摧破金刚成就种种事业仪则(Toh 2924)

出处与说明

德格《丹珠尔》nu 函,Toh 2924,323b.7–325a.2。

原文 ↗

藏文据固定版本 Esukhia 德格数字转录。AI 辅助中译及分段对读。

译文依供稿刊录。仪轨所述效验为文献记载,涉及有毒材料、烟熏或接触人体的做法不宜尝试。

༄། །རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་བཞུགས། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཀར་ཞིང་སྲོག་ཆགས་ཉུང་བ་དང་། །ཟུག་རྔུ་མེད་ཅིང་སྣུམ་པའི་ས། །ཞི་བའི་ཐབ་ཁུང་ཤིང་བརྩིགས་ཏེ། །

མེ་དབུས་རང་ལྷག་ལྷ་བསྐྱེད་ལ། །ཡེ་ཤེས་གཞུག་མཆོད་བསྟོད་བྱས་ཏེ། །སྔགས་མཐར་པཱ་པཾ་ཤཱནྟིཾ་སྦྱར། །ཏིལ་དང་མེ་ཏོག་དཀར་བསྲེགས་ལ། །འབད་བཅས་ཐུན་བཞིའི་སྦྱོར་བ་ཡི། །ཆུ་བོར་འཇུག་དང་གོས་དཀར་གྱོན། །འཁྲུ་དང་སྐྱུགས་དང་ཁྲག་འཛག་ སོགས། །རྨིས་ལྟས་མཚན་མ་མཐོང་བ་ཡི། །སྡིག་པ་ཐམས་ཅད་བྱང་བར་བྱེད།།

此为《摧破金刚成就种种事业仪则》。顶礼吉祥摧破金刚!在白色、虫少、没有刺痛之物而润泽的土地建息业炉,堆木,火中生起自家殊胜本尊,迎智慧尊融入,供赞。咒末加 〔梵文 pāpaṃ śāntiṃ · 藏文 པཱ་པཾ་ཤཱནྟིཾ · 中文 巴巴姆 夏恩迪姆〕,献烧芝麻、白花,精勤作四座加行。梦见入河、穿白衣、泄泻、呕吐、出血等征相,即净诸罪。

བུམ་པ་དཀར་པོ་མཚན་ཉིད་བཟང་། །དཀར་པོའི་རས་ཀྱིས་མགུལ་པ་དཀྲིས། །དགེ་བའི་ཤིང་གིས་ཁ་བརྒྱན་པར། །རྒྱུན་འབབ་ཆུ་དང་དཀར་པོའི་དྲིས། །བཀང་བར་རང་གི་ལྷ་བསྐྱེད་ལ། ། ཡེ་ཤེས་གཞུག་དང་མཆོད་བསྟོད་བྱ། །སྔགས་མཐར་སྡུག་བསྔལ་ཤཱནྟིཾ་སྦྱར། །དཀར་འོད་སྤྲོ་དང་བསྡུ་བའི་མཐར། །ལྷ་གཞུག་བདུད་རྩི་ཆུས་བཀྲུས་པས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད།།

取善相白瓶,白布绕颈,以吉祥树饰口,盛流水、白香;生起自尊,引智慧尊入,供赞。咒末配「苦」及 〔梵文 śāntiṃ · 藏文 ཤཱནྟིཾ · 中文 夏恩迪姆〕,白光收放毕,使尊融入,以甘露水沐浴,令一切苦不复有。

