摧破金刚陀罗尼成就法(Toh 2914)

出处与说明

德格《丹珠尔》nu 函,Toh 2914,313a.5–314b.4。

原文 ↗

藏文据固定版本 Esukhia 德格数字转录。AI 辅助中译及分段对读。

咒文的拉丁转写据本段藏字校读,中文为音译。

༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རང་གི་རང་བཞིན་ཞི་བ་ལས། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ། །མ་རུངས་ཚར་ གཅོད་རྡོ་རྗེ་ཅན། །རྡོ་རྗེ་ཆེ་ལ་མགོས་ཕྱག་འཚལ། །ཇི་ལྟར་བླ་མའི་ཞལ་སྔ་ནས། །ལེགས་རྟོགས་གང་དེ་བྲི་བར་བྱ། །རྡོ་རྗེ་རྣམ་པར་འཇོམས་པ་སྒྲུབ་པར་འདོད་པས་དབེན་ཞིང་ཡིད་དང་མཐུན་པའི་ས་ཕྱོགས་སུ་ཀུན་དུ་སྤྱོད་པའི་གཙང་ཞིང་གཙང་བ་དང་ལྡན་པ་སྟན་བདེ་བར་འདུག་སྟེ། སེམས་ཅན་ ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་ལ་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་འགོད་པའི་བློ་སྔོན་དུ་བཏང་སྟེ་རང་གི་སྙིང་གར་པཾ་ལས་པདྨ་དང་། དེར་ཨ་ལས་བསིལ་བའི་འོད་ཟེར་གྱི་དཀྱིལ་འཁོར་ལ་གནས་པ། ཧཱུཾ་ཡིག་མཐིང་ཤུན་གྱི་མདོག་ལྟ་བུ་བསམ་པར་བྱའོ། །དེ་ལས་རྣམ་ པར་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་མདུན་དུ་དམིགས་ལ། ཡིད་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་ལ་སོགས་པ་བྱའོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་

印度语题为《Vajravidāraṇa-nāma-dhāraṇī-sādhanaṃ》,藏语题为《摧破金刚陀罗尼成就法》。顶礼摧破金刚!本性寂静,为调暴恶示忿怒身;摧伏顽劣、手持金刚的大金刚,我以头顶礼。今将于上师面前善为领悟的写出。欲修摧破金刚者,于偏僻悦意之地,举止清净,安坐舒适座。先发心救度一切众生出离诸有之苦,置于圆满菩提之乐。自心由〔梵文 paṃ · 藏文 པཾ · 中文 帕姆〕生莲,其上〔梵文 a · 藏文 ཨ · 中文 阿〕字生清凉光轮,观其上〔梵文 hūṃ · 藏文 ཧཱུཾ · 中文 吽〕字色如深蓝颜料。由其放光,观面前有诸佛、菩萨与金刚忿怒坛轮,以意所生供物供养,作顶礼等事。

གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྡོ་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཐོག་མེད་འཁོར་བར་ལོག་པ་ཡི། །རྣམ་རྟོག་དབང་གྱུར་སྒོ་གསུམ་གྱིས། །སྡིག་པ་བགྱིད་ལ་བདག་འགྱོད་ཅིང་། །མགོན་པོའི་སྤྱན་སྔར་རབ་ཏུ་བཤགས། །ཉན་ཐོས་སངས་རྒྱས་རང་སངས་རྒྱས། །སོ་ སོའི་སྐྱེ་བོ་བྱང་ཆུབ་སེམས། །ཀུན་གྱི་དགེ་ལ་དགའ་བ་ཡིས། །བདག་ནི་རྗེས་སུ་ཡི་རང་བགྱིད། །སེམས་ཅན་ཁམས་ནི་མ་ལུས་རྣམས། །སངས་རྒྱས་བདེ་ལ་དགོད་པའི་ཕྱིར། །བདག་ནི་དགེ་ཀུན་ལྟོས་མེད་པར། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་བའི་སྐྱབས་ཆེན་གཅིག་པུ་པ། །སངས་ རྒྱས་ཐེག་པ་མཆོག་གི་མཆོག །ཚོགས་མཆོག་ཕྱིར་མི་ལྡོག་པ་ལ། །བདག་ནི་སྐྱབས་སུ་ཉེ་བར་མཆི། །སྲིད་པའི་རྒྱ་མཚོ་སྡུག་བསྔལ་གྱི། །ཉམ་ཐག་མགོན་མེད་གྱུར་པ་རྣམས། །བླ་མེད་བདེ་ལ་གཞག་པའི་ཕྱིར། །སེམས་མཆོག་ཡང་དག་བསྐྱེད་པར་བགྱི། །ལམ་གང་གིས་ནི་དེར་འགྲོ་བ། །

