྱས་ནས་ཏིལ་ནག་པོའི་སྡིག་པ་བྱས་ཏེ་མཚོན་རྣོན་པོས་གཏུབས་ཏེ། ཤིང་ གསར་པ་ལ་སྦྱིན་སྲེག་བྱས་པས་ངེས་པ་ཁོ་ནར་སྔོན་གྱི་ལས་བཅོམ་མོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ནི། གྷུརྞྞཱ་པ་ཡ་དང་སྦྱར་ཏེ། གཞན་དག་ལས་འགྲན་སེམས་ཅན་གྱི་མིང་གང་ཡིན་པའི་རི་མོ་བྲིས་ལ། དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞག་སྟེ། ཆོ་ག་ཡོངས་ སུ་རྫོགས་པར་བྱས་ཏེ། རི་མོ་མདུན་དུ་བླངས་ཏེ་བདུག་པ་དང་བྲབ་པ་བྱས་ཏེ། རོའི་སོལ་བས་བྱུགས་ནས་ཚེར་མ་ཅན་གྱི་མེ་བླངས་ཏེ་སྦྱིན་སྲེག་བྱ་སྟེ། ཐལ་བ་རླུང་ཆེན་པོ་ལ་ཕྱར་ནའོ། །དགྲ་བགེགས་བརླག་པར་བྱེད་ན་ནི། སརྦྦ་སཏྭ་ནི་ལ་སོགས་པ་ནི་གསང་བ་ཐུན་མོང་མ་ཡིན་པའོ།།

第五,摧一切业,配 〔梵文 ghurṇṇa · 藏文 གྷུརྞྞ · 中文 古尔恩纳〕。文举南方大力王难忍的异熟为例。婆罗门持橛明者依经与陀罗尼持诵,所对的是国王的剧病。此处引咒 〔梵文 sarva vidyā ghurṇṇa māraya kuruye svāhā · 藏文 སརྦྦ་བིདྱཱ་གྷུརྞྞ་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ། · 中文 萨尔瓦 维德雅 古尔恩纳 玛拉雅 库鲁耶 斯瓦哈〕 并说:「大婆罗门,念诵功德尚且如此,修成的功德更不可思议。明咒王被说为善妙。」修时依本文大坛仪,诵时将〔梵文 sarva vidyā · 藏文 སརྦྦ་བིདྱཱ · 中文 萨尔瓦 维德雅〕 和 〔梵文 ghurṇṇa · 藏文 གྷུརྞྞ · 中文 古尔恩纳〕配入最心和根本咒。入坛、灌顶、作结行、拂净与保护以后,以黑芝麻作罪业形象,用利刃截碎,在新木上作火供,说必摧破宿业。第六,破坏他人一切作业,配 〔梵文 ghurṇṇāpaya · 藏文 གྷུརྞྞཱ་པ་ཡ · 中文 古尔恩纳巴雅〕。取心存竞逐者的名像置大坛中,圆满仪轨,取像至前熏、击,以尸炭涂像,在荆棘火中作火供,灰向大风扬去。第七,销毁敌障。从 〔梵文 sarva satvāni · 藏文 སརྦྦ་སཏྭ་ནི · 中文 萨尔瓦 萨特瓦尼〕 等句起,属不共秘密,本文在此亦未展开。