སེར་བའི་ས་ལས་བྱས་པའི་ཐབ། །མེ་ཏོག་འབྲས་བུ་བཟང་འབྱུང་ཞིང་། །མེ་དབུས་ ལྷ་བསྐྱེད་ཡེ་ཤེས་བཅུག །མཆོད་དང་བསྟོད་པས་མཉེས་བྱས་ལ། །སྔགས་མཐར་པུཥྚིཾ་ཀུ་རུ་སྦྱར། །འབྲས་བུ་བཟང་དང་མེ་ཏོག་སེར། །མངར་བའི་རྫས་རྣམས་བསྲེགས་པ་ཡིས། །དཔལ་ནི་རྣམ་པར་འཕེལ་བར་བྱེད། །རིན་ཆེན་བུམ་པ་དྲི་ཞིམ་ཆུ། །གཙང་མའི་རས་ཀྱིས་མགུལ་པ་ དཀྲིས། །བཟང་པོའི་ཤིང་གིས་ཁ་བརྒྱན་པ། །ལྷ་བསྐྱེད་ཡེ་ཤེས་གཉིས་མེད་ལ། །མཆོད་དང་བསྟོད་པས་མཉེས་བྱས་ཏེ། །ཨིནྡྲ་བི་ཤོ་དྷ་ན་ཡ། །སྔགས་མཐར་སྦྱར་བ་བཟླས་པའི་ཆུས། །ལེགས་བཀྲུས་དབང་པོ་རྣམ་པར་སྦྱོར།།

黄土地建炉,取出好花果之木,火中生尊,迎智慧尊入;供赞令喜,咒末加 〔梵文 puṣṭiṃ kuru · 藏文 པུཥྚིཾ་ཀུ་རུ · 中文 布什迪姆 库鲁〕,烧好果、黄花与甜物,使吉祥增长。宝瓶中置香水,净布绕颈,善树饰口;生尊,与智慧尊无二,供赞令喜,咒末加〔梵文 indra viśodhanaya · 藏文 ཨིནྡྲ་བི་ཤོ་དྷ་ན་ཡ · 中文 伊恩德拉 维说达纳雅〕而诵。以此水善浴,使诸根具足。

རྒྱས་པའི་ཐབ་ཏུ་དྲི་བཟང་ཤིང་། །མེ་དབུས་རང་ལྷག་ལྷ་ བསྐྱེད་དེ། །ཡེ་ཤེས་གཉིས་མེད་མཆོད་དང་བསྟོད། །སྔགས་མཐར་ཨཱ་ཡུ་དྷཱ་ར་སྦྱར། །དཱུར་བ་མེ་ཏོག་སེར་བསྲེགས་པས། །ཚེ་ཟད་པ་དང་ཚེ་ཉམས་སྐྱོབ། །སྔར་བསྟན་ཐབ་ཏུ་བཟང་པོའི་ཤིང་། །མེ་དབུས་ལྷ་བསྐྱེད་ཡེ་ཤེས་བསྟིམས། །མཆོད་དང་བསྟོད་པས་ལེགས་མཉེས་བྱས། ། སྔགས་མཐར་རྒྱས་པའི་སྤེལ་ཚིག་དང་། །འབྲུ་སེར་མེ་ཏོག་སེར་བསྲེགས་པས། །ཕུན་སུམ་ཚོགས་པ་འཕེལ་བར་བྱེད། །བུམ་བཟང་གཙང་མའི་ཆུས་བཀང་སྟེ། །འབྲུ་སྨན་རིན་ཆེན་སྙིང་པོ་དྲི། །མ་ཉམས་རས་ཀྱིས་མགུལ་དཀྲིས་ཤིང་། །བཟང་པོའི་ཤིང་གིས་ཁ་བརྒྱན་པར། །ལྷ་ བསྐྱེད་ཡེ་ཤེས་གཞུག་མཆོད་བསྟོད། །ཤོ་དྷ་ཡ་བི་ཤོ་དྷ་ཡ། མཐར་སྦྱར་སྔགས་བཟླས་ལེགས་བཀྲུས་པས། །ལྷ་རྣམས་མདུན་གྱི་ཉེ་བར་གནས།།