སྔགས་ཀྱི་ཐེག་པའི་ལམ་འདི་ལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་ནི་ཚུལ་བཞིན་གནས་པར་བགྱི། །ཞེས་བརྗོད་ལ་དེ་ནས་བྱམས་པ་དང་། སྙིང་རྗེ་དང་། རབ་ཏུ་དགའ་བ་དང་། ཀུན་ལ་བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ་བརྟན་པ་དང་གཡོ་བར་སྣང་བའི་ཆོས་ཐམས་ཅད་ རང་བཞིན་གྱིས་རྣམ་པར་དབེན་པའི་དོན་ཅན་དུ་རིག་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྡྷརྨཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །སྟོང་པར་གནས་པའི་པཾ་ཡིག་དང་། །རཾ་ལས་པདྨ་ཉི་མ་ལ། །ཧཱུཾ་བྱུང་བ་ལས་རྒྱ་གྲམ་གྱི། །རྡོ་རྗེ་ཆེན་པོ་རྣམ་པར་བསྒོམ། །དེར་གནས་

「诸佛身语意,为摧暴恶现忿怒身,大金刚,大可怖者,顶礼摧破金刚!无始轮回中,为颠倒分别所制,我以三门造罪,今生悔意,在怙主前发露忏悔。声闻、佛、独觉、凡夫、菩萨,一切善行,我欢喜随喜。为使无余众生安住佛乐,我将一切善无所顾惜,回向大菩提。众生唯一大归依、佛、最胜乘、最胜不退转之众,我来归依。为将生死苦海中疲惫无怙者安置在无上乐,我发最胜心。从今至菩提道场,我当如实安住导向彼处的密咒乘道。」如此诵后,修慈、悲、喜及于一切平等之舍。了知一切显现为动、静的法,自性皆寂,以自性清净咒〔梵文 oṃ svabhāvaśuddhaḥ sarvadharmāḥ svabhāvaśuddho ’haṃ · 藏文 ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྡྷརྨཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ · 中文 嗡 斯瓦巴瓦舒德达赫 萨尔瓦达尔玛赫 斯瓦巴瓦舒德多 哈姆〕加持。

ཧཱུཾ་ལས་འོད་འཕྲོས་པས། །ར་བ་ས་གཞི་གུར་ཡང་བསྒོམ། །དེ་ནས་བྷྲཱུཾ་ལས་གཞལ་ཡས་ཁང་། །ཀུན་ནས་གྲུ་བཞི་སྒོ་བཞི་པ། །རྩིབས་བརྒྱད་འཁོར་ལོའི་ལྟེ་བ་ལ། །རྒྱ་གྲམ་རྡོ་རྗེ་དང་བཅས་བསྒོམ། །དེར་ཡང་ཟླ་བ་ཉི་མ་དང་། །ཧཱུཾ་བྱུང་རྡོ་རྗེ་ཆེ་ལས་འོད། །སྤྲོས་ཤིང་བསྡུས་ལས་ཁྲོ་བོ་ཆེ། །

ཁྲོ་བོའི་འཁོར་ལོ་རྫོགས་པར་བསྐྱེད། །དབུས་གནས་རྡོ་རྗེའི་ལྟེ་དབུས་སུ། །ཁྲོ་བོ་རྡོ་རྗེ་འཇོམས་ཆེན་པོ། །ཆར་སྤྲིན་སྔོན་པོའི་མདོག་འདྲ་བ། །རྡོ་རྗེ་དྲིལ་བུ་འགྱིང་བཅས་འཛིན། །ཤར་ཕྱོགས་རྡོ་རྗེའི་རྭ་དབུས་སུ། །རྡོ་རྗེ་ཁྲོ་བོ་ཕུར་བུ་ཆེ། །ཨུཏྤལ་སྔོན་པོའི་མདོག་མཚུངས་པ། །ཕྱག་གཡས་ རྡོ་རྗེ་ཕུར་བུ་འཛིན། །ལྷོ་ཡི་ཕྱོགས་སུ་ཁྲོ་བོ་ཆེ། །རྡོ་རྗེ་བེ་ཅོན་སྟང་ཟིལ་མདོག །གཡས་ན་རྡོ་རྗེ་བེ་ཅོན་ཏེ། །རྡོ་རྗེའི་རྭ་དབུས་ལ་གནས་པའོ། །ནུབ་གནས་རྡོ་རྗེའི་རྭ་དབུས་སུ། །རྡོ་རྗེ་ཐོ་བ་ཁྲོ་བོ་ཆེ། །ནམ་མཁའི་མདོག་ཅན་ཕྱག་གཡས་ན། །རྡོ་རྗེ་ཐོ་བ་ཕྱར་བའོ། །བྱང་གནས་རྡོ་རྗེ་ཁྲོ་བོ་ཆེ། །གཏུམ་པོ་

