༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བ་ལིཾ་བི་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དོན་རྣམས་མ་ལུས་རབ་མཛད་པའི། །རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། །རྣལ་འབྱོར་ཀུན་ལ་ཕན་བསྐྱེད་པའི། །གཏོར་མའི་ཆོ་ག་མདོར་བསྡུས་བཤད། །བར་ཆད་ཞི་དང་ཚོགས་བསགས་དང་། །འདོད་པ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཟླ་བ་ཞག་དང་ཐུན་མཚམས་ལ། །ཡོ་བྱད་ཅི་འབྱོར་གཏོར་མ་གཏང་། །གཏོར་མའི་ཆོ་ག་རྒྱས་པ་ནི། །བླང་བྱས་གཡོ་ཡིག་གསུམ་ལྟར་བྱས། །རྣལ་འབྱོར་དོན་ཕྱིར་བསྡུས་པ་འདི། །བདག་བྱས་ཆོ་གས་ཀུན་ལ་འགྲོ། །དེ་བས་སོ་སོའི་ལྷ་ཚོགས་དང་། །ཞི་སོགས་གང་འདོད་ལྷ་ཚོགས་བསྒྱུར། །
印度语题为《Ārya-vajravidāraṇa-nāma-dhāraṇī-bali-vidhi-krama-nāma》。藏语题名为《圣摧破金刚陀罗尼食子仪次第》。顶礼圣文殊!顶礼善办一切义利的摧破金刚;今略说能利益一切瑜伽士的食子仪。为息障、积资粮、成办一切所愿,在月、日、修座的间际,随所有资具施食子。广食子仪如取、作、烹三种文字所示。为瑜伽士作此略仪,我所作仪普遍适用。故可随各自尊众,以及所求息等事业而换用相应尊众。
མདུན་དུ་མཎྜལ་ལེགས་བྱས་ཏེ། །ཕྱོགས་སྐྱོང་བགེགས་ལ་མེ་ཏོག་དབུལ། །རྒྱལ་ལ་སོགས་པ་དེ་བཞིན་ཏེ། །ཁྲི་སྟེངས་རིན་ཆེན་སྣོད་གཙང་མ། །འབྲས་ཆན་ཁུར་བ་ཤ་སོགས་པའི། །གཏོར་མ་གསུམ་མམ་གཅིག་དག་སྟེ། །མཆོད་ཡོན་མཆོད་ལྔ་བཅས་པའོ། །སྔགས་པ་ཁྲུས་བྱས་གོས་གཙང་གྱོན། །ཡི་དམ་ལྷར་གནས་བགེགས་བསལ་ནས། །ཡང་སྙིང་གིས་སམ་ཡིག་གསུམ་གྱིས། །བདུད་རྩིར་བྱིན་རླབས་ནམ་མཁའ་མཛོད། །དེ་ཡི་སྔགས་དང་ཕྱག་རྒྱ་སྤེལ། །དེ་ནས་དགུག་བྱེད་ཕྱག་རྒྱ་དང་། །ཛཿཞེས་པ་ཡིས་ཕྱོགས་སྐྱོང་བགེགས། །བཀྲ་ཤིས་ལྷ་མོ་བཅས་ཏེ་དགུག །མེ་ཏོག་སྟན་ལ་རབ་བཞག་ནས། །ཡུམ་གྱི་རྒྱས་གདབ་དམ་ཚིག་བསྟན། །བསང་གཏོར་མཆོད་ཡོན་མཆོད་ལྔ་དབུལ། །དེ་ལས་ལག་གཡས་སྙིང་གར་གཏད། །གཡོན་པ་རྩེ་གསུམ་གཏོར་མར་བསྟན། །སེ་གོལ་བརྡབ་ཅིང་སྔགས་འདིས་དབུལ། །
面前善作曼荼罗,向护方、障类献花,对王类等亦然。座上置清净宝器,备米饭、饼、肉等食子三份或一份,备阏伽与五供。持咒者沐浴、穿净衣,住本尊身而除障;以近心咒或三字加持为甘露虚空藏,合用其咒与印。随后用召请印及 〔梵文 jaḥ · 藏文 ཛཿ · 中文 扎〕 字,召请护方、障类和吉祥天女,请安花座,以佛母印印之,显示三昧耶。献净洒水、阏伽、五供。右手向心,左手三尖指向食子,弹指而以此密咒献供。
ཨོཾ་བཛྲ་ཨཱཿཧཱུཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ད་ཤ་དི་ཀ་ལོ་ཀ་པཱ་ལ་དྷྲྀཀ །སརྦ་བིགྷྣཱཾ། མཾ་ག་ལ་དེ་ཝཱི་ཨཥྚ་ས་པ་རི་བཱ་ར་བ་ལིཾ་པཱུ་ཛ་ཁཱ་ཧི། མ་མ་སརྦ་ཀརྨྨཱ་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ལན་གསུམ་བརྗོད་ལ་གཏོར་མ་དེ། །བདུད་རྩི་འདོད་ཡོན་ལྔ་ལྡན་པར། །རྡོ་རྗེ་ཞལ་དུ་རང་སྔགས་ཀྱིས། །དྲངས་པས་སྦྱིན་པ་གཉིས་རྫོགས་བསམ། །སྦྱིན་པ་གཉིས་རྫོགས་ཚིགས་བཅད་བརྗོད། །
梵文 oṃ vajra āḥ hūṃ akāromukhaṃ sarvadharmāṇāṃ ādyanutpannatvāt daśadika lokapāla dhṛk | sarva vighnāṃ | maṅgala devī aṣṭa saparivāra baliṃ pūja khāhi | mama sarvakarmā sādhaya hūṃ hūṃ hūṃ藏文 ཨོཾ་བཛྲ་ཨཱཿཧཱུཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ད་ཤ་དི་ཀ་ལོ་ཀ་པཱ་ལ་དྷྲྀཀ།སརྦ་བིགྷྣཱཾ།མཾ་ག་ལ་དེ་ཝཱི་ཨཥྚ་ས་པ་རི་བཱ་ར་བ་ལིཾ་པཱུ་ཛ་ཁཱ་ཧི།མ་མ་སརྦ་ཀརྨྨཱ་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ中文 嗡 瓦吉拉 阿 吽 阿卡罗穆卡姆 萨尔瓦达尔玛纳姆 阿德雅努特巴恩纳特瓦特 达夏迪卡 洛卡巴拉 德里克 萨尔瓦 维格纳姆 玛恩嘎拉 德维 阿什达 萨巴里瓦拉 巴利姆 布扎 卡希 玛玛 萨尔瓦卡尔玛 萨达雅 吽 吽 吽诵三遍。观食子成为具五欲妙的甘露,以各自咒引入金刚口,两种布施圆满。诵圆满二施偈。
དབང་པོ་རྡོ་རྗེ་འཆང་སོགས་ཀྱིས། །ཕྱོགས་སྐྱོང་དག་ལ་བསྟོད་པ་བྱ། །བགེགས་ལ་བཀའ་བསྒོ་ལྷ་མོ་ལ། །བཀྲ་ཤིས་གསོལ་གདབ་ཀུན་ལ་ཡང་། །ཞི་བ་ལ་སོགས་གང་འདོད་ཞུ། །མཆོད་པས་མཆོད་དེ་སེ་གོལ་སྒྲ། །ཡི་གེ་བརྒྱ་པ་མུཿབཅས་པས། །བཟོད་གསོལ་རང་གནས་གཤེགས་སུ་གསོལ། །གཏོར་མ་ཐག་རིང་གནས་བཅས་བཞག །དྲི་མ་མ་ཡལ་འབྱུང་པོ་མཉེས། །དེ་བས་ཁྱི་བྱ་དག་ལ་མིན། །འདི་ནི་གང་འདོད་ལས་འགྲུབ་སྟེ། །རང་གི་ལས་ཞེས་གསུངས་པས་ན། །འབད་དེ་སྒྲུབ་པ་ཀུན་ཞུགས་པའི། །རྣལ་འབྱོར་པ་ཡིས་གུས་བྱས་ན། །དངོས་གྲུབ་རྣམ་གཉིས་གྲོགས་སུ་འགྱུར། །
以「帝释持金刚」等赞叹护方。敕令障类,向天女祈吉祥,并向一切祈所愿息等业。献供,以弹指声、百字咒及 〔梵文 muḥ · 藏文 མུཿ · 中文 穆赫〕 请宽恕,各返自处。食子置于远处妥当地点,直到香气消散,部多欢喜,故勿给犬鸟。这能成办所愿事业,说是修者自己的事业。凡入修的瑜伽士若勤勉恭敬而作,便成为二种悉地的助伴。
སངས་རྒྱས་གསང་བ་བདག་གིས་ནི། །འཇམ་དཔལ་གོ་ཆས་གསོལ་བཏབ་ནས། །གཏོར་མའི་རིམ་པ་བསྡུས་པ་ཡིས། །དགེ་བས་ཀུན་ཀྱང་གྲོལ་བར་ཤོག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དཔའ་མཉྫུ་ཤྲཱི་ཝརྨས་བསྒྱུར་བའོ།།
我佛密,应文殊铠之请,略摄食子次第,愿由此善,一切皆得解脱!《圣摧破金刚陀罗尼食子仪次第》,大阿阇黎佛密造,圆满。由该印度堪布本人及译师 dPa’ 文殊铠翻译。
校读注
- 330a.3—330a.6 此三名待校。