增业炉置香木,火中生自家本尊,与智慧尊无二,供赞;咒末配 〔梵文 ā yu dhā ra · 藏文 ཨཱ་ཡུ་དྷཱ་ར · 中文 阿 尤 达 拉〕,烧杜尔瓦、黄花,护寿尽、寿损者。又于前说炉置善木,火中生尊,智慧尊融入,供赞令喜;加增业词,献黄谷、黄花,使圆满资具增长。好瓶中盛净水,置谷、药、宝、精华、香,完好布绕颈,善木饰口,生尊,迎智慧尊入,供赞。咒末配〔梵文 śodhaya viśodhaya · 藏文 ཤོ་དྷ་ཡ་བི་ཤོ་དྷ་ཡ · 中文 说达雅 维说达雅〕而诵,善浴,诸天便现前亲近。

དམར་བའི་ས་ལ་དབང་བྱེད་ཐབ། །མེ་ཏོག་དམར་འབྱུང་ཤིང་བརྩིགས་པའི། །མེ་དབུས་ལྷ་བསྐྱེད་ཡེ་ཤེས་བཅུག །མཆོད་བསྟོད་ ཝ་ཤཾ་མཱ་ན་ཡ། །སྔགས་ཀྱི་མཐར་སྦྱར་མེ་ཏོག་དམར། །བསྲེགས་པས་མཛའ་སྡུག་དབང་དུ་བྱེད། །ཚེ་རའི་ཚིལ་བུ་གུ་གུལ་དང་། །ཡུངས་ཀར་ཅེ་སྤྱང་{གླད་པ,ཀླད་པ}ར་སྦྱར། །བརྒྱ་རྩ་བརྒྱད་དུ་མངོན་བསྔགས་པ། །དུར་ཁྲོད་སོལ་བའི་མེ་ལ་བསྲེགས། །བདུགས་པས་བྲན་བཟའ་སོགས་ལུས་ བདུགས། །གདོན་གྱིས་གཙེས་ལས་ཐར་བར་བྱེད། །པདྨའི་རྩ་བ་ཙནྡན་དམར། །མངོན་པར་བསྔགས་པའི་མེ་སྦར་ཏེ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །དཱུར་བས་རང་གི་མིག་བསྐུས་ན། །ཕན་ཚུན་མི་མཐུན་གནས་པ་ཡང་། །བལྟས་པ་ཙམ་གྱིས་མཛའ་བོར་འགྱུར།།

红土地上作摄受炉,堆叠开红花的木材,在火中生起本尊,令智慧尊融入。供养赞叹,于咒末配 〔梵文 vaśaṃ mānaya · 藏文 ཝ་ཤཾ་མཱ་ན་ཡ · 中文 瓦夏姆 玛纳雅〕,焚烧红花,摄受所爱之人。将 ཚེ་ར་ 的脂肪、古古尔香、白芥子与胡狼脑调合,持咒加持一百零八遍,在尸林的炭火中焚烧。以其烟熏仆役、妻室等人的身体,文称能使他们从鬼祟的侵扰中解脱。又说,以莲根、红檀燃起加持之火。对杜尔瓦草诵明咒一百零八遍,以此草涂自己的双眼。偈说,纵使原先彼此不和,只消相视,便会成为朋友。

རྒྱས་པའི་ ཐབ་ཏུ་ཤིང་བརྩིགས་ནས། །མེ་དབུས་ལྷ་བསྐྱེད་ཡེ་ཤེས་བསྟིམ། །མཆོད་དང་བསྟོད་པས་ལེགས་མཉེས་བྱ། །པུཥྚིཾ་ཀུ་རུ་མཐར་སྦྱར་བའི། །སྔགས་བཅས་འབྲུ་རྣམས་བསྲེགས་པ་ཡིས། །ནོར་འཕེལ་ནོར་འགྲིབ་འཇོམས་པར་བྱེད། །བཟང་པོའི་བུམ་པར་གཙང་མའི་ཆུ། །འབྲུ་སྨན་རིན་ཆེན་ དྲི་བཟང་ལྡན། །མངོན་པར་བསྔགས་པས་ལེགས་བཀྲུས་པས། །མྱ་ངན་ངལ་དང་གནོད་པ་འཇོམས། །བླ་གོས་མཐའ་ལ་བརྒྱ་རྩ་བརྒྱད། །མངོན་བསྔགས་མདུད་པ་བདུན་བོར་ནས། །ལམ་དུ་ཞུགས་ན་མི་བཟད་པའི། །འཇིགས་དང་ཉམ་ང་ལས་སྒྲོལ་བྱེད། །ཐོ་རངས་ལྷ་ཡི་བསམ་གཏན་ལྡན། ། སྔགས་ཀྱིས་མངོན་པར་བསྔགས་པ་ཡི། །ཆུ་དང་ཐལ་བ་ཡུངས་ཀར་གྱིས། །ཕྱོགས་མཚམས་བཅིངས་པས་ཕོངས་པ་འཇོམས།།