空中由〔梵文 paṃ · 藏文 པཾ · 中文 帕姆〕生莲,由〔梵文 raṃ · 藏文 རཾ · 中文 让〕生太阳,其上〔梵文 hūṃ · 藏文 ཧཱུཾ · 中文 吽〕字生大十字金刚。〔梵文 hūṃ · 藏文 ཧཱུཾ · 中文 吽〕字放光,观成墙、地及帐,由〔梵文 bhrūṃ · 藏文 བྷྲཱུཾ · 中文 布鲁姆〕生宫殿,方形四门,于八辐轮脐观十字金刚。又观月、日、〔梵文 hūṃ · 藏文 ཧཱུཾ · 中文 吽〕字生大金刚,放光收摄,成大忿怒尊,圆满生起忿怒轮。中央金刚脐中是大忿怒摧破金刚,身如青雨云,威势执金刚、铃。东方金刚股中是大忿怒金刚橛,身如青莲,右持金刚橛。南方金刚股中是大忿怒金刚杖,色如紫矿,右持金刚杖。西方金刚股中是大忿怒金刚锤,身如虚空,右手高举金刚锤。

བུང་བའི་མདོག་ལྟ་བུ། །རྡོ་རྗེ་རྒྱ་གྲམ་ཕྱག་གཡས་འཛིན། །རྡོ་རྗེའི་རྭ་དབུས་གནས་པར་བསྒོམ། །ཕྱི་རོལ་རྡོ་རྗེའི་རྩིབས་རྣམས་ལ། །གཞན་གྱིས་མི་ཐུབ་གཤིན་རྗེ་གཤེད། །རྟ་མགྲིན་རྡོ་རྗེ་བདུད་རྩི་འཁྱིལ། །ཨུཏྤལ་ཀུནྡ་ཛ་བ་དང་། །མར་གད་མདོག་ཅན་གཡས་པ་ན། །ཐོད་པ་དབྱིག་པ་པདྨ་དང་། །

རྒྱ་གྲམ་རྡོ་རྗེ་འཕྱར་བ་འཛིན། །ཤར་ནས་གཡས་སྐོར་རིམ་པས་བསྒོམ། །འདོད་པའི་རྒྱལ་པོ་དབྱིག་པ་སྔོ། །མི་གཡོ་སྟོབས་ཆེན་སྐུ་མདོག་གནག །གཡས་རྣམས་རིམ་བཞིན་ལྕགས་ཀྱུ་དང་། །དབྱིག་པ་རལ་གྲི་རྩེ་གསུམ་འཛིན། །བྱང་ཤར་ནས་ནི་ནུབ་བྱང་མཐར། །འདི་ཡང་གཡས་སྐོར་རིམ་པས་ བསྒོམ། །མཁར་གནས་རྡོ་རྗེ་ཧཱུཾ་མཛད་དང་། །ས་འོག་གནོད་མཛེས་རྡོ་རྗེ་ཆེ། །མདོག་ནག་གཡས་ན་རྡོ་རྗེ་འཛིན། །ཁྲོ་བོ་འདི་དག་ཐམས་ཅད་ཀྱང་། །ཕྱག་གཡོན་སྡིགས་མཛུབ་ཞགས་པར་ལྡན། །ཀུན་ཀྱང་གཡོན་བརྐྱང་གོམ་པ་ཡིས། །ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །ཤར་སྒོར་རྡོ་རྗེ་ ལྕགས་ཀྱུ་དཀར། །ལྷོར་གནས་རྡོ་རྗེ་ཞགས་པ་སེར། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར། །རྡོ་རྗེ་དྲིལ་ལྗང་བྱང་སྒོར་ཏེ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་འཛིན་ཅིང་གཡོན་བརྐྱང་བས། །ཉི་མའི་སྟེང་ན་གནས་པའོ། །ཐམས་ཅད་མཆེ་གཙིགས་སྤྱན་གསུམ་ཞལ། །དམར་སེར་དབུ་སྐྲ་ གྱེན་བརྫེས་དང་། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །སྦྲུལ་དང་རིན་ཆེན་རྒྱན་མཛེས་པ། །རང་སྙིང་ཟླ་བར་ས་བོན་དང་། །གནས་གསུམ་རྡོ་རྗེ་གསུམ་བསྒོམས་ཏེ། །ས་བོན་འོད་ཀྱི་སྦྱོར་བ་ཡིས། །ཡེ་ཤེས་བཀུག་མཆོད་གཉིས་མེད་བྱ། །སྙིང་གར་སྔགས་ཀྱི་ཕྲེང་བཀོད་དེ། །འཁོར་

