༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ཀརྨ་ཙ་ཏུཿསཱ་དྷ་ན་ཀ་ལ་ཤ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་བུམ་པའི་ཆོ་ག །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གང་ཞིག་རང་ལྷ་ལེགས་བསྙེན་པས། །བུམ་པའི་ཆོ་ག་ཞི་ལ་སོགས། །ལས་བཞི་མངོན་པར་བསྒྲུབ་འདོད་པས། །ལས་མཐུན་གནས་སུ་བརྩམ་པར་བྱ། །ཞི་ལ་དངུལ་དང་རྒྱས་ལ་གསེར། །དབང་ལ་ཟངས་ཏེ་དྲག་པོ་ལྕགས། །ཡང་ན་ཁམ་པའམ་ཤིང་ཡང་རུང་། །ལས་མཐུན་ཁ་དོག་ཅན་དུ་བྱ། །
印度语题为《Vajravidāraṇa-karma-catuḥ-sādhana-kalaśa-vidhiḥ》。藏语题名为《摧破金刚四业成就瓶仪》。顶礼吉祥摧破金刚!凡已善亲近自尊,欲以瓶仪成办息等四业者,应在与事业相应的地方起修。息用银,增用金,摄用铜,猛用铁;也可用陶、木,令色与事业相应。
ལས་མཐུན་རས་ཀྱིས་མགུལ་པ་དཀྲི། །དགེ་བའི་ཤིང་ངམ་གདུག་པ་ཅན། །ལས་དང་མཐུན་པས་ཁ་བརྒྱན་ཏེ། །སུ་རུ་བྷ་ཏི་ཙནྡན་དཀར། །དམར་དང་འབྲུ་སྨན་རིན་ཆེན་ལྔ། །རྒྱུན་འབབ་ཆུས་བཀང་ལས་གསུམ་ལའོ། །དྲག་པོ་ཨ་གར་ནག་པོ་དང་། །གུ་གུལ་རྒྱུན་བྲལ་ཆུ་ཡིས་དགང་། །རང་ལྷའི་བསམ་གཏན་ལྡན་པ་ཡིས། །བུམ་པར་ལས་མཐུན་ལྷ་བསྐྱེད་དེ། །ཡེ་ཤེས་མཆོད་པ་གཉིས་མེད་བསྟིམ། །སླར་ཡང་མཆོད་དེ་བསྟོད་མཉེས་བྱ། །
用随业的布缠颈,瓶口饰以相应的吉祥树枝或凶猛之木。前三业装 su ru bha ti、白红旃檀、谷、药、五宝,以流水灌满。猛业装黑沉香、安息香与不流动的水。具自尊禅定者在瓶中生起与事业相应的本尊,供养智慧尊,令其无二融入,再供养、赞叹令喜。
སྔགས་བཟླས་ཞི་ལ་དཀར་བ་ཡིས། །འོད་ཟེར་བསིལ་བ་རྣམ་པར་སྤྲོ། །རྒྱས་ལ་བཙོ་མའི་གསེར་འོད་དང་། །དབང་ལ་པདྨ་རཱ་གའི་མདོག །དྲག་པོ་ལ་འོད་ཁ་དོག་ནག །དྲི་ང་གདུང་བ་བསྐྱེད་པ་ཡིས། །གང་རེག་ནད་དང་གདོན་སྡིག་ཞི། །ཚེ་དང་སྟོབས་འཕེལ་ལོངས་སྤྱོད་རྒྱས། །དབང་དུ་བྱེད་དང་ཚར་གཅོད་པར། །བསྒོམ་དང་བཟླས་ལ་ཤཱནྟིཾ་དང་། །པུཥྚིཾ་ཝ་ཤཾ་མཱ་ར་ཡ། །སྤེལ་བ་གང་འདོད་ལས་འགྲུབ་བྱེད། །ཇི་སྲིད་མངོན་པར་འདོད་པ་ཡིས། །བཟླས་པ་རྫོགས་མཐར་ལྷ་འོད་ཞུ། །སྔགས་ཀྱི་ཆུ་ཡིས་གང་བཀྲུས་པ། །དེ་ལ་ཞི་སོགས་འདོད་འབྲས་སྟེར། །
持咒时,息业由白色放清凉光;增业光如炼金;摄业红如莲花宝石;猛业光黑、有臭、令人苦恼。观所触者的病、附魅、罪平息,或寿力增长、受用增广,或受摄、受折伏而诵,分别加 〔梵文 śāntiṃ · 藏文 ཤཱནྟིཾ · 中文 夏恩迪姆〕、〔梵文 puṣṭiṃ · 藏文 པུཥྚིཾ · 中文 布什迪姆〕、〔梵文 vaśaṃ · 藏文 ཝ་ཤཾ · 中文 瓦夏姆〕、〔梵文 māraya · 藏文 མཱ་ར་ཡ · 中文 玛拉雅〕,成办所愿事业。如愿诵毕,尊化光消融。用咒水洗浴者,便得息等所愿之果。
དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་བུམ་པའི་ཆོ་ག །པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛྙཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞིས་བསྒྱུར་བའོ།།
《吉祥摧破金刚四业成就瓶仪》由大班智达智吉祥造,圆满。班智达智吉祥与译师极寂译。