增业炉堆木,火中生尊,融智慧尊,供赞令喜,加 〔梵文 puṣṭiṃ kuru · 藏文 པུཥྚིཾ་ཀུ་རུ · 中文 布什迪姆 库鲁〕 的咒供烧谷物,增财、除财损。善瓶内净水、谷、药、宝、妙香,以加持水善浴,摧忧、劳与害。上衣衣角诵百八遍,作七结再上路,能脱难忍怖畏与险境。黎明具本尊禅定,以咒加持水、灰、白芥,结方隅界而除匮乏。

རིག་སྔགས་ཀྱིས་བསྔགས་ས་རྫ་ནའི། །བདུགས་པས་གཟའ་ལས་ཐར་བ་དང་། །གུ་གུལ་བདུག་པས་ལུས་བདུགས་པས། །རྒྱུ་སྐར་གནོད་པ་འཇོམས་པར་ བྱེད། །ཁ་དོག་ལྔ་ཡི་སྐུད་པ་ལ། །རིག་སྔགས་སྟོང་ཕྲག་བདུན་བཟླས་ནས། །གང་གི་མགུལ་ལམ་དཔུང་པ་ལས། །བཅིངས་པས་བྱད་སྟེམས་ལས་གྲོལ་བྱེད། །མི་བཟད་གདོན་གྱིས་ཉེན་པ་ལ། །སྔགས་ཀྱི་ཆུ་ཡིས་ལུས་བཀྲུས་ནས། །གུ་གུལ་ཡུངས་ནག་{ཡི་དགས་,ཡི་དྭགས་}སྐྲ། །ཁྭ་ཡི་ གཤོག་པ་རྨ་བྱའི་ཤ །ཅེ་སྤྱང་རྟུག་པ་སྔགས་བཅས་པའི། །བདུགས་པས་ངེས་པར་ཐར་བར་བྱེད།།

以咒加持水、灰与白芥子,用以在四方四隅结界,能除困乏。以明咒加持萨尔杂那香(ས་རྫ་ན),以其烟熏,能令人脱离曜害。以古古尔香烟熏身,能除星宿之害。对五色线诵明咒七千遍,系在谁的颈上或上臂,谁便能脱离厌咒。对受难忍祟害所逼者,先以咒水浴身,再以古古尔香、黑芥子、饿鬼发、乌鸦翅、孔雀肉及胡狼粪,配咒烟熏。偈说,如此必能从祟害中解脱。

རྨི་ལམ་སྡིག་པའི་མཚན་མ་མཐོང་། །གཙང་མའི་གོས་གྱོན་དྲིས་བདུགས་ཏེ། །ཤར་དུ་མངོན་པར་ཕྱོགས་པ་ཡིས། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །ཆུ་ཡིས་ཁྲུས་བྱས་དགེ་ བ་དང་། །སྡིག་མེད་དཔལ་དང་ལྡན་པར་བྱེད། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞིས་བསྒྱུར་བའོ།།

若梦见凶恶征相,穿净衣,熏香,面向东方,持诵明咒一百零八遍,以水洗浴,令具善、无罪、吉祥。《吉祥摧破金刚成就种种事业仪则》圆满。大班智达智吉祥与译师极寂译。

校读注