猛厉摧破金刚成就法(Toh 2936)

出处与说明

德格《丹珠尔》nu 函,Toh 2936,345a.7–347a.7。

原文 ↗

藏文据固定版本 Esukhia 德格数字转录。AI 辅助中译及分段对读。

咒文的拉丁转写据本段藏字校读,中文为音译。

༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །གདུག་པ་ཅན་རྣམས་འཇོམས་པ་ཡི། །ཤིན་ཏུ་ཁྲོ་ཞིང་འཇིགས་པའི་སྐུ། །རྣམ་པར་འཇོམས་ལ་ཕྱག་འཚལ་ནས། །རྩ་བའི་རྒྱུད་དོན་ལ་བརྟེན་ནས། །བདག་གིས་སྒྲུབ་ཐབས་འདི་བཤད་བྱ། །རེ་ཞིག་ཡིད་དུ་འོང་བའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། བྱམས་པ་དང་ལྡན་པའི་ཁྲུས་བྱས་ནས། དུར་ཁྲོད་ཀྱི་ས་ལ་སོགས་པས་དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བྱས་ཏེ། དབུས་སུ་གྲུ་གསུམ་བརྩེགས་མའོ། །ཐ་མ་རྡོ་རྗེ་རྒྱ་གྲམ་དང་། འཁོར་ལོ་རྩིབས་བཅུ་པའི་གྲུ་ཆད་བཞི་དང་། སྒོ་བཞི་རྟ་བབས་དང་བཅས་པ། རྡོ་རྗེ་མེ་རི་དང་བཅས་པ་བྲིའོ། །དེ་ལྟར་བྲིས་ནས་ཕུར་བུ་བཅོ་ལྔ་དགོད་དོ། །ཕྱོགས་སྐྱོང་ལ་གཏོར་མ་དང་ལྷ་བཤོས་གཞག་པར་བྱའོ། །དེ་ལྟར་རྫོགས་ནས་བསྒོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ལ། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨ་ནི་ཧཱུཾ། དེའི་རྗེས་ལ་རང་ཉིད་ས་བོན་ཧཱུཾ་གི་རྣམ་པར་གནས་ཏེ། འོད་ཟེར་གྱིས་རྡོ་རྗེ་ར་བ་མེ་རི་དང་བཅས་

印度语题为《Vajravidāraṇa-nāma-dhāraṇī-caṇḍa-mahāroṣaṇa-sādhana-nāma》。藏名《猛厉摧破金刚成就法》。敬礼圣摧破尊!以方便智慧自性摧诸凶暴者,显极怒可畏身。敬礼摧破尊后,依根本续义,我将解说此成就法。于悦意处安坐,怀慈心沐浴。以尸林土等作一庹方坛,中心层叠三角,边为十字杵、十辐轮与四角区、带门楼四门,外围金刚火山。绘毕置十五橛,陈护方者食子与天食。修时先发菩提心等,诵净自性咒〔梵文 oṃ svabhāvaśuddhaḥ sarva dharmāni hūṃ · 藏文 ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨ་ནི་ཧཱུཾ། · 中文 嗡 斯瓦巴瓦舒德达赫 萨尔瓦 达尔玛尼 吽〕。自己住于种子〔梵文 hūṃ · 藏文 ཧཱུཾ · 中文 吽〕相,以光观金刚垣与火山。