北方金刚股中观大忿怒猛烈金刚,色如蜜蜂,右持十字金刚。外部金刚各辐,从东向右依次观不可胜、阎魔敌、马头、金刚甘露旋,色依次如青莲、君陀花、阇婆花、绿宝,右手依次举颅器、棒、莲花、十字金刚。欲王、青杖、不动、大力,身色黑,右手依次持钩、棒、剑、三叉,从东北至西北,顺时针依次观。上方有金刚吽迦罗,地下有大金刚妙害,身黑、右持金刚。这些忿怒尊左手皆作期克指持索,左腿伸展立于日轮。东门白金刚钩,南门黄金刚索,西门红金刚锁,北门绿金刚铃,各持钩、索、铁锁、铃,伸左腿立于日轮。诸尊咬牙,面具三目,黄赤头发向上耸立,下身缠虎皮,蛇和宝饰庄严。在自心月上观种字,三处观三金刚,由种字放光迎智慧尊,供养,融为无二。心间安列咒鬘。

ལོར་གནས་པ་ཐམས་ཅད་དང་། །མགྲིན་གཅིག་སྐད་གསང་མཐོན་པོ་ཡིས། །སྔགས་མཆོག་ཡང་དག་བཟླས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་ དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མ་ཤྩཎ་ཌ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། འདི་ནི་རྡོ་རྗེ་ཁྲོ་བོ་རྣམས་ཀྱི་ཐུགས་བསྐུལ་ནས། །སྒྲུབ་ལ་བགེགས་མེད་བྱེད་ཅིང་དངོས་ གྲུབ་སྟེར་བའོ། །ཇི་སྲིད་མི་སྐྱོའི་བར་དུ་མངོན་པར་བཟླས་པའི་མཐར། །ཡེ་ཤེས་འཁོར་ལོ་ཕྱུང་ནས་མདུན་གཞག་མཆོད་པ་དང་། །ཡི་གེ་བརྒྱ་པའི་མཐར་ནི་རྡོ་རྗེའི་སྔགས་བརྗོད་དེ། །རང་གནས་གཤེགས་ལ་འཁོར་ལོ་སྙིང་གར་བསྡུ་བར་བྱ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ ཐབས་བྲམ་ཟེ་མ་ཎི་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་བའོ།།

与坛轮一切尊同声高诵胜咒。先礼三宝,礼暴怒金刚手大夜叉军主,

藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མ་ཤྩཎ་ཌ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།
梵文 namo ratnatrayāya | namaḥ caṇḍa vajrapāṇaye | mahā yakṣa senāpataye | oṃ hara hara vajra | matha matha vajra | dhuna dhuna vajra | daha daha vajra | paca paca vajra | dhara dhara vajra | dhāraya dhāraya vajra | dāruṇa dāruṇa vajra | cchinda cchinda vajra | bhinda bhinda vajra hūṃ phaṭ | namaś caṇḍa vajra krodhāya hulu hulu | tiṣṭha tiṣṭha | bandha bandha | hana hana | amṛte hūṃ phaṭ |
中文 纳莫 拉特纳特拉雅雅。纳玛赫 加恩达 瓦吉拉巴纳耶。玛哈 雅克沙 塞纳巴达耶。嗡 哈拉 哈拉 瓦吉拉。玛塔 玛塔 瓦吉拉。杜纳 杜纳 瓦吉拉。达哈 达哈 瓦吉拉。巴加 巴加 瓦吉拉。达拉 达拉 瓦吉拉。达拉雅 达拉雅 瓦吉拉。达鲁纳 达鲁纳 瓦吉拉。加奇恩达 加奇恩达 瓦吉拉。比恩达 比恩达 瓦吉拉 吽 帕特。纳玛希 加恩达 瓦吉拉 克罗达雅 胡卢 胡卢。迪什塔 迪什塔。巴恩达 巴恩达。哈那 哈那。阿姆里德 吽 帕特。

此能敦请诸金刚忿怒尊之心,使修持无障,赐予成就。尽力持诵,直到疲倦,最后引出智慧轮,置于面前,供养,诵百字明,末诵金刚咒,请还本处,收轮入心。《摧破金刚陀罗尼成就法》完,婆罗门摩尼金刚(Maṇivajra)作。大班智达智吉祥与译师饶息协年翻译。

校读注