གདོན་ཐམས་ ཅད་ལས་ཐར་བར་བྱེད་པ་ནི་བོ་དྷི་དང་སྦྱར་ཏེ། འདི་ནི་ཐར་པར་བྱེད་པ་ཡིན་གྱི་བརླག་པར་མི་བྱེད་དེ་བཙོན་ར་ནས་ཐར་པ་དང་འདྲ་ཞེས་པའི་ཐ་ཚིག་གོ། །ཐར་པར་འདོད་པའི་རི་མོ་དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞག་སྟེ། ལས་ཐམས་ཅད་གོང་མ་དང་འདྲ་བ་ལས་ཕུར་པ་དང་བཅས་པ་ལ་ཆས་བྲིལ་ བ་ལ། གསེར་དང་གཡུ་རྒོད་དང་། རྡོ་རྒོད་ཆེ་བ་གཡས་རྡོ་རྗེ་དང་བཅས་པ་ལུས་སམ་མགུལ་དུ་བཏགས་ན། གདོན་ལ་སོགས་པ་ལས་ཐར་བར་འགྱུར་རོ། །འབྱུང་པོ་ཐམས་ཅད་འགུགས་པ་ནི་པ་ཤྱཾ་དབང་དུ་བྱ་བ་དངོས་སོ། །རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི་སཾ་བོ་དྷ་དང་སྦྱར་ཏེ། གྲོ་གའམ་རས་སམ་ཤོག་བུ་ལ་གང་འདོད་ཀྱི་མིང་བྱང་བྲིས་ཏེ། དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞག་སྟེ། ཆོ་ག་རྣམས་ཡོངས་སུ་རྫོགས་པ་དང་། བདུག་པ་དང་གདབ་པ་དང་། བྲབ་པའི་སྦྱོར་བ་བྱས་ཏེ་སྦྱར་སྤོས་དང་དྲི་སྣ་ཚོགས་པས་བྱུགས་ཏེ། ཙནྡན་ལ་སོགས་པའི་ཤིང་དྲི་ བསུང་ཅན་གྱི་མེ་ལྷ་སྦྱིན་སྲེག་བྱས་ནས་སོལ་བ་དང་དེ་ཉིད་མར་དཀར་དང་བསྲེས་ཏེ། བཟའ་བ་དང་བྱུག་པ་བྱས་ན་ངེས་པར་འགྲུབ་པོ། །མ་གྲུབ་པ་གྲུབ་པར་བྱེད་པ་ནི་པྲ་མ་དང་སྦྱར་ཏེ། གང་གྲུབ་པར་འདོད་པའི་རི་མོ་བྲིས་ལ། ཆོ་ག་གོང་མ་ཉིད་དང་མཐུན་ནོ། །ཡང་ནི་མིང་མགུལ་ཁུག་ དུ་གཞུག་གོ། །གྲུབ་པ་ཆུད་མི་ཟ་བར་བྱེད་པ་ནི། སཾ་བྷྲ་མ་དང་སྦྱར་ཏེ། གང་མངོན་དུ་གྱུར་པའི་ནོར་རྫས་ཀྱི་མིང་བྲིས་ཏེ། དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞག་ལ་བདུག་པ་དང་གདབ་པ་དང་བྲབ་པ་རྫོགས་པ་དང་ཨ་ཤྭཏྠཱའི་ཁུ་བས་བྱུགས་ནས་ཟ་མ་ཏོག་ཏུ་བཅུག་ལ་རས་གཙང་མས་དཀྲིས་ ནས་ཕུར་པ་དང་བཅས་ཏེ་རྒྱས་བཏབ་ལ། སྐུ་གཟུགས་སམ་མཆོད་རྟེན་གྱིས་མནན་ཏེ། ཤིན་ཏུ་དབེན་པའི་སར་བཞག་ན་ངེས་པར་ཆུད་མི་ཟའོ།།

第八,令从一切祟害中解脱,配 〔梵文 bodhi · 藏文 བོ་དྷི · 中文 波迪〕。此为解脱之义,不是消灭,如人从牢狱中释放。将求脱者的形像置大坛中,其余事业同前。将像及橛包好,配金、原生松石、天然大石及金刚等,系身或颈,文称能离祟害。第九,勾召一切部多,所说 〔梵文 paśyaṃ · 藏文 པ་ཤྱཾ · 中文 巴希雅姆〕 即摄受本身。第十,使一切明咒事业运行,配 〔梵文 saṃbodha · 藏文 སཾ་བོ་དྷ · 中文 萨姆波达〕。于桦皮、布帛或纸写所欲者名,置大坛中,圆满仪轨,熏、钉、击、以众香涂,向檀等香木火天作供。火供毕,文中说将余炭与白酥相合,用以食、涂,所求一定成就。第十一,使未成者得成,配 〔梵文 prama · 藏文 པྲ་མ · 中文 普拉玛〕。画所欲成办者之像,仪同上述,又将名字放入颈间小囊。第十二,使已成者不唐捐,配 〔梵文 saṃbhrama · 藏文 སཾ་བྷྲ་མ · 中文 萨姆布拉玛〕。书已现前财物的名称,置大坛中央,圆满熏、钉、击,涂毕钵罗树汁,置匣中,以净布包裹,与橛一起封印,上以佛像或塔镇放,安置极寂静处,文称必不失坏。

འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ནི་ཀུ་ཊ་དང་སྦྱར་ཏེ། དེ་ལ་ལྔ་སྟེ། བུ་སྦྱིན་པ་དང་ནོར་སྦྱིན་པ་དང་། འབྲུ་སྦྱིན་པ་དང་། རྐང་མགྱོགས་ སྦྱིན་པ་དང་། ཚེ་དང་བསོད་ནམས་སྦྱིན་པའོ། །བུ་སྦྱིན་པ་ནི་བུ་འདོད་པའི་མིང་བྱང་བདུག་གདབ་བྲབ་པར་བྱ་སྟེ། ག་བུར་ལ་སོགས་པའི་དྲིས་བྱུགས་ཏེ་ལུང་ཐང་དང་བོ་དེ་ཙེ་དང་བཅས་ཏེ། སེར་པོ་ཤིང་ལ་མེ་གཏང་ལ་སྦྱིན་སྲེག་བྱ་སྟེ། སོལ་བ་འབྲུ་མར་དང་སྦྱར་ཏེ་བྱིན་ན་ བུ་མེད་པ་བུ་ཡོད་པར་གྱུར་ཏེ། ནོར་དང་འབྲུ་འདོད་པ་ལ་ནོར་དང་འབྲུའི་མིང་བྲིས་ལ་བདུག་གདབ་པ་བྱ་སྟེ། ཕྱུག་པོའི་བང་མཛོད་དང་། རྒྱལ་པོའི་དཀོར་མཛོད་ཆ་ཚང་གི་ནོར་སྣ་ཚོགས་པ་ཚགས་བྱས་ན་འགྲུབ་པོ། །དུད་འགྲོའི་མིང་བྲིས་ཏེ་ལྕགས་ལ་བཟླས་ལ་བྱིན་ན་འགྲུབ་པོ། །ཚེ་དང་བསོད་ནམས་ སྦྱིན་པར་ནི་བཀྲ་ཤིས་ཀྱི་ཞལ་ཟས་ལ་བརྟེན་ཏེ། ཨཱ་ཡུ་ཝརྡྷ་ནེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ་དང་སྦྱར་རོ། །དེ་དག་ཐམས་ཅད་ལ་འཇུག་ཅིང་དབང་བསྐུར་བ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོ་དང་མཐུན་ནོ། །སེམས་ཅན་ཐམས་ཅད་བསྲུང་བ་ནི་སཾ་ཀུཊྚ་ཡ་དང་སྦྱར་ཏེ། དེ་ལ་ཡང་ལྔ་སྟེ། རིམས་བསྲུང་བ་དང་། གདོན་ བསྲུང་བ་དང་། འཁོར་དང་ནོར་ཕྱུགས་བསྲུང་བ་དང་། ལོ་ཏོག་བསྲུང་བ་དང་། སྲིའུ་བསྲུང་བའོ། །དེ་དག་ནི་གདམས་ངག་ལས་ཤེས་པར་བྱའོ། །སེར་བ་བསྲུང་བ་ལ་སྤྱིའི་འཁོར་ལོ་ལུས་ལ་བཅིངས་ཏེ། སོ་སོའི་འཁོར་ལོའི་ཐོག་ཏུ་གཟུགས་པ་དང་། ཡང་སྙིང་རྩ་སྔགས་དྲིལ་ཏེ་གདོང་བཟློག་བྱའོ། །