པ་བསྒོམ་པར་བྱའོ། །དེ་ནས་བྷྲཱུཾ་ལས་དཀྱིལ་འཁོར་གྱི་ཁང་པ་བསྐྱེད་ནས། དབུས་སུ་ཉི་མ་ཟླ་བའི་གདན་ནོ། །རྒྱ་གྲམ་བཞི་དང་འཁོར་ལོ་རྩིབས་བཅུ་ལ་ཉི་མའི་དཀྱིལ་འཁོར་བཅུ་བསམས་ནས། བདག་ཉིད་ཉི་ཟླའི་སྟེང་དུ་བསམས་ཏེ། ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེ་ལས་འོད་འཕྲོས་སེམས་ཅན་སྦྱངས་སངས་རྒྱས་ཐམས་ཅད་རྡོ་རྗེ་དེ་ཉིད་ལ་ཐིམ་པས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཏུ་འདུག་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། ཆུ་ལྷ་དཀར་པོ་མགུལ་དུ་བཅིངས་པ། གཟི་ཅན་ནག་པོ་སེ་རལ་ཁར་བཅིངས་པ། མཆེ་བ་གཙིགས་པ།སྟོད་གཡོགས་སྔོན་པོ། སྨད་སྟག་གི་ཤམ་ཐབས་བཅིངས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧཱུཾ་བཅུ་ལས་འཁོར་ལོ་བཅུའི་སྟེང་དུ་ཁྲོ་བོ་བཅུ་དང་། ཧཱུཾ་བཞི་ལས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཁྲོ་བོ་བཞིའོ། །ཁྲོ་བོ་བཞི་ནི་མཆེ་བ་གཙིགས་པའོ། །ཞེ་སྡང་ཞི་ཞིང་བརྗིད་པའི་སྐུ་མདོག་དཀར་པོའོ། །ལྷོའི་རྡོ་རྗེ་བེ་ཅོན་ནི་རྟོག་པ་ཐམས་ཅད་གཞིག་པའི་སྐུ་ང་རྒྱལ་ཞི་བའི་བདག་ཉིད་དམར་ནག་གོ། །ནུབ་ཀྱི་རྡོ་རྗེ་བརྟན་པ་ནི་འདོད་ཆགས་དྲི་མ་སྤངས་པ་དམར་པོའོ། །བྱང་དུ་རྡོ་རྗེ་དོན་ཡོད་བརྟན་པ་ཕྲག་དོག་འཇོམས་པ་ལྗང་གུའོ། །ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །སརྦྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། འཁོར་ལོའི་རྩིབས་བཅུ་ལ་ཁྲོ་བོ་ཆེན་པོ་བཅུ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོའོ། །གཤིན་རྗེ་གཤེད་ནི་དམར་ནག་སྟེ། །རྟ་མགྲིན་དམར་པོ་རྟ་མགོ་ལྗང་གུ་ཅན། བདུད་རྩི་འཁྱིལ་པ་ལྗང་གུའོ། །སྒོ་བཞིར་རོ། །དབྱུག་པ་སྔོན་པོ་ལ་སོགས་པ་མཚམས་སུའོ། །དེ་ལྟར་སྟེང་འོག་གཉིས་ཏེ། ཁྲོ་བོ་བཅུ་ནི་སྟག་ཤམ་ཅན། སྦྲུལ་གྱིས་བརྒྱན་ཅིང་ཐམས་ཅད་ཕུར་བུ་བསྣམས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །དེ་ལྟར་དམ་ཚིག་རྫོགས་ནས་སྤྱན་དྲང་བ་དང་། མཆོད་པ་དང་བསྟིམ་པ་བྱས་ནས། ཨོཾ་ཨཱཿཧཱུཾ་ས་བོན་གསུམ་བྱིན་གྱིས་བརླབ་པ་བྱས་ལ་ཐུགས་ཕྱག་མཚན་དང་བཅས་པས་སྐྱེ་མཆེད་བྱིན་གྱིས་བརླབས་ནས་དབང་