第十三,给予一切所欲,配 〔梵文 kuṭa · 藏文 ཀུ་ཊ · 中文 库达〕。分五,即与子、与财、与谷、与速足、与寿福。与子者,取求子者的名牌,熏、钉、击之,以樟脑等香料涂抹,配龙唐(ལུང་ཐང་)和波德则(བོ་དེ་ཙེ་),燃黄色木作火供。火供毕,将余炭与籽油调和,交给求子者,文称无子者由此得子。求财谷者,书所求财物及谷物之名,熏之、钉之。若将富者仓廪及国王宝库中的种种财物备办齐全,文称所求即成。又,书畜生之名,对铁持诵,再将其授予,文称即成。与寿福者,以吉祥饮食为依,配 〔梵文 āyu vardhane puṣṭiṃ kuruye svāhā · 藏文 ཨཱ་ཡུ་ཝརྡྷ་ནེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ · 中文 阿尤 瓦尔达内 布什迪姆 库鲁耶 斯瓦哈〕。以上诸法,入坛、灌顶等皆同大坛。第十四,守护一切有情,配 〔梵文 saṃkuṭṭaya · 藏文 སཾ་ཀུཊྚ་ཡ · 中文 萨姆库特达雅〕。亦分五,即防时疫、防鬼祟、保护眷属财物与牲畜、保护庄稼、防小儿夭亡之祟。此等应从口诀得知。防雹则将总轮系于身,安立于各别轮上,合诵最心咒与根本咒,迎面回遮冰雹。

རེངས་པར་བྱེད་པ་ནི་གྷ་ཊ་དང་སྦྱར་ཏེ། གང་རེངས་པར་འདོད་པ་དེའི་མིང་བྲིས་ཏེ། བདུག་གདབ་བྲབ་པ་ཡན་ཆོད་སོ་སོའི་ལས་ཀྱི་བྱེ་བྲག་སྤྱིར་མཐུན་པ་ལས་ཐལ་ཆེན་བྱུགས་ཏེ་ཤིང་བསྲུང་བའི་སྣ་མའི་ཤིང་དག་ལ་མེ་སྦར་ཏེ་མེ་ཏོག་ཀེར་བཙུགས་དང་། རླུང་གི་རྟ་མོ་དང་། རིལ་མ་ལ་སྦྱིན་སྲེག་ བྱས་ནས་ཐལ་བ་བྱི་བའི་རླུད་བུར་བླུགས་ཏེ་ཡུངས་ཀར་དང་ཡུངས་ནག་ཏུ་སྦྱར་ནས་གར་གཏོར་བ་དེ་རེངས་པར་བྱེད་དོ། །རྨུགས་པར་བྱེད་པ་ནི་སཾ་གྷ་ཊཱ་ཡ་དང་སྦྱར་ཏེ། གང་རྨུགས་པར་འདོད་པའི་མིང་བྱང་བདུག་གདབ་བྲབ་པ་བྱས་ནས་ལ་ཆས་དྲིལ་ལ། རྐང་འོག་དང་ལྕེ་འོག་ཏུ་བཅུག་ན་ངེས་པ་ ཁོ་ནར་རྨུགས་པར་འགྱུར་རོ། །ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ་རྫོགས་སོ།།

又说使之僵住的事业,配 〔梵文 ghaṭa · 藏文 གྷ་ཊ · 中文 嘎达〕。写下所欲使其僵住者的名字,至熏、钉、击为止,作法与各事业大体相同。随后在名牌上涂「大灰」,以素馨木生火,以「直立花」「风马母」及粒状物(རིལ་མ་)作火供。火供毕,将余灰倒入鼠的 རླུད་བུ中,再与白芥子、黑芥子调和。文称,撒在哪里,那里便会僵住。使之昏沉,配 〔梵文 saṃghaṭāya · 藏文 སཾ་གྷ་ཊཱ་ཡ · 中文 萨姆嘎达雅〕。取所欲使其昏沉者的名牌,熏、钉、击,以封蜡(ལ་ཆ་)裹之,置于足下、舌下,文称其人必定昏沉。「封蜡」词义参见藏语语文学札记

阿阇梨金刚铠所作《十八事业口诀》完。

校读注
  • 308b.7—309a.4 此处及下文均作 བདུན་དུ,暂依“七”译。
  • 308b.7—309a.4 所指待校。
  • 308b.7—309a.4 原文连用两个处所语,关系待校。
  • 308b.7—309a.4 བྱད་ཀྱི་རྫས་གཉིས་དང་མར་ནག་ཏུ་བྱས་པས་;两种仪物未具名,“作成黑酥”与上文的关系待校。
  • 309b.7—310a.4 两名依音,所指待核。
  • 309b.7—310a.4 原文未明言所安立者。
  • 310a.5—310a.7 原文 ཤིང་བསྲུང་བའི་སྣ་མའི་ཤིང,前半句义待校。
  • 310a.5—310a.7 三物所指待核。
  • 310a.5—310a.7 所指待核。