由 〔梵文 bhrūṃ · 藏文 བྷྲཱུཾ · 中文 布鲁姆〕 生坛宫,中央日月座。四十字杵与十辐轮上观十日轮。观自身在日月上,变化成杵,光净有情,一切佛融入金刚真实。现深蓝黑摧破金刚,红黄发上卷,白色水神龙系颈、黑具威光龙斜系,獠牙紧合,上披蓝衣,下着虎皮,伸屈而立。诵〔梵文 namo ratnatrayāya | namaś caṇḍa vajrapāṇaye mahā yakṣa senāpataye · 藏文 ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། · 中文 纳莫 拉特纳特拉雅雅 纳玛希 加恩达 瓦吉拉巴纳耶 玛哈 雅克沙 塞纳巴达耶〕。十个〔梵文 hūṃ · 藏文 ཧཱུཾ · 中文 吽〕在十轮上成十忿怒,四个〔梵文 hūṃ · 藏文 ཧཱུཾ · 中文 吽〕在十字杵上成四忿怒。四尊咬合獠牙,第一尊白,息瞋而威严;南金刚棍红黑、毁一切分别、息慢;西金刚坚红、离贪垢;北不空金刚坚绿、摧嫉妒。均一面二臂、持杵铃。咒为〔梵文 sarva vidyā vajra vajra | spho ṭa vajra vajra | kaṭa vajra vajra | maṭa vajra vajra | matha vajra vajra | aṭṭahāsa nīla vajra suvajrāya svāhā · 藏文 སརྦྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། · 中文 萨尔瓦 维德雅 瓦吉拉 瓦吉拉 斯波 达 瓦吉拉 瓦吉拉 卡达 瓦吉拉 瓦吉拉 玛达 瓦吉拉 瓦吉拉 玛塔 瓦吉拉 瓦吉拉 阿特达哈萨 尼拉 瓦吉拉 苏瓦吉拉雅 斯瓦哈〕。十辐上为十忿怒,四门有白降三世、红黑大威德、红身绿马首马头尊、绿甘露军荼利;青杖等居间方,还有上、下二尊。皆着虎裙、饰蛇、持橛、伸屈而立。誓句尊圆满,迎请、供养、融入。以〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿཧཱུཾ · 中文 嗡 阿 吽〕三字加持,用心间标帜加持诸处,灌顶,以主尊标记。

བསྐུར་ཞིང་གཙོ་བོས་མཚོན་པར་བྱའོ། །དེ་ནས་བསྒོམས་པས་སྐྱོ་ན་བསྙེན་པ་དང་། སྒྲུབ་པའི་བཟླས་པ་བྱའོ། །དེ་ནས་ལྷ་མོའི་གླུས་གཏོར་མ་ཉེ་བར་ཕུལ་ཏེ། སྤྱོད་པས་གནས་པར་བྱའོ། །ལས་བྱ་བར་འདོད་པས་རབས་ཆད་ནག་པོའི་རུས་པའི་ཕྱེ་མ་དང་། ཡུངས་ཀར་དང་། སྐེ་ཚེ་དང་།ཤང་ཚེ་དང་། ཏིལ་ནག་པོ་དག་གིས་ཐོད་པར་ནི་དུག་ཆུ་དག་གིས་གདབ་པར་བྱའོ། །ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷུརྞྞ་གྷུརྞྞ། གྷུརྞྞཱ་པ་ཡ་གྷུརྞྞཱ་པ་ཡ། སརྦྦ་སཏྭ་ནི་བོ་དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུཾ་ནཱན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གདབ། ཨོཾ་སརྦྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། དེ་ནས་ཁྲོ་བོ་ཆེན་པོ་བཅུའི་ཕུར་པས་གདབ་པར་བྱའོ། །ཧེ་ཕུ་ལུ་ནི་རུ་ཕུ་ལུ་གྲྀཧྞ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་བི་ཛཱ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ་མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།ཙྪིནྡ་ཙྪིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྷིནྡ་བྷིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫནཱ་ཡ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་ནས་གཏོར་མ་བྱས་ནས་དབུལ་བར་བྱའོ། །དེ་ནས་དྲག་པོའི་སྦྱིན་སྲེག་ནི། གྲུ་གསུམ་ཁྲུ་གང་བ་ལ་སུམ་བརྩེགས་སུ་བྱའོ། །དུར་ཁྲོད་ཀྱི་སོལ་བས་བྱུགས་ལ། དབུས་སུ་རྡོ་རྗེ་ནག་པོ་བྲི་བར་བྱའོ། །རུས་པའི་ཕྱེ་མ་དང་། ཡུངས་ཀར་དང་། ཡུངས་ནག་དང་། སྐེ་ཚེ་དང་ཤང་ཚེ་ལ་

观疲则诵近修、正修咒,以天女歌献食子,安住于行。欲作事业,取文列骨粉、白芥、数种盐与黑芝麻等供物,于髑髅器行仪。诵梵文 tadyathā | oṃ traṭa traṭa | troṭaya troṭaya | sphuṭa sphuṭa | sphoṭaya sphoṭaya | ghurṇṇa ghurṇṇa | ghurṇṇā pa ya ghurṇṇā pa ya | sarva satva ni bo dha bo dha | saṃbodhaya saṃbodhaya | bhrama bhrama saṃbhramaya saṃbhramaya | sarva bhūta ni | kuṭa kuṭa | saṃkuṭaya saṃkuṭaya | sarva śa truṃ nāna | ghaṭa ghaṭa | saṃghaṭaya saṃghaṭaya | amukaṃ māraya phaṭ藏文 ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷུརྞྞ་གྷུརྞྞ། གྷུརྞྞཱ་པ་ཡ་གྷུརྞྞཱ་པ་ཡ། སརྦྦ་སཏྭ་ནི་བོ་དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུཾ་ནཱན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཕཊ།中文 达德雅塔 嗡 特拉达 特拉达 特罗达雅 特罗达雅 斯普达 斯普达 斯波达雅 斯波达雅 古尔恩纳 古尔恩纳 古尔恩纳 巴 雅 古尔恩纳 巴 雅 萨尔瓦 萨特瓦 尼 波 达 波 达 萨姆波达雅 萨姆波达雅 布拉玛 布拉玛 萨姆布拉玛雅 萨姆布拉玛雅 萨尔瓦 布达 尼 库达 库达 萨姆库达雅 萨姆库达雅 萨尔瓦 夏 特鲁姆 纳纳 嘎达 嘎达 萨姆嘎达雅 萨姆嘎达雅 阿穆卡姆 玛拉雅 帕特,接以铁粉、铜粉、石粉,诵〔梵文 oṃ sarva vidyā vajra vajra | spho ṭa vajra vajra | kaṭa vajra vajra | maṭa vajra vajra | matha vajra vajra | aṭṭahāsa nīla vajra suvajrāya svāhā · 藏文 ཨོཾ་སརྦྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། · 中文 嗡 萨尔瓦 维德雅 瓦吉拉 瓦吉拉 斯波 达 瓦吉拉 瓦吉拉 卡达 瓦吉拉 瓦吉拉 玛达 瓦吉拉 瓦吉拉 玛塔 瓦吉拉 瓦吉拉 阿特达哈萨 尼拉 瓦吉拉 苏瓦吉拉雅 斯瓦哈〕;继用十忿怒尊之橛作仪。诸咒为梵文 he phu lu ni ru phu lu gṛhṇa ku lu mi li cu lu ku ru ku lu vajra vi jā ya kīli kīlāya svāhā | kaṭa kaṭa maṭa maṭa | raṭa raṭa | mo ṭa na pra mo ṭa nā ya | vajra kīli kīlāya svāhā | cara nicara | hara hara | sara sara | māraya vajra kīli kīlāya svāhā | cchinda cchinda mahā kīli kīlāya svāhā | bhinda bhinda mahā kīli kīlāya svāhā | bandha bandha kīli kīlāya svāhā | krodha krodha kīli kīlāya svāhā | curu curu caṇḍa kīli kīlāya svāhā | hara hara vajra dharāya svāhā | trāsaya trāsaya vajra kīli kīlāya svāhā | prahara prahara | vajra pra bhañjanā ya trāsaya trāsaya vajra kīli kīlāya svāhā藏文 ཧེ་ཕུ་ལུ་ནི་རུ་ཕུ་ལུ་གྲྀཧྞ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་བི་ཛཱ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ་མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།ཙྪིནྡ་ཙྪིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྷིནྡ་བྷིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫནཱ་ཡ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ།中文 黑 普 卢 尼 鲁 普 卢 格里赫纳 库 卢 米 利 居 卢 库 鲁 库 卢 瓦吉拉 维 扎 雅 基利 基拉雅 斯瓦哈 卡达 卡达 玛达 玛达 拉达 拉达 莫 达 纳 普拉 莫 达 纳 雅 瓦吉拉 基利 基拉雅 斯瓦哈 加拉 尼加拉 哈拉 哈拉 萨拉 萨拉 玛拉雅 瓦吉拉 基利 基拉雅 斯瓦哈 加奇恩达 加奇恩达 玛哈 基利 基拉雅 斯瓦哈 比恩达 比恩达 玛哈 基利 基拉雅 斯瓦哈 巴恩达 巴恩达 基利 基拉雅 斯瓦哈 克罗达 克罗达 基利 基拉雅 斯瓦哈 居鲁 居鲁 加恩达 基利 基拉雅 斯瓦哈 哈拉 哈拉 瓦吉拉 达拉雅 斯瓦哈 特拉萨雅 特拉萨雅 瓦吉拉 基利 基拉雅 斯瓦哈 普拉哈拉 普拉哈拉 瓦吉拉 普拉 巴尼扎纳 雅 特拉萨雅 特拉萨雅 瓦吉拉 基利 基拉雅 斯瓦哈。作食子献之。继作猛护摩,作一肘三层三角炉,以尸林炭涂,中央绘黑杵。

སོགས་པ་གོང་དུ་བསྟན་པའི་རྫས་ནི་བསྲེག་རྫས་སོ། །དེ་ནས་བདག་ཉིད་ཁྲོ་བོ་གཏུམ་པོ་ཁྲོས་པའི་སྐུར་བསྒོམ་མོ། །མདུན་དུ་མེ་ཐབ་ནག་པོའི་ནང་དུ། འཁོར་ལོའི་སྟེང་དུ་ལྷ་བཅོ་ལྔ་པོ་སོ་སོར་མེ་དཔུང་དང་བཅས་པ་བསྐྱེད་ལ། ཐུགས་ཀར་རཾ་བསམས་ལ་བསྲེག་པར་བྱ་བ་ནི། མཱ་ར་ཡ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མྱོས་སུ་གཞུག་པ་ནི། སྤྲུལ་པའི་ཁྲོ་བོས་བྱས་ལ་སྔགས་འདིས་བསྲེག་གོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ནས་སཾ་གྷ་ཊའི་བར་དང་། སརྦྦ་ཤ་ཏྲཱུཾ་ཧཱུཾ། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པས་བསྲེག་རྫས་དབུལ་བར་བྱའོ། །ཡང་སྙིང་སྔགས་ལ་མཱ་ར་ཡ་བཏགས་པས་བསྲེག་པར་བྱའོ། །ཕྲིན་ལས་རྣམ་པ་བཞིའི་སྔགས་ཀྱིས་ཡུངས་ཀར་ལ་སོགས་པ་བསྲེག་པར་བྱའོ། །ཡང་སྙིང་གིས་ནི་བྱེ་མ་རྣམས་ཀྱིས་གདབ་པར་བྱའོ། །ཡམ་ཤིང་ནི་གདུག་པའི་ཤིང་ལ་བྱ་སྟེ། ཁྲོ་བོའི་སྔགས་ཀྱིས་བསྲེག་པར་བྱའོ། །དེ་ལྟར་ཕུལ་ནས་གཏོར་མ་གཏང་སྟེ། ཐལ་བས་མནན་པར་བྱའོ། །དེ་ལྟར་སྦྱིན་སྲེག་རྫོགས་ནས་མནན་པར་བྱའོ། །ནག་པོའི་ཐོད་པར་ཆེ་གེ་མོའི་གཟུགས་གཅེར་བུ་དབྱངས་ཡིག་དང་། གསལ་བྱེད་ཕྱིན་ཅི་ལོག་གིས་གནས་བརྒྱད་དུ་ཛཿབརྒྱད་ཀྱིས་བསྐོར་བའི་གཟུགས། མི་གཙང་བའི་སྐུད་པས་བྱད་དུ་བཅུག་ལ་ཐོད་པར་གཞུག་གོ །ཕུར་བུ་བཅུས་གདབ་པར་བྱའོ། །ཐུན་ལ་སོགས་པས་གདབ་པར་བྱའོ། །དེ་ལྟར་བྱས་ནས་མཆོད་རྟེན་ཀུན་ནས་ཟླུམ་པའམ། ཁྲུ་གསུམ་གང་ཡང་རུང་བ་སུམ་བརྩེགས་བྱས་ལ། འོག་རྣམས་ལ་རྡོ་རྗེ་གསུམ་བྲི་བར་བྱའོ། །བུམ་པའི་ནང་དུ་སངས་རྒྱས་གང་གཱའི་ཀླུང་གི་བྱིན་གྱིས་བརླབས་པའི་སྔགས་དང་།

用前列骨粉、白黑芥及盐等作烧供物。观自为极猛忿怒身,前方黑火炉轮上生十五尊,各具火聚,心间观 〔梵文 raṃ · 藏文 རཾ · 中文 让〕。化现忿怒尊作召入、摄入、缚、令醉等事。持礼三宝至 〔梵文 saṃghaṭa · 藏文 སཾ་གྷ་ཊ · 中文 萨姆嘎达〕 诸句,再接〔梵文 sarva śa trūṃ hūṃ | amukaṃ māraya phaṭ · 藏文 སརྦྦ་ཤ་ཏྲཱུཾ་ཧཱུཾ། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ · 中文 萨尔瓦 夏 特鲁姆 吽 阿穆卡姆 玛拉雅 帕特〕,献供物。在近心咒加 〔梵文 māraya · 藏文 མཱ་ར་ཡ · 中文 玛拉雅〕 而烧供,以四事业咒烧白芥等,用近心咒散沙。供木用烈性木,诵忿怒咒而烧。供毕施食子,以灰镇压。护摩圆满,再作镇压。黑髑髅中放某人裸像,形像上倒书元音、辅音,八处各绕 〔梵文 jaḥ · 藏文 ཛཿ · 中文 扎〕,以不净线缚入器,以十橛及仪物等行仪。继作周圆或三肘、三层之塔,下面绘三杵。

ཡང་སྙིང་འཁོར་ལོ་རྩིབས་བཞི་པ་ལ་བྲིས་པ་གཞུག་གོ། །རབ་ཏུ་གནས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱ་བ་ནི། བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག །སྦྲུལ་གསུམ་གྱིས་བརྒྱན་ཅིང་རྡོ་རྗེ་དྲིལ་བུ་བསྣམས་པ། ཤིན་ཏུ་ཁྲོ་བ་ཅིག་བསྒོམས་ལ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་བསྒོམས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ལ་སོགས་པ་བྱས་ལ་བསྒོམ་པ་ནི། ཨོཾ་ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཞེས་འབུམ་མམ་ས་ཡ་བཟླས་པར་བྱའོ། །དེ་ལྟར་རྫོགས་ནས་རབ་ཏུ་གནས་པར་བྱ་བ་ནི། མཎྜལ་སྔོན་པོར་མེ་ཏོག་སྔོན་པོ་གཅལ་དུ་བཀྲམ་སྟེ། པཱུ་ཛ་ཅི་འབྱོར་པ་ཡང་བཤམས་ལ། སྐུའི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་ནས་བསྒྲུབ་པར་བྱའོ། །དེ་ལྟར་རྫོགས་ནས་མཆོད་རྟེན་ཧཱུཾ་ནག་པོ་ལས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་མཆོད་རྟེན་འཁོར་ལོ་སུམ་བརྩེགས་པའི་རྣམ་པ་ཅན་

瓶腹中置佛之恒河加持咒及写于四辐轮的近心咒。为作安住〔开光〕先近修:自观深蓝黑摧破金刚,三蛇庄严,持杵铃,极忿怒,心日上吽。迎请智慧萨埵等,诵〔梵文 oṃ namaḥ caṇḍa vajrapāṇaye | mahā yakṣa senāpataye hūṃ · 藏文 ཨོཾ་ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ · 中文 嗡 纳玛赫 加恩达 瓦吉拉巴纳耶 玛哈 雅克沙 塞纳巴达耶 吽〕十万或百万遍。近修满,作安住。蓝坛上遍散蓝花,随力陈供,依身坛城等修。然后由黑吽在十字杵上生三重轮形塔。

བསྐྱེད་ལ། འཁོར་ལོ་དང་པོ་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཁྲོ་བོ་བཞི་དང་བཅས་པ། བར་དུ་ཧཱུྃ་ཀ་ར་ལ་ཕྱོགས་ཀྱི་ཁྲོ་བོ་བཞི། འོག་གི་སྟོབས་པོ་ཆེ་ལ་མཚམས་ཀྱི་ཁྲོ་བོ་བཞི་སྟེ། ལྷ་བཅོ་ལྔའི་རྣམ་པར་བསམ་པའོ། །དེ་ནས་བདག་ཉིད་རྡོ་རྗེ་གཏུམ་པོར་བསམས་ལ།དེས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་བསྟིམས་པ་ལ་སོགས་པ་བྱའོ། །འཁོར་ལོའི་རྩིབས་རྣམས་ལ་དེ་བསྒོམས་ནས། སྐུའི་གསང་སྔགས་ཕྲིན་ལས་བཞི་དང་། དེ་ལས་སྣ་ཚོགས་ཏེ་སྤྲུལ་པའི་ལས་བྱའོ། །ཐུགས་ཀྱི་སྔགས་ནི་སྐུ་གདུང་བྱིན་གྱིས་བརླབ་པའི་ཆེད་དུ་བཟླས་སོ། །གསུང་གི་སྔགས་ནི་བདག་ཉིད་དོ། །དེ་ལྟར་དང་པོ་གཅད་མནན་བཟློག་པའི་ལས་བྱའོ། །ཐོད་པ་དང་བཅས་པ་མནན་ཅིང་བསྐོར་བར་བྱའོ། །དམ་པའི་གདམས་ངག་ལ་བརྟེན་ནས། །རྒྱུད་དོན་ཟབ་མོའི་ལམ་འདི་སྦྱར། །ཉེས་པ་ཁྱེད་ལ་བཟོད་པར་འབུལ། །འདི་བརྩམས་སེམས་ཅན་བདེ་ཐོབ་ཤོག །རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་ས་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།

第一轮为摧破金刚与四忿怒尊,中为吽迦罗及四方忿怒尊,下为大力及四隅忿怒尊,观作十五尊。自观忿怒金刚,由他迎请智慧萨埵、融入等。在各辐观诸尊,以身密咒作四业,及由此而出的种种化业。诵意咒为加持舍利,语咒则属自身。如此先作截断、镇压、回遮之业,连髑髅器一并压住而绕行。“依圣口诀集此深续义之道,若有过,请您宽恕。愿因撰此令有情得安乐!”大阿阇梨、得成就者萨瓦日巴造《摧破金刚成就法》完。尼泊尔班智达 Devapūrṇamati 与比丘译师法贤